མེ་ལྕེའི་རླུང་འཚུབ།

མེ་ལྕེའི་རླུང་འཚུབ་ལ་མེ་བདུད་དང་མེ་འཁྱིལ་ཡང་ཟེར་ཞིང་། དེ་ནི་མེ་སྐྱོན་འབྱུང་བའི་སྐབས་སུ་མཁའ་དབུགས་ཀྱི་དྲོད་ཚད་དང་ཚ་ཤུགས་མཐོ་རུ་ཕྱིན་པ་ཡིས། མེ་ལྕེ་ནི་གྱེན་དུ་འཕྱུར་བའི་མེ་འཁྱིལ་དུ་གྲུབ་ཅིང་། རླུང་འཁྱིལ་བཞིན་དུ་བར་སྣང་ཡངས་པའི་ཁམས་སུ་ཟུག་པའི་རང་བྱུང་གི་སྣང་ཚུལ་རིགས་ཤིག་ཡིན། དེ་ཡང་མེ་འཁྱིལ་ནི་མང་ཆེ་བ་སྡོང་ཐུང་རིགས་ཀྱི་ནགས་ཚལ་དུ་འབྱུང་བ་ཡིན་ཞིང་། མེ་ལྕེའི་མཐོ་ཚད་ནི་དབྱིན་ཁྲེ30-200བར་ཡིན་ལ། མེ་ལྕེ་འཕྱུར་བའི་དུས་ཡུན་ལ་ཚད་བཀག་ཡོད་པར་མ་ཟད། སྤྱིར་བཏང་དུ་དུས་ཡུན་ཆུ་ཚོད་སྐར་མ་འགར་མ་གཏོགས་མེད་མོད། འོན་ཀྱང་རླུང་ཤུགས་ཧ་ཅང་ཆེན་པོ་ཡིན་ན། དུས་ཡུན་ཤིན་ཏུ་རིང་བོ་ཞིག་ལ་འཕྱུར་ནས་འདུག་པ་ཡིན།

རིགས་དབྱེ།  

རླབས་དམར།

རླབས་དམར་ནི་ཁོར་ཡུག་གི་ཆ་རྐྱེན་ངེས་གཏན་འོག་རྒྱ་མཚོའི་ནང་གི་སྐྱེ་དངོས་དང་སྲོག་ཆགས་རིགས་མང་བོ་མཉམ་དུ་འདུས་སྡོད་བྱས་པའམ། མང་དུ་འཕེལ་བ་ཡིས་ཆུའི་ཁ་དོག་བསྒྱུར་བའི་སྐྱེ་ཁམས་སྣང་ཚུལ་རིགས་ཤིག་ཡིན་ལ། རླབས་དམར་ཞེས་པ་ནི་ངེས་པར་དུ་རླབས་དམར་པོ་ལ་གོ་བ་མ་ཡིན་ཞིང་། དེ་ལ་ཡང་ཁམ་མདོག་དང་ལྗང་གུ་སོགས་རིགས་མང་བོ་ཡོད་པ་ཡིན།

རིགས་དབྱེ།  

གངས་གནོད།

གངས་གནོད་ནི་དུས་ཡུན་རིང་བོར་ཁ་བའི་འབབ་ཚད་མང་བས་གཞི་རྒྱ་ཆེན་པོར་གངས་གནོད་བྱུང་བའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན།

རིགས་དབྱེ།  

གངས་ཉིལ།

གངས་གསོག་པའི་རི་མགོ་རུ་གངས་གསོག་ནང་ཁུལ་གྱི་གོང་བུ་འགྲིལ་ཤུགས་ཀྱིས་བཀག་འགོག་བྱེད་མི་ཐུབ་པའི་སྐབས་སུ་དེའི་ཐེག་པའི་ས་སྙིང་གི་འཐེན་ཤུགས་ཀྱིས་འཐེན་བཟོ་བྱེད་པའི་སྐབས་སུ་མར་ཉིལ་ནས་གངས་ཞོགས་བྱུང་བ་ཡིན།

རིགས་དབྱེ།  

གངས་ཞུ་ཆུ་ལོག

གངས་ཞུ་ཆུ་ལོག་ནི་གངས་ཞུ་ནས་ཆུ་ལོག་བྱུང་བ་ལ་ཟེར།

རིགས་དབྱེ།  

གཏེར་རི་ས་ཡོམ།

གཏེར་རི་སྔོག་འདོན་བྱས་ནས་ས་ཡོམ་སློང་བར་བྱེད་པ་ལ་གཏེར་རི་ས་ཡོམ་ཟེར།

རིགས་དབྱེ།  

གནམ་གཤིས་གནོད་འཚེ།

གནམ་གཤིས་གནོད་འཚེ་ནི་རླུང་ཁམས་ཆེན་མོས་མིའི་རིགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་སོགས་ལ་ཐད་ཀར་རམ་གཞན་བརྒྱུད་ཀྱིས་སློང་བའི་གྱོང་གུན་ལ་ཟེར།

རིགས་དབྱེ།  

གནོད་འཚེ་རང་བཞིན་གྱི་མཚོ་རླབས།

མཚོ་ངོས་སུ་སློང་བའི་གནོད་འཚེའི་རང་བཞིན་གྱི་རྒྱ་མཚོའི་རླབས་ཕྲེང་ལ་གནོད་འཚེ་རང་བཞིན་གྱི་མཚོ་རླབས་ཟེར།

རིགས་དབྱེ།  

གས་རྡིབ།

གས་རྡིབ་ནི་ཅུང་གཡང་གཟར་ཡིན་པའི་བྲག་རིའི་སྟེང་གི་བྲག་རྡོ་དང་ས་རྡུལ། རྦབ་རྡོ་སོགས་ས་སྙིང་འཐེན་ཤུགས་ཀྱི་ནུས་པའི་འོག་གློ་བུར་དུ་མ་གཞི་དང་ཁ་བྲལ་ནས་མར་རྡིབ་པའི་ས་གཤིས་ཀྱི་སྣང་ཚུལ་ཤིག་ཡིན།

རིགས་དབྱེ།  

གྲང་གནོད།

གྲང་གནོད་ནི་ཞིང་ལས་གནམ་གཤིས་གནོད་འཚེ་ཞིག་ཡིན། ལོ་ཏོག་སྐྱེས་པའི་དུས་ཚིགས་ཀྱི་ནང་དུ། དྲོད་ཚད་མར་བབས་ནས་ལོ་ཏོག་སྐྱེས་མི་ཐུབ་པའི་གནས་ཚུལ་ལ་ཟེར།

རིགས་དབྱེ།  

གྲང་རླབས།

གྲང་རླབས་ནི་དགུན་དུས་སུ་འབྱུང་བའི་གནོད་འཚེ་རང་བཞིན་གྱི་གནམ་གཤིས་ཤིག་ཡིན། མི་རྣམས་ཀྱིས་གྲང་རླབས་ལ་གྲང་རྒྱུན་ཞེས་འབོད་པ་རེད།

རིགས་དབྱེ།  

གློག་འཁྱུག་ནག་པོ།

གློག་འཁྱུག་ནག་པོ་ནི་འདུས་རྡུལ་རླུང་ཞུན་མ་དང་མཉམ་དུ་འཛོམས་ནས་བྱུང་བ་དང་དེ་དག་ནི་གློག་ཡོད་པའི་དངོས་པོ་དག་ཡིན་པས། ཉེན་ཁ་ཧ་ཅང་ཆེ་བ་ཡིན།

རིགས་དབྱེ།  

ཆར་སྐྱུར།

ཆར་སྐྱུར་ནིPh5.6དང་བསྡུར་ན་ཆུང་བའི་ཆར་དང་ཁ་བ། ཡང་ན་དེ་ལས་གཞན་པའི་ཆར་ཆུ་འབབ་པ་ལ་ཟེར།

རིགས་དབྱེ།  

ཆར་འཁྱགས།

ཆར་འཁྱགས་ཀྱི་འཁྱགས་པའི་གོང་བུ་གཞན་པའི་རྣམ་པ་ཡིས་འཁྱགས་པའི་གོང་བུ་དང་བསྡུར་ན་སྲ་བརྟན་ཡིན་པ་དང་། གསལ་པོ་ཡིན་པ། འདུས་ཚད་ཆེ་བ།(ལི་སྨི་རིང་སུམ་སྒྱུར་གཅིག་ལ་ཁེ0.85ཡོད)ཆར་འཁྱགས་དང་འདྲ་མཚུངས་ཡིན་པའི་སྨུག་བད་ཀྱི་འདུས་ཚད་ལི་སྨི་རང་སུམ་སྒྱུར་གཅིག་ལ་ཁེ0.25ལས་མེད། ཆར་འཁྱགས་ཀྱི་གྲུབ་ཚུལ་ཧ་ཅང་གསལ་པོ་ཡིན་པ་དང་དབྱེ་བ་བགར་སླ་བ། ངོས་སྤྱིར་བཏང་གི་འཇམ་པོ་ཡིན་པ། དེས་ཆུ་ངོས་སུ་བྱུང་བ་དང་དྲང་འཕྱང་ངོས་སུའང་བྱུང་བ། རླུང་གི་ཁ་ཕྱོགས་དང་འབྲེལ་བ་ཆེན་པོ་ཡོད།

རིགས་དབྱེ།  

ཆར་རླུང་དྲག་པོ།

ཆར་རླུང་དྲག་པོ་ནི་གནམ་གཤིས་མ་ལག་ས་མཚམས་བརྒལ་བསྐྱོད་བྱེད་པའི་སྐབས་སུ་མངོན་པའི་གནམ་གཤིས་བརྒྱུད་རིམ་ཞིག་ཡིན།

རིགས་དབྱེ།  

ཐོག་ཆར།

ཐོག་ཆར་ཡོང་བའི་སྐབས་སུ་རྒྱུན་དུ་རླུང་ཆེན་པོ་གཡུགས་པ་དང་དྲག་ཆར་འབབ་པ་སོགས་ཀྱི་གནམ་གཤིས་གནས་ཚུལ་ཡོད་པ་དེ་ལ་ཟེར།

རིགས་དབྱེ།  

ཆུ་མཛོད་ས་ཡོམ།

སྔོན་ཆད་མེད་པ་དང་ཡང་ན་ས་ཡོམ་བྱུང་བ་ཉུང་བའི་ས་ཁུལ་དུ་ཆུ་མཛོད་ཀྱི་ཆུ་གསོག་པས་སློང་བའི་ས་ཡོམ་ལ་ཆུ་མཛོད་ས་ཡོམ་ཟེར།

རིགས་དབྱེ།  

ཆུའི་འཇིགས་པ།

ཆུའི་འཇིགས་པ་ནི་ཧ་ཅང་ཆེ་བའི་དྲག་ཆར་དང་མཚོ་རྒྱུད་ས་ཁུལ་གྱི་རྦ་རླབས་མཐོན་པོ་སོགས་ཀྱིས་སློང་བའི་ས་ཁུལ་གྱི་མི་དང་། སྡོད་ཁང་། ཞིང་ས། བཟོ་གྲྭ་སོགས་ལ་གནོད་སྐྱོན་བྱུང་བ་ལ་ཟེར།

རིགས་དབྱེ།  

ཆུ་ལོག

ཆུ་ལོག་ནི་དྲག་ཆར་དང་གངས་སོགས་ཞུ་བ། རླུང་ཆེན་པོ་གཡུགས་ནས་རྦ་རླབས་འཕྱུར་བ་སོགས་རང་བྱུང་གི་རྒྱུ་རྐྱེན་གྱིས་སློང་བའི་ཆུ་བོ་གློ་བུར་དུ་བྲུག་པའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན།

རིགས་དབྱེ།  

ཆུའི་འབགས་བསླད།

ཆུའི་འབགས་བསླད་ནི་གནོད་བྱེད་རྫས་འགྱུར་དངོས་རྫས་ཀྱིས་ཆུའི་བཀོལ་སྤྱོད་རིན་ཐང་ཇེ་དམའ་རུ་གཏོང་བའམ་ཡང་ན་མེད་པར་བཟོ་བ། ཁོར་ཡུག་འབགས་བཙོག་བྱས་པའི་ཆུ་ལ་གོ།

རིགས་དབྱེ།  

ཆུའི་རླུང་འཚུབ།

ཆུའི་རླུང་འཚུབ་ནི་མཚམས་རེར་ཆུ་ངོས་ནས་བར་སྣང་དུ་འགྲོ་བའི་རླུང་འཚུབ་ཅིག་ཡིན། དོན་དངོས་སུ་དེ་ནི་མཚོ་འཁོར་ཞིག་རེད།

རིགས་དབྱེ།  

ཐད་ཕོག་ཐོག

ཐད་ཕོག་ཐོག་ནི་གློག་ཡོད་པའི་སྤྲིན་རིམ་དང་ས་ངོས་ཀྱི་ས་གནས་ཤིག་གི་བར་དུ་བྱུང་བའི་ཤུགས་ཆེ་བའི་གློག་གཏོང་སྣང་ཚུལ་ཞིག་ཡིན།

རིགས་དབྱེ།  

ཐན་པ།

ཐན་པ་ནི་ཚྭ་མེད་ཆུ་ཧ་ཅང་ཉུང་བར་གྱུར་ནས་མིའི་རིགས་ཀྱི་འཚོ་བ་དང་དཔལ་འབྱོར་འཕེལ་རྒྱས་ལ་འདོན་སྤྲོད་བྱེད་མི་ཐུབ་པའི་གནམ་གཤིས་ཀྱི་རིགས་ཤིག་ཡིན།

རིགས་དབྱེ།  

དབྱར་ཐན།

དབྱར་ཐན་ནི་རང་རྒྱལ་གྱི་འབྲི་ཆུའི་འབབ་རྒྱུད་དང་འབྲི་ཆུའི་ལྷོ་རྒྱུད་ས་ཁུལ་དུ་དབྱར་ཁར་ཟླ་བདུན་པ་དང་བརྒྱད་པའི་བར་གྱི་ཆར་འབབ་ཚད་ཧ་ཅུང་ཉུང་བའི་སྣང་ཚུལ་ཞིག་ཡིན།

རིགས་དབྱེ།  

དར་ཆགས་པ།

དར་ཆགས་པ་ནི་གནམ་གཤིས་སྣང་ཚུལ་ཞིག་ཡིན།

རིགས་དབྱེ།  

དལ་ལྡིར་འབྲུག་སྒྲ།

དལ་ལྡིར་འབྲུག་སྒྲ་ནི་སྐད་གདངས་ཧ་ཅང་དམའ་ལ་མི་གསལ་བའི་ཐོག་ལ་ཟེར།

རིགས་དབྱེ།  

དྲག་ཆར།

དྲག་ཆར་ནི་ཆར་འབབ་པའི་དྲག་ཚད་ཧ་ཅང་ཆེ་བའི་ཆར་ལ་ཟེར།

རིགས་དབྱེ།  

ནགས་མེ།

ནགས་མེ་ནི་མིའི་རིགས་ཀྱིས་དབང་དུ་བསྒྱུར་བའི་ནུས་པ་ཟད་པ་དང་ནགས་ཚལ་ནང་དུ་རང་བྱུང་གིས་བྱུང་བ་དང་རྒྱ་བསྐྱེད་པ། ནགས་ཚལ་དང་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་གིས་མིའི་རིགས་ལ་བཟོས་པའི་གནོད་པ་ཆེན་པོ་དང་གྱོང་གུན་ཆེན་པོ་བྱུང་བའི་གནོད་འཚེའི་རིགས་ཤིག་ཡིན།

རིགས་དབྱེ།  

བད།

ཁ་དབུགས་ཁྲོད་ཀྱི་ཆུ་རླངས་གནས་སྤོར་བྱེད་པ་དང་སྤྲིན་གྱི་ཐིགས་པ་རླངས་འགྱུར་བྱེད་པ་དེ་ཡིན།

རིགས་དབྱེ།  

བྱེ་ཐང་ཅན།

བྱེ་ཐང་ཅན་གྱི་གོ་དོན་ལ་སྒྲ་དོག་འཇུག་དང་སྒྲ་ཡངས་འཇུག་གི་གོ་དོན་གཉིས་ཡོད་པ་ལས། སྒྲ་དོག་འཇུག་གི་གོ་དོན་ནི་ཐན་པ་ཆེ་བ་དང་ཐན་པ་ཕྱེད་ཀ་ཙམ། ཅུང་བཞའ་རློམ་ལྡན་པའི་ས་ཁུལ་གྱི་ས་ངོས་ཀྱི་ཆ་རྐྱེན་འོག་ཏུ། རང་བྱུང་གི་རྒྱུ་རྐྱེན་དང་ཡང་ན་མིའི་རིགས་འགུལ་སྐྱོད་ཀྱི་ཤུགས་རྐྱེན་ཐེབས་པས་རང་བྱུང་གི་སྐྱེ་ཁམས་མ་ལག་གཉོམ་པོར་ཆ་སྙོམས་ཀྱིས་གཏོར་བརླག་བྱས་ཏེ་བྱེ་རླུང་འགུལ་སྐྱོད་གཙོ་བོ་ཡིན་པའི་མཚོན་རྟགས་མངོན་པར་མ་ཟད། རླུང་གིས་དལ་གྱིས་ཟད་པའི་ས་རྒྱུ་ཞན་འགྱུར་དུ་གྱུར་བའི་བརྒྱུད་རིམ་ཞིག་ཀྱང་མངོན་པ་རེད། སྒྲ་ཡངས་འཇུག་གི་གོ་དོན་ནི་མིའི་རིགས་ཀྱིས་འགུལ་སྐྱོད་དང་རང་བྱུང་གི་རྒྱུ་རྐྱེན་གཉིས་འབྲེལ་བའི་རྐྱེན་གྱིས་ཐན་པ་དང་ཐན་པ་ཕྱེད་ཙམ། ད་དུང་བཞའ་རློན་ཕྱེད་ཙམ་ཡིན་པའི་ས་ཁུལ་གྱི་རང་བྱུང་ཁོར་ཡུག་ཞན་འགྱུར་དུ་གྱུར་བའི་སྤྱིའི་བརྒྱུད་རིམ་ཞིག་ཡིན།

རིགས་དབྱེ།