ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྐྱེ་དངོས། >ལོ་ཏོག

པད་ཁ།

པད་ཁ་ནི་འབྲུ་རིགས་ཡིན་ཏེ་ང་ཚོའི་དུས་རྒྱུན་བཟའ་བའི་སྣུམ་གྱི་རྒྱུ་ཆ་ཡིན། པད་དཀར་རིགས་ཀྱི་འབྲས་བུ་ཡོངས་སྣུམ་བཙུར་ཆོག རིགས་གསུམ་ཡོད་པ་ནི་ཡུངས་དཀར་དང་སྐེ་ཚེ། ལོག་དཀར་གསུམ་ཡིན། ཆེས་ཐོག་མའི་རྒྱུ་ཐོན་ས་ནི་རང་རྒྱལ་ཡིན།

རིགས་དབྱེ།  

རྒྱ་སྲན།

རྒྱ་སྲན་ནི་འབྲུ་རིགས་ཡིན་ལ་སྔོ་ཚལ་དང་གཟན་ཆགས། སྔོ་ལུད་མཉམ་དུ་སྤྱོད་པའི་ལོ་ཏོག་ཡིན། ཐོག་མའི་ཐོན་སྐྱེད་བྱེད་ས་ནི་ཡོ་རོབ་གླིང་གི་ས་དབུས་རྒྱ་མཚོའི་འགྲམ་ངོགས། ཡ་གླིང་གི་ལྷོ་ནུབ་ནས་ཧྥེ་གླིང་བྱང་མ་ཡིན། བཤད་རྒྱུན་དུ་ཧན་རྒྱལ་རབས་བྱང་མའི་ཀྲང་ཆན་གྱིས་ནང་འདྲེན་བྱས་པ་ཡིན་ཟེར། རྒྱ་སྲན་ལ་འཚོ་བཅུད་ཕུན་སུམ་ཚོགས་པ་ཡོད། ངེས་པར་མཁོ་བའི་ཨན་རྨང་སྐྱུར་རིགས8ཚུད་ཡོད། ཐཱན་ཆུ་འདྲེས་འགྱུར་རྫས་འདུས་ཚད་ནི47%-60%ཟིན་ཡོད།

རིགས་དབྱེ།  

ལ་ཕུག

རྒྱ་གྲམ་མེ་ཏོག་སྡེ་ལ་ཕུག་གི་ཁོངས་གཏོགས་ཡིན། མཐོ་ཚད་ལི་སྨི20-100ཡོད་ལ་རྩ་བ་ཤ་རྒྱུ་ཡིན། དབྱིབས་ལ་ནར་གཟུགས་གམ་སྒོ་ངའི་གཟུགས་གཉིས་ཡོད། སྒོ་ངའི་དབྱིབས་ཀྱི་ཕྱི་ངོས་སུ་ཚོས་རྒྱུ་མདོག་ལྗང་ཁུ་དང་དམར་པོ་ཡོད། སྡོང་པོར་ཡལ་ག་ཡོད། སྤུ་མེད། མེ་ཏོག་བང་རིམ་ཅན་སྤྱི་བོ་ནས་སྐྱེས་པའམ་མཆན་འོག་ནས་སྐྱེས། མེ་ཏོག་དཀར་པོའམ་དམར་སྐྱ་ཡིན། མེ་ཏོག་གི་དུས་ནི་ཟླ4-5བ་ཡིན། སིལ་ཏོག་གི་དུས་ནི་ཟླ5-6པ་ཡིན།

རིགས་དབྱེ།  

སོ་བ།

སོ་བ་ནི་འབྲུ་རིགས་གྲོ་ཡི་འཚོ་བཅུད་དང་ཕལ་ཆེར་གཅིག་མཚུངས་ཡིན་མོད་ཚི་སྣའི་རྒྱུའི་འདུས་ཚད་ཅུང་མཐོ། ལོ་རེ་ནང་བཏབ་ན་སྨིན་པའི་སྙེ་མའི་ཚན་གྱི་སྐྱེ་དངོས་ཡིན། ཐཱན་ཆུ་འདྲེས་སྦྱོར་གྱི་རྫས་ཅུང་མང་པོ་འདུས་ཡོད། སྤྲི་དཀར་རྫས། ཀལ། ལིན་འབྲིང་ཙམ། འཚོ་རྒྱུBཉུང་ཙམ་བཅས་འདུས་ཡོད།

རིགས་དབྱེ།  

ནུབ་ཀ་པེད།

ནུབ་ཀ་པེད་ནི་ནན་ཀྭའི་རིགས་ཤིག་སྟེ། དེའི་འབྲས་བུར་མངར་ཆ་དང་སིང་ཕྱེ། འཚོ་བཅུད་ཀ་པ་དང་ཁ་པ་སོགས་འདུས་ཤིང་། ས་བོན་ལ་སྣུམ་འདུས་ཚད་བརྒྱ་ཆའི30ལོངས་པས་ཟས་བཅུད་མོད་པོ་ལྡན། ནུབ་ཀ་པེད་ཡི་རྩད་པའི་ཡན་ལག་ནི་ལི་སྨི30ནས་ལི་སྨི60བར་གྱི་སའི་ཆགས་རིམ་ནང་དུ་ཁྱབ་པ་དང་། ལོ་མའི་སྟེང་ན་ཚེར་སྤུ་ཅུང་ཟད་ཡོད་པ་དེར་ཐན་འགོག་གི་ནུས་པ་ལྡན།

རིགས་དབྱེ།  

ཚོད་མ་པད་ལོག

ཚོད་མ་པད་ལོག་ལ་ཚོད་མ་ཐུམ་རྡོག་དང་རང་ཐུམ་པད་དཀར། པད་རྡོག ཚོད་མ་མགོ་ལོག་སོགས་ཟེར་ལ། འདབ་མ་བཞི་ལྡན་གྱི་མེ་ཏོག་ནང་ཕྱོགས་སུ་བཏུམས་པའི་རིགས་ཤིག་ཡིན། ཚོད་མ་པད་ལོག་གི་རྩད་པ་ནི་སྨ་ར་དང་འདྲ་ཞིང་ས་འོག་ཏུ་ལི་སྨི30ཙམ་དུ་ཁྱབ་ཡོད། རྩད་པར་བསྐྱར་སྐྱེས་ཀྱི་ནུས་པ་ལྡན་པ་དང་གང་སར་བཙུགས་ཀྱང་སྐྱེས་སྲིད་པས་མྱུ་གུ་སྤོ་འཛུགས་བྱེད་བདེ་བོ་ཡོད།

རིགས་དབྱེ།  

ཚོད་དཀར་ཆུང་བ།

ཚོད་དཀར་ལ་དབྱིབས་དང་རིགས་མང་པོ་ཡོད་ཅིང་། འཕྲོད་ཡུལ་གྱི་ཁྱབ་ཆེ་ལ། ཚ་གྲང་གཉིས་ཀ་ཐུབ་པ་དང་། ཚོད་དཀར་གྱི་རིགས་མི་འདྲ་བར་དྲོད་ཚད་ཀྱང་མི་འདྲ་བ་དགོས་ཀྱི་ཡོད།

རིགས་དབྱེ།  

ལྕ་ཚལ།

ལྕ་ཚལ་ནི་གདུབས་དབྱིབས་མེ་ཏོག་ཅན་གྱི་ལོ་གཉིས་ལ་སྐྱེ་པའི་ཚལ་ཚོད་ཀྱི་རིགས་ཤིག་ཡིན་ཞིང་། རང་རྒྱལ་དུ་འདེབས་ཡུན་ཧ་ཅང་རིང་ལ་འདེབས་ཚད་ཀྱང་ཧ་ཅང་མང་། ལྕ་ཚལ་ལ་རང་སའི་ལྕ་ཚལ་དང་ནུབ་ཕྱོགས་ཀྱི་ལྕ་ཚལ་རིགས་གཉིས་ཡོད།

རིགས་དབྱེ།  

ཝོ་ཅུའུ།

ཝོ་ཅུའུ་ནི་ལོ་གཅིག་ནས་གཉིས་ལ་སྐྱེས་ཐུབ་པའི་རྩྭ་ལྡུམ་གྱི་རིགས་ཤིག་ཡིན་པ་དང་། མཐོ་ཚད་ལ་ལི་སྨི25ནས100ཡོད་ཅིང་ལོ་མ་གྱེན་དུ་སྐྱེས་པ་ཞིག་ཡིན།

རིགས་དབྱེ།  

རྡོ་ཀུབ།

རྡོ་ཀུབ་ནི་འཛམ་གླིང་གི་ས་ཁུལ་སོ་སོར་ཁྱབ་པའི་ཀྭའི་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ལ། མི་རྣམས་ཧ་ཅང་བཟའ་བར་མོས་པའི་ཟས་རིག་ཤིག་ཀྱང་ཡིན།

རིགས་དབྱེ།  

ཙོང་།

ཙོང་ནི་དུས་ཚིགས་བཞི་གར་སྐྱེ་པ་དང་། དྲོད་ཚད་ལ་ཚད་བཀག་ཆེན་པོ་མེད་པའི་ཚལ་ཚོད་ཀྱི་རིགས་ཤིག་ཡིན། སོན་མྱུག་གིས་དགུན་ཐུབ་ཅིང་། དབྱར་ཁར་ཡང་སྐྱེ་མཚམས་མི་འཇོག་པ་ཞིག་ཡིན།

རིགས་དབྱེ།  

འཁན་ཚལ།

ཚོད་མ་འཁན་ཚལ་གྱི་འབྱུངས་ཁུངས་ནི་རང་རེའི་རྒྱལ་ཁབ་ནས་ཡིན་ཞིང་། ཟས་སུ་སྤྱོད་པ་ནི་དེའི་གཞུང་རྟ་གསར་སྐྱེས་དེ་ཡིན་ལ། འཚོ་བཅུད་མོད་པོ་ལྡན་པ་ཞིག་ཡིན། ཚ་སྣའི་ཉག་མ་ཉུང་ཞིང་སྤུས་ལེགས་པ། བྲོ་བ་ཁྱད་པར་ཅན་ཞིག་ཡིན་པས། ཚལ་ཚོད་ཁྲོད་བྲོ་རྫས་ཀྱི་རིགས་སུ་གྱུར་འདུག དེའི་བྲོ་བ་ལ་མི་རྣམས་ཧ་ཅང་མོས་པ་མ་ཟད། ད་དུང་འདེབས་སྐྱོང་སླ་བ་དང་། སྐྱེ་མགྱོགས་པ། སྐྱེས་ཡུན་ཐུང་བ་བཅས་ཅུང་སྟབས་བདེ་བའི་ཚལ་ཚོད་ཀྱི་རིགས་ཤིག་ཡིན།

རིགས་དབྱེ།  

རྨོ་བསྐྱུར་ནགས་གསོའི་ལས་གཞི།

རྨོ་བསྐྱུར་ནགས་གསོའི་ལས་གཞི་ཞེས་པ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་དམིགས་ནས་ས་ཆུ་ཤོར་བ་ཚབས་ཆེ་བའི་རྨོ་ཞིང་དང་བྱེ་ཐང་ཅན། བ་ཚྭ་ཅན། བྱེ་རྡོ་ཅན་བཅས་སུ་འགྱུར་ཚབས་ཆེ་བའི་རྨོ་ཞིང་དང་དེ་བཞིན་འབྲུ་རིགས་ཐོན་ཚད་དམའ་ཞིང་བརྟན་པོ་མེད་པའི་རྨོ་ཞིང་བཅས་ལ་འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་རྨོ་འདེབས་བྱེད་མཚམས་བཞག་སྟེ་ཡུལ་བབ་དང་བསྟུན་ནས་ཤིང་འཛུགས་རྩྭ་འདེབས་བྱས་ཏེ་སྔོ་ཁེབས་སླར་གསོ་བྱེད་པ་ལ་ཟེར།

རིགས་དབྱེ།  

འཇུ་ལག་ལོག་དཀར།

འཇུ་ལག་ལོག་དཀར་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གི་ཁྱད་ལྡན་ཐོན་རྫས་ཡིན་ལ། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཤིག་ཀྱང་ཡིན། འཇུ་ལག་རྫོང་གིས་ལོག་དཀར་འདེབས་འཛུགས་བྱས་ནས་ལོ་ངོ1800ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། བྱང་ཕྱོགས་ལོག་དཀར་གྱི་འབྱུང་ཁུངས་ཡིན་པ་དང་ཀྲུང་གོའི་བྱང་ཕྱོགས་ཀྱི་ལོག་དཀར་འདེབས་འཛུགས་ཁུལ་ཆེ་ཤོས་སུ་གྱུར་ཡོད།

རིགས་དབྱེ།  

དཔལ་འབྱོར་ལོ་ཏོག

དཔལ་འབྱོར་གྱི་ལོ་ཏོག་ལ“བཟོ་ལས་མ་བཅོས་རྒྱུ་ཆའི་ལོ་ཏོག”དང“ལག་རྩལ་ལོ་ཏོག”ཀྱང་ཟེར། སྤྱིར་བཏང་དུ་བཟོ་ལས་དང་ལྷག་པར་དུ་ཡང་བའི་བཟོ་ལས་ཀྱི་མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་པའི་ལོ་ཏོག་ལ་ཟེར། ཀྲུང་གོར་མིས་འདེབས་གསོ་བྱེད་ཁོངས་སུ་བཅུག་པའི་དཔལ་འབྱོར་ལོ་ཏོག་གི་རིགས་ཧ་ཅང་མང་པོ་ཡོད་ཅིང་། དེའི་ནང་ཚི་སྣའི་ལོ་ཏོག(དཔེར་ན་སྲིང་བལ་དང་གསོ་མ་སོགས)དང་། སྣུམ་རྒྱུའི་ལོ་ཏོག(དཔེར་ན་ཏིལ་དང་བ་དམ་སོགས) མངར་ཆའི་ལོ་ཏོག(དཔེར་ན་བུར་ཤིང་དང་མངར་ཚལ་སོགས)དང་། རྒྱུ་ཆ་གསུམ(བཏུང་བྱ་དང་། བསུང་རྫས། བྲོ་རྫས)གྱི་ལོ་ཏོག སྨན་སྤྱོད་ལོ་ཏོག ཚོས་རྒྱུའི་ལོ་ཏོག སྤྱན་གཟིགས་ལོ་ཏོག ཤིང་འབྲས་དང་དཔལ་འབྱོར་ལོ་ཏོག་གཞན་དག་སོགས་ཚུད་ཡོད།

རིགས་དབྱེ།  

ལོ་ཏོག་གི་སོན་རྒྱུའི་ཐོན་ཁུངས།

ལོ་ཏོག་གི་སོན་རྒྱུའི་ཐོན་ཁུངས་ལ་སོན་རིགས་ཐོན་ཁུངས་དང་རྒྱུད་འཛིན་ཐོན་ཁུངས་སམ་ཡང་ན་གཞི་རྒྱུའི་ཐོན་ཁུངས་ཀྱང་ཟེར་ཞིང་། སྐྱེ་དངོས་ཐོན་ཁུངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལོ་ཏོག་སྤུས་ལེགས་དང་ཐོན་མཐོའི་དངོས་པོའི་རྨང་གཞི་དང་། རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་ལེན་གལ་ཆེན། ཀྲུང་གོའི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་རྨང་གཞི་གལ་ཆེན་བཅས་ཡིན།

རིགས་དབྱེ།  

ལྗང་མདོག་འགོག་སྡོམ།

སྤྱི་ཡོངས་ནས་བལྟས་ན། ལྗང་མདོག་འགོག་སྡོམ་ཞེས་པ་ནི་ཞིང་སའི་སྐྱེ་ཁམས་མ་ལག་ཧྲིལ་པོ་ནས་འགོ་བརྩམས་ཏེ་ཞིང་ལས་འགོག་བཅོས་རྨང་གཞིར་བྱེད་པ་དང་། རང་བྱུང་གི་དགྲ་བོ་བེད་སྤྱད་དེ་གནོད་འབུའི་འཚོ་གནས་ཀྱི་ཆ་རྐྱེན་ཇེ་སྡུག་ཏུ་གཏོང་བ། ཞིང་ལས་སྐྱེ་དངོས་ཀྱི་འབུ་འགོག་ནུས་པ་ཆེ་རུ་གཏོང་བ། དགོས་ངེས་ཀྱི་དུས་སུ་རྫས་འགྱུར་ཞིང་སྨན་བེད་སྤྱོད་ལུགས་མཐུན་བྱས་ནས། གནོད་འབུའི་གནོད་སྐྱོན་གྱི་གྱོང་གུན་དེ་ཚད་དམའ་ཤོས་སུ་གཏོང་བ་ཞིག་ཡིན་པ་དང་། དེ་ནི་གནོད་འབུའི་གནོད་འཚེ་ཚོད་འཛིན་བྱེད་པ་དང་ཞིང་ལས་ཐོན་སྐྱེད་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད།

རིགས་དབྱེ།  

ལོ་ཏོག་རིག་པ།

ལོ་ཏོག་རིག་པ་ནི་ཞིང་ལས་ཚན་རིག་གི་ལྟེ་བའི་རིག་ཚན་གྱི་གྲས་ཤིག་ཡིན་པ་དང་། རིག་པ་འདིའི་རིམ་པ་གཉིས་པའི་རིག་ཚན་གཙོ་བོ་གཉིས་ནི་ལོ་ཏོག་འདེབས་གསོའི་རིག་པ་དང་ལོ་ཏོག་འདེབས་འཛུགས་རིག་པ་ཡིན།

རིགས་དབྱེ།  

འཇུ་ལག་གི་ལོག་དཀར་སྣུམ།

འཇུ་ལག་གི་ལོག་དཀར་སྣུམ་ལ་ཝེ་འཚོ་རྒྱུEདང་ཝེ་འཚོ་རྒྱུBཕུན་སུམ་ཚོགས་པ་འདུས་ཡོད་ལ། ཚིལ་སྐྱུར་རིགས18ཀྱིས་གྲུབ་ཡོད་དེ། སྣུམ་སྐྱུར་དང་སྣུམ་སྐྱུར་ཕལ་བའི་འདུས་ཚད་མཐོ་ཞིང་། མཁྲིས་ཟུངས་ཕྲུན་མི་འདུས་ལ། མིས་བསྡུ་ལེན་བྱེད་ཚད99%ཟིན་པས། མང་ཚོགས་ཀྱི་དགའ་ཕྱོགས་དང་མཐུན་ལ། ཁྲག་རྩ་རྒྱུག་པ་དང་རྒས་འགྱངས་ཀྱི་ནུས་པ་ལྡན་པ་དང་། སྤྱི་གནོད་མེད་པའི་རང་བྱུང་གི་ཟས་རིགས་ཤིག་ཡིན།

རིགས་དབྱེ།  

འཇུ་ལག་ནས།

འཇུ་ལག་ནས་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གི་ཁྱད་ལྡན་ཐོན་རྫས་དང་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཤིག་ཡིན།

རིགས་དབྱེ།  

ལོ་ཏོག་གཟུགས་ཁམས།[རིག་པ]

ལོ་ཏོག་གཟུགས་ཁམས[རིག་པ]ཞེས་པ་ནི་སྤྱི་ལོ1993ལོར་ཁྱབ་བསྒྲགས་བྱས་པའི་ཞིང་ལས་རིག་པའི་ཐ་སྙད་ཅིག་རེད།

རིགས་དབྱེ།  

བ་དམ།

བ་དམ་ནི་སྲན་རིགས་ལོ་ཏོག་ཡིན་ལ། བཟའ་འབྲུ་སྣུམ་རྒྱུ་ཆའི་རིགས་གཙོ་ཤོས་ཤིག་ཀྱང་ཡིན་པས། མིང་གཞན་ལ“མེ་ཏོག་འཐོར་བར་སྐྱེས་པ”འམ“ཚེ་ཐུབ་འབྲས་བུ”ཡང་ཟེར།

རིགས་དབྱེ།  

སྲན་ཆེན།

སྲན་ཆེན་ནི་སྲན་རིགས་ལས་ལོ་གཅིག་ཡུན་སྐྱེས་པའི་ལྡུམ་ཏོག་ཅིག་ལགས། སོན་ཤུན་གྱི་ཁ་དོག་དང་རྡོག་དབྱིབས་ལྟར་ན་རིགས5ལ་དབྱེ་བ་རེད།

རིགས་དབྱེ།  

ཁུར་སྲབ།(苋菜)

ཁུར་སྲབ་ནི་ལོ་གཅིག་ཡུན་སྐྱེས་པའི་ཁུར་མོང་ཚན་པའི་རྩྭ་རིགས་ཤིག་དང་། གསར་སྐྱེས་ལོ་མས་སྔོ་ཚལ་བཟོ་བ་གཙོ་ལ། འཚོ་བཅུད་མོད་པོ་ཡོད་པས། དེ་ནི་ཚལ་ཚོད་ཉུང་བའི་དུས་ཚིགས་སྤྱད་བྱའི་སྔོ་ཚལ་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

སོག་ཀ་བ།(荠菜)

སོག་ཀ་བའི་མིང་གཞན་ལ་འཚོ་སྲུང་རྩྭ་ཡང་ཟེར། དེ་ནི་མེ་ཏོག་རྒྱ་གྲམ་ཅན་གྱི་རིགས་ལས། ལོ་གཅིག་གམ་ལོ་གཉིས་རིང་སྐྱེ་བའི་ལྡུམ་རིགས་ཤིག་ལགས། སོག་ཀ་བ་ནི་མཉེན་ལྕུག་གཞུང་རྟ་དང་ལོ་མ་ཟས་ལ་སྤྱོད་ཅིང་། འཚོ་བཅུད་རིན་ཐང་ཆེ་ཞིང་དམིགས་བསལ་དྲི་ཞིམ་ལྡན་པ་རེད། མིག་སྔར་ཐོན་སྐྱེད་ལས་འདེབས་པའི་སོག་ཀ་བར་ལོ་མའི་སོག་ཀ་བ་དང་མེ་ཏོག་སོག་ཀ་བ་ཟེར་བ་རིགས་གཉིས་ཡོད།

རིགས་དབྱེ།  

སུར་སྔོན།

སུར་སྔོན་ནི་ཀྲོ་མ་ཀྲུའི་ཁག་གི་སུར་པན་ཁོངས་ལ་གཏོགས་པའི་ལོ་ཏོག་རིགས་ཤིག་ཡིན་ལ། ལོ་གཅིག་ཡུན་ནམ་ལོ་མང་ཡུན་ལ་སྐྱེ་བའི་རྩི་ཏོག་ཁོངས་ལ་གཏོགས།

རིགས་དབྱེ།  

པད་རྡོག

པད་རྡོག་ལ་ཀན་ལན་ཡང་ཟེར། དེ་ནི་རྒྱ་གྲམ་མེ་ཏོག་ཚན་པའི་རྩི་ཤིང་ཀན་ལན་གྱི་གཞུང་རྟ་བཅས་པའི་ལོ་མ་ཅན་རེད། མིང་གཞན་ལ་པད་ཟླུམ་དང་། ཁོག་བཏུམ་ཚོད་མ། ཚོད་མ་མགོ་ཆེ། ཀོ་ལིའི་ཚོད་མ། པད་དཀར་རྡོག་པོ་སོགས་ཡོད།

རིགས་དབྱེ།  

རྡོ་ལུ་མ།(茄子)

རྡོ་ལུ་མ་ནི་ཁུ་ལྡན་འབྲས་བུ་ཚན་པའི་ལོ་གཅིག་ཡུན་སྐྱེ་བའི་ལྡུམ་རིགས་ཡིན་ཞིང་། དེར་ནར་མོ་དབྱིབས་དང་སྤོ་ལོ་དབྱིབས་ལྟ་བུ་མི་འདྲ་བའི་རིགས་གཉིས་ཡོད།

རིགས་དབྱེ།  

ཙོང་རིང་།

ཙོང་རིང་འདེབས་པའི་ལག་རྩལ་ལྟོས་བཅས་ཀྱིས་སྟབས་བདེ་བ་དང་མ་རྩ་ཡང་དམའ་ལ། ཐང་བདེ་སའི་དཔལ་འབྱོར་ནགས་ཚལ་ནས་འདེབས་པར་འཚམ་པ་རེད།

རིགས་དབྱེ།  

ཤ་མོ་ལེབ་མོ་པ།

ཤ་མོ་ལེབ་མོ་པ་ལ་གཞོག་རྣ་ཡང་ཟེར། འཕྲོད་སྟུན་བཟང་བའི་ཟས་སྤྱོད་ཤྭ་མོའི་རིགས་ཤིག་ལགས། དེའི་རྣམ་པ་དང་བྲོ་བ། ཐོན་སྐྱེད་དུས་ཚིགས་བཅས་ཀྱི་ཁྱད་ཆོས་ལྟར་ན། ཡུལ་གྲུ་སོ་སོར་ཡང་མིང་མི་འདྲ་བ་རེ་ཡོད་དེ། དཔེར་ན། བྱང་རླུང་ཤྭ་མོ་དང་འཁྱགས་ཤྭ། ཉ་སོག་ཤྭ་མོ། ལྷ་འབྲུམ་ཤྭ་མོ། ཤྭ་མོ་དཀར་པོ་སོགས་ཡོད།

རིགས་དབྱེ།