ཚི་སྣའི་རྒྱུ།

ཚི་སྣའི་རྒྱུ་ནི་རང་བྱུང་དང་སྐྱེ་བཅས་ཀྱི་མངོན་མཐོའི་ཆ་རྡུལ་གྱི་འདྲེས་སྦྱོར་རྫས་ཤིག་ཡིན་པ་དང་། དེའི་ཆ་རྡུལ་གྱི་སྤྱི་འགྲོས་ནི(C6H10O5)nཡིན་ལ་ཧྭགས་མང་ཅན་ཡིན།

རིགས་དབྱེ།  

ཧྭགས་རིགས།

ཧྭགས་རིགས་ཀྱི་ཆ་རྡུལ་ཐམས་ཅད་ནིCགཞི་རྒྱུ་དངHགཞི་རྒྱུ། Oགཞི་རྒྱུ་གསུམ་གྱིས་གྲུབ་པ་ཡིན། ཧྭགས་རིགས་ཆ་རྡུལ་མང་ཆེ་བའི་ཆིང་མ་རྡུལ་དང་དབྱང་མ་རྡུལ་གྱི་སྡུར་ཚད་ནི་2སྡུར1ཡིན་པས། ཆུའི་ཆ་རྡུལ་དང་འདྲ། སྐྱེ་བཅས་འདྲེས་གྲུབ་དངོས་རྫས་ཤིག་ཡིན་ལ་ཐཱན་ཆུ་འདྲེས་འགྱུར་རྫས་ཀྱང་ཟེར།

རིགས་དབྱེ།  

ཕྲ་ཕུང་།

ཕྲ་ཕུང་ནི་སྐྱེ་དངོས་ཀྱི་ལུས་དང་བྱེད་ལས་ཀྱི་གཞི་རྩའི་ཚན་པ་ཡིན། ཕྲ་ཕུང་གི་བཟོ་ལྟ་ནི་སྒོར་མོ་དང་། ནར་མོ། གཟེ་མ། ཟུར་མང་། ཟླུམ་པོ། ལེབ་མོ། མདོངས་དབྱིབས་སོགས་སྣ་ཚོགས་ཡོད་པ་དང་། ཆེ་ཆུང་ལ་སྨི་ཕྲ་རབ10ཅན་ནས་ལི་སྨི55ཅན་བར་དུ་མི་འདྲ་བ་མང་པོ་ཡོད།

རིགས་དབྱེ།  

ཉིང་སྐྱུར།

ཉིང་སྐྱུར་ནི་ཕྲ་ཕུང་དུ་རྒྱུད་འདེད་ཆ་འཕྲིན་འཁྱེར་བའི་དངོས་རྫས་ཤིག་ཡིན་ལ། དེས་སྐྱེ་དངོས་གཟུགས་ཀྱི་རྒྱུད་འདེད་དང་གཞན་འགྱུར། སྤྲི་དཀར་རྫས་ཀྱི་སྐྱེ་དངོས་འདྲེས་གྲུབ་ལ་བྱེད་ནུས་གལ་ཆེན་ཐོན་གྱི་ཡོད།

རིགས་དབྱེ།  

ཚོས་གཟུགས།

ཚོས་གཟུགས་ནི་ཕྲ་ཕུང་རྒྱུའི་ནང་གི་དབྱང་བྲལ་ཉིང་ཧྭགས་ཉིང་སྐྱུརDNAདང་། སྤྲི་དཀར་དང་ཉིང་ཧྭགས་ཉིང་སྐྱུརRNAབཅས་ཀྱིས་གྲུབ་པའི་རང་གིས་རང་ཉིད་བསྐྱར་སྐྱེད་བྱེད་ཐུབ་པའི་སྐུད་གཟུགས་ཕུང་པོ་ཞིག་ཡིན།

རིགས་དབྱེ།  

འབུ་ཕྲ།

འབུ་ཕྲ་ནི་སྐྱེ་དངོས་ཀྱི་ཁམས་སུ་རྒྱ་ཁྱབ་ཏུ་གནས་པའི་ཕྲ་ཕུང་རྐྱང་མའི་གདོད་སྙིང་སྐྱེ་དངོས་ཡིན། ས་རྒྱུ་དང་། མཁའ་དབུགས། ཆུ་བཅས་སུ་འབུ་ཕྲས་མ་ཁྱབ་ས་མེད་པ་དང་། རྩི་ཤིང་དང་སྲོག་ཆགས་སྣ་ཚོགས་ཀྱི་ལུས་པོའི་ཕྱི་ནང་ཀུན་ཏུ་ཡང་འབུ་ཕྲ་མཉམ་སྐྱེས་དང་། གཞན་རྟེན་ནམ་ཟུར་རྟེན་གྱིས་སྐྱེས་ཡོད།

རིགས་དབྱེ།  

འཚོ་རྒྱུ།

འཚོ་རྒྱུ་ནི་མི་དང་སྲོག་ཆགས་ཀྱི་རྒྱུན་ལྡན་གྱི་སྐྱེ་ཁམས་ནུས་པ་སྲུང་འཛིན་རྒྱུན་འཁྱོངས་བྱེད་ཆེད། ངེས་པར་དུ་བཟའ་བཅའ་ལས་ལེན་དགོས་པའི་ཕྲན་ཚན་སྐྱེ་ལྡན་དངོས་པོའི་གྲས་ཤིག་ཡིན། མིའི་ལུས་ཕུང་གི་སྐྱེ་འཚར་དང་རྙིང་ཚབ་གསར་བརྗེ། འཚར་སྐྱེའི་གོ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་གྱི་ཡོད།

རིགས་དབྱེ།  

རྒྱུད་འདེད།

བུས་ཕ་མའི་རྒྱུད་འདེད་པ་ལྟར་སྐྱེ་དངོས་ཀྱི་མ་རྒྱུད་ཀྱིས་རང་ཉིད་དང་འདྲ་མཚུངས་ཀྱི་ཕྱི་རབས་པ་བསྐྱེད་པའི་གོ་རིམ་དེ་ལ་རྒྱུད་འདེད་ཟེར།

རིགས་དབྱེ།  

སྐྱེ་དངོས་ཕྲ་རབ།

སྐྱེ་དངོས་ཕྲ་རབ་ཟེར་བ་ནི་སྐྱེ་དངོས་ཕྲ་མོ་སྣ་ཚོགས་ལ་ཟེར་ཏེ་གཟུགས་ཤིན་ཏུ་ཆུང་བས་ཆེ་ཤེལ་ལ་བརྟེན་ན་གཞི་ནས་མཐོང་ཐུབ། དེ་ཉིད་སྐྱེ་འཚར་དང་སྐྱེ་འཕེལ་མགྱོགས་པོ་ཡོད་པས་རང་བྱུང་ཁམས་སུ་རིགས་སྣ་དང་གྲངས་འབོར་ཤིན་ཏུ་མང་བ་རེད།

རིགས་དབྱེ།  

སྤྲི་དཀར་རྫས།

སྤྲི་དཀར་རྫས་ནི་མིའི་ལུས་ཕུང་གྲུབ་བྱེད་དང་ཕྲ་ཕུང་ཡོངས་ཀྱི་གྲུབ་ཆ་གཙོ་བོ་ཡིན། སྐྱེ་ལྡན་ཕུང་པོ་ཡོད་ཚད་ཀྱི་གྲུབ་ཆར་སྤྲི་དཀར་རྫས་དགོས་པ་ཡིན། སྤྱིར་བཏང་དུ་སྤྲི་དཀར་རྫས་ཀྱིས་མིའི་ལུས་ཕུང་ཡོངས་རྫོགས་སྤུས་ཚད་ཀྱི18%ཟིན། ཆེས་གཙོ་བོ་ནི་སྤྲི་དཀར་རྫས་དེ་ཚེ་སྲོག་དང་འབྲེལ་བ་ཆེན་པོ་ཡོད།

རིགས་དབྱེ།