ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྐྱེ་དངོས། >རྩི་ཏོག

རྩིའུ་ཏོ།

ལོ་མང་སྐྱེ་བའི་རྩྭ་ལྡུམ་གྱི་རིགས་ཤིག་ཡིན་པ་དང་། མཐོ་ཚད་ལ་སྨི0.5ནས1.5བར་ཡོད། གཞུང་རྟ་སྤུངས་ནས་སྐྱེ་ལ་སྲ་ཞིང་མཁྲེགས་པ་དང་། སྟོད་ཀྱི་རྩ་རིས་འབུར་དུ་ཐོན་པ་དང་། སྨད་དུ་ཤར་ཀོང་མང་པོ་ལྡན། འབིགས་ཟླུམ་མེ་ཏོག་ཆུན་པོའི་རིང་ཚད་ལ་ལི་སྨི་བཞི་ཅུ་ནས་དྲུག་ཅུའི་བར་ཡོད་པ་ཐོར་སིབ་མཆོད་རྟེན་དབྱིབས་སུ་འདུག་གོ།

རིགས་དབྱེ།  

སྡོང་པོ།

སྡོང་པོ་ནི་རྩི་ཤིང་གི་ས་སྟེང་དུ་ཡོད་པའི་ཆ་ལ་ཟེར་བ་དང་། དེའི་སྟེང་དུ་ལོ་མ་དང་མེ་ཏོག་དང་འབྲས་བུ་ཐོགས་ཀྱི་ཡོད་ལ། ཚིགས་དང་ཚིགས་བར་གྱི་དབྱེ་མཚམས་ཡོད།

རིགས་དབྱེ།  

རྩི་ཤིང་།

རྩི་ཤིང་ནི་རང་གིས་རང་ཉིད་ལ་འཚོ་བཅུད་བཟོ་ཐུབ་པའི་སྨར་སྙིང་སྐྱེ་དངོས་ལ་ཟེར།

རིགས་དབྱེ།  

འཇུ་ལག་ལོག་དཀར་མེ་ཏོག

ལོག་དཀར་མེ་ཏོག་ཅེ་ན་མདོ་དབུས་ཁམས་གསུམ་གྱི་གནས་ག་ས་གང་དུ་མཐོང་ཐུབ་པ་ཞིག་ཡིན་ལ། འཇུ་ལག་རྫོང་གི་ལོག་དཀར་མེ་ཏོག་ནི་རྒྱ་སྐད་དུ(小油菜)ཟེར་བ་སྟེ་བོད་སྐད་དུ་ལོག་དཀར་ཆུང་བར་འབོད་པ་དེ་ཡིན། དེ་ནི་ནུབ་འཇུ་ལག་ཆུ་བོའི་རྒྱུད་ཀྱི་བྱེ་སྣ་སྔོ་ལྡང་གྲོང་རྡལ་ནས་ཤར་གཡུ་ལུང་ཐང་བར་དུ་དང་། བྱང་ཀླུ་ལུང་རི་བོའི་འདབས་ནས་ལྷོ་གསེར་ཆེན་ལ་རྟིང་བར་གྱི་སྤྱི་ལེ་བཅུ་ཕྲག་འགར་བཏབ་ཡོད་པའི་རྒྱལ་ཁབ་རིམ་པའི་གནས་སྐོར་མཛེས་ལྗོངས4Aརིམ་པ་ཐོབ་ཡོད་པའི་ལྫོངས་རྒྱུའི་ལྟེ་གནས་ཤིག་ཡིན།

རིགས་དབྱེ།  

ལོ་མང་སྐྱེ་བའི་རྩྭ།

ལོ་མང་སྐྱེ་བའི་རྩྭ(perennial herb)ནི་ལོ་གཉིས་ཡན་ལ་འཚོ་ཐུབ་པའི་རྩྭ་རིགས་རྩི་ཤིང་ལ་ཟེར། རྩི་ཤིང་ལ་ལའི་ས་འོག་གི་ཆ་ཤས་ནི་ལོ་མང་ལ་སྐྱེ་བ་སྟེ། དཔེར་ན་རྩ་བའམ་གཞུང་རྟ་སོགས་ཀྱི་དབང་བོ་ལྟ་བུ་ཡིན་ལ། ས་སྟེང་གི་ཆ་ཤས་ལོ་རེར་སྐམ་བཞིན་ཡོད། ཕྱི་ལོའི་དཔྱིད་ཀར་ཡང་ས་འོག་གི་ཆ་ཤས་ནས་ཡལ་ག་གསར་བ་སྐྱེས་པ་དང་མེ་ཏོག་བཞད་ནས་འབྲས་བུ་ཐོགས་པ་རེད། དཔེར་ན་པད་རྩ་དང་ཙོང་རིལ། ཞོག་ཁོག མངར་ཤིང་། ཏཱ་ལི་ཅུའུ་སོགས་ལྟ་བུ། གཞན་ཡང་རྩི་ཤིང་ཁ་ཤས་ཀྱི་ས་ངོས་དང་ས་འོག་གི་ཆ་ཤས་ཚང་མ་ལོ་མང་རིང་སྐྱེས་པ་དང་། མེ་ཏོག་བཞད་པ་དང་འབྲས་བུ་ཐོགས་རྗེས་ས་ངོས་ཀྱི་ཆ་ཤས་ད་དུང་མི་སྐམ་པར། ཐེངས་མང་ལ་འབྲས་བུ་ཐོགས་ཐུབ་པ་དཔེར་ན་ཝན་ཉེན་ཆིང་དང་རྩྭ་འབྲུ་སོགས་ལྟ་བུ་ཡིན།

རིགས་དབྱེ།  

རྩི་ཤིང་གི་ཁྱུ་ཚོགས།

རྩི་ཤིང་གི་ཁྱུ་ཚོགས(plant community)ཞེས་པ་ནི་ས་ཁོངས་ངེས་ཅན་ཞིག་ཏུ་འཚོ་བའི་རྩི་ཤིང་ཡོད་ཚད་ཀྱི་ཚོགས་སྤྱི་ལ་ཟེར་ཞིང་། དེ་ནི་རྩི་ཤིང་རེ་རེའི་དངོས་པོའི་བྱེ་བྲག་ཕན་ཚུན་གཉིས་ཕན་དང་འགྲན་རྩོད་སོགས་ཕན་ཚུན་བྱེད་ནུས་ལ་བརྟེན་ནས་གྲུབ་པའི་སྡེབ་སྒྲིག་ཐབས་མཁས་ཤིག་ཡིན་ལ། དེ་ནི་ཐུན་མོང་དུ་འཚོ་གནས་བྱེད་པའི་ཁོར་ཡུག་དང་འཚམ་པའི་འབྲས་བུ་ཡིན། དཔེར་ན་ནགས་ཚལ་གཅིག་དང་ཆུ་རྩྭ་སྐྱེ་པའི་ཆུ་རྫིང་གཅིག་ལྟ་བུ་ཡིན། བལྟོས་བཅས་ཀྱི་གཏན་འཇགས་ཡིན་པའི་རྩི་ཤིང་གི་ཁྱུ་ཚོགས་རེ་རེར་རིགས་ངེས་ཅན་གྱི་གྲུབ་ཆ་དང་གྲུབ་ཚུལ་ཡོད།

རིགས་དབྱེ།  

ཁྱུ་ཚོགས་ཀྱི་ཕྱི་རྣམ།

རྩི་ཤིང་སྐྱེ་ཁམས་རིག་པའི་ཁྲོད་དུ་གཙོ་བོ་རྩི་ཤིང་གི་ཁྱུ་ཚོགས་ཀྱི་རྣམ་པ་མཚོན་པ་དང་། སྐབས་འགར་སྒེར་ལ་མཚོན་ནས་བཤད་པའང་ཡོད།A.von Humboldt(1805)ཡིས་ཐོག་མར་བཏོན།

རིགས་དབྱེ།  

ས་གོས་རྩི་ཤིང་།

​ས་གོས་རྩི་ཤིང་ནི་འབུ་ཕྲ་དང་སྔོ་རིགས་མཉམ་དུ་སྐྱེས་པའི་དམིགས་བསལ་གྱི་རྩི་ཤིང་རིགས་ཤིག་ཡིན་ལ། གཞུང་རྟ་དང་ལོ་མ། རྩ་བ་བཅས་མེད་པས་ཁོར་ཡུག་སྣ་ཚོགས་སུ་འཚོ་ཐུབ་པས། “རྩི་ཤིང་ཁམས་ཀྱི་ས་རྒོད་སློག་པའི་གདོང་ལེན”ཞེས་འབོད། མཉམ་སྐྱེས་ཀྱི་འབུ་ཕྲ་མང་ཆེ་བ་ནི་བུ་སྣོད་འབུ་ཕྲ་ཡིན་ལ། ཉུང་ཤས་ཤིག་ནི་ཕྲག་ཤིང་འབུ་ཕྲ་ཡིན་པས། ཆུ་དང་སྐྱེ་མེད་ཚྭ་བསྡུ་ལེན་བྱེད་ཐུབ་པ་མ་ཟད། ཆུ་རྩྭའི་གཟུགས་ཀྱིས་བཏུམ་ཡོད། མཉམ་སྐྱེས་ཀྱི་ཆུ་རྩྭའི་རིགས་ནི་གཙོ་བོ་སྔོ་རིགས་ཡིན་ལ། འོད་སྦྱོར་བྱེད་ལས་ཀྱི་བྱེད་ལས་སྤེལ་ཐུབ་ལ་སྐྱེ་ལྡན་དངོས་པོ་བཟོ་ཐུབ།

རིགས་དབྱེ།  

རྩི་ཤིང་གི་སོན་རྒྱུའི་ཐོན་ཁུངས་རིག་པ།

རྩི་ཤིང་གི་སོན་རྒྱུའི་ཐོན་ཁུངས་རིག་པ་ནི་རྩི་ཤིང་རིགས་འབྱེད་དང་། འབྱུང་ཁུངས་དང་རིམ་འགྱུར། སོན་རྒྱུ་རྟོག་ཞིབ་དང་འཚོལ་བསྡུ། སོན་རྒྱུ་གསོག་འཇོག སོན་རྒྱུ་གདེང་འཇོག་དང་གསལ་འབྱེད་དང་སོན་རྒྱུ་བེད་སྤྱོད་བཅས་བྱེད་པའི་ཚན་རིག་ལ་ཞིབ་འཇུག་བྱེད་པ་ཡིན། དེ་ནི་རྩི་ཤིང་རིག་པ་དང་། རྩི་ཤིང་སྐྱེ་ཁམས་རིག་པ། རྩི་ཤིང་རྒྱུད་འཛིན་རིག་པ་སོགས་ཀྱི་རྨང་གཞི་དང་ཆེད་ལས་ཀྱི་རྨང་གཞིའི་སློབ་ཚན་གྱི་ཤེས་བྱའི་གྲུབ་ཚུལ་སྟེང་བཙུགས་པ་དང་། དུས་མཚུངས་སུ་རྩི་ཤིང་འདེབས་གསོ་རིག་པ་དང་། ལོ་ཏོག་འདེབས་གསོ་རིག་པ། ཞིང་ལས་ཐོན་རྫས་གསོག་ཉར་དང་ལས་སྣོན་སོགས་ཀྱི་ཆེད་ལས་སློབ་ཚན་ལ་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་འདོན་སྤྲོད་བྱས་ཡོད།

རིགས་དབྱེ།  

སུའུ་ཏན་རྩྭ།

སུའུ་ཏན་རྩྭ་ནི་སྙེ་མ་ཅན་གྱི་ལོ་གཅིག་སྐྱེ་བའི་རྩྭ་རིགས་ཤིག་ཡིན།

རིགས་དབྱེ།  

མཚོ་སྔོན་རྩྭ་སའི་སྙེ་མའི་རིགས་ཀྱི་སྔ་སྨིན་རྩྭ།

མཚོ་སྔོན་རྩྭ་སའི་སྙེ་མའི་རིགས་ཀྱི་སྔ་སྨིན་རྩྭ་ནི་ལོ་མང་པོ་སྐྱེས་པའི་སྙེ་མའི་རིགས་ཀྱི་རྩྭ་ཞིག་ཡིན།

རིགས་དབྱེ།  

རྩྭ་བཟུང་རྒྱ་སྤོས།

རྩྭ་བཟུང་རྒྱ་སྤོས་ནི་ལོ་མང་སྐྱེ་བའི་སྲན་མའི་རིགས་ཀྱི་རྩྭ་རིགས་ཤིག་ཡིན།

རིགས་དབྱེ།  

ཁྲོན་ཞང་།

ཁྲོན་ཞང་གི་གཟུགས་དབྱིབས་གདུགས་དང་འདྲ་ལ་ལོ་མ་མང་པོར་སྐྱེས་པའི་རྩིས་ཤིང་གི་རིགས་སུ་གཏོགས་པ་དང་། མིང་གཞན་ལ་ཧྥུ་ཞོང་ཟེར་ཞིང་། ཁྲོན་ཞང་ནི་སི་ཁྲོན་ས་གནས་ཀྱི་སྨན་རིགས་ཤིག་ཡིན།

རིགས་དབྱེ།  

ཐེན་ནན་ཞིན།

ཐེན་ནན་ཞིན་ནི་ཐེན་ནན་ཞིན་ཚན་པའི་ཐེན་ནན་ཞིན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་པ་དང་། མིང་གཞན་ལ་ནན་ཞིན་དང་ཀྲང་ཡེ་པན་ཞིན། ཧུའུ་ཀྲང་ནན་ཞིན། དབྱི་ཡེ་ཐེན་ནན་ཞིན། ཡི་པ་སན་སོགས་ཡོད།

རིགས་དབྱེ།  

ཏིང་ཧྲུན།

ཏིང་ཧྲུན་ནི་སོ་ལོའི་རྣམ་གྲངས་སུ་གཏོགས་པ་དང་། སྐྱེ་དངོས་ཀྱི་རིགས་ཤིག་ཡིན། རྒྱུན་བཀོལ་གྱི་སྨན་སྣ་སྟེ། ཐོག་མ་ཧྲན་ཞི་ཞིང་ཆེན་ཧྲང་ཏང་ནས་ཐོན་ཞིང་། རྩ་བ་ཆིག་ཐུབ་དང་འདྲ་བས་མིང་གཞན་ལ་ལུའུ་ཏིང་དང་། ཏུང་ཏིང་། ཐེ་ཏིང་། ཁུའུ་ཏིང་། ཞི་ཏིང་། ཐེའོ་ཏིང་། པེ་ཏིང་སོགས་ཡོད།

རིགས་དབྱེ།  

རྩ་སྦུག་ཕུང་གྲུབ།

རྩ་སྦུག་ཕུང་གྲུབ་ནི་ཤིང་རྒྱུའི་ཁག་དང་ཆུ་བ་ལས་གྲུབ་པའི་ཆུ་དང་འཚོ་བཅུད་དངོས་རྫས་དབོར་འདྲེན་བྱེད་པ་དང་། རྒྱབ་སྐྱོར་བྱེད་ནུས་ངེས་ཅན་ལྡན་པའི་རྩི་ཤིང་གི་ཕུང་གྲུབ་ཅིག་ཡིན། དེས་རྩི་ཤིང་སྐམ་སའི་ཁོར་ཡུག་ལ་འཕྲོད་པར་རོགས་རམ་བྱེད་ཐུབ།

རིགས་དབྱེ།  

སྐྱེ་དངོས་རྐྱེན་གྲངས།

དེ་ནི་སྐྱེ་དངོས་བར་གྱི་ཕན་ཚུན་འབྲེལ་བ་སྣ་ཚོགས་ལ་ཟེར་ཏེ། དཔེར་ན། ཟས་འཚོལ་བ་དང་གཞན་ལ་བརྟེན་ནས་འཚོ་བ། འགྲན་རྩོད། གཉིས་ཕན་མཉམ་སྐྱེས་སོགས་ལ་དབྱེ་ཆོག་པ་དང་། དེའི་ནང་སྲོག་ཆགས་དང་རྩི་ཤིང་། སྐྱེ་དངོས་ཕྲ་རབ་བཅས་ཀྱིས་རྩི་ཤིང་གི་སྐྱེ་ཁམས་ནུས་པ་དང་། རྩི་ཤིང་དང་ས་རྒྱུའི་སྐྱེ་དངོས་ཕྲ་རབ་བར་གྱི་ཕན་ཚུན་ནུས་པ་དང་རྩི་ཤིང་བར་གྱི་ཕན་ཚུན་ནུས་པ་བཅས་ཡོད།

རིགས་དབྱེ།  

སྐྱེ་ཁམས་ཀྱི་དགེ་མཚན།

དེ་ནི་སྐྱེ་ཁམས་ཁྲོད་ཀྱི་ཐོན་ཁུངས་དེ་སྐྱེ་དངོས་རིགས་ཉུང་ཤས་ཀྱིས་དམིགས་སུ་བཀར་ནས་བཟུང་བའི་ཚད་ལ་ཟེར། སྐྱེ་ཁམས་ཀྱི་དགེ་མཚན་ཆགས་པའི་ནང་རྐྱེན་ནི་རིགས་ཕན་ཚུན་བར་གྱི་ནུས་པ་དང་འགྲན་རྩོད་ཡིན་ལ། ཕྱི་རྐྱེན་ནི་ཁོར་ཡུག་གི་ཆ་རྐྱེན་ཡིན།

རིགས་དབྱེ།  

ག་བུར་ནག་པོ་ཟིལ་གནོན།

རི་རྩེ་གངས་ཀྱི་འདབ་མ་ན། ། ཆུ་དང་རྫ་བྲན་འདྲེས་པའི་ནང་། ། ལྷ་དང་དྲང་སྲོང་རྣམས་ཀྱིས་སྐྱེད། ། ལོ་མ་མཐུག་ལ་སྲ་བ་སྟེ། ། སྡོང་བུ་ཁོང་སྟོང་ཕྲ་ལ་རིང་། ། མེ་ཏོག་སྔོ་དང་སེར་པོ་གཉིས། ། མིང་ཡང་སོ་སོར་ལྷ་ཡིས་བཏགས། ། མེ་ཏོག་སྔོ་སྨུག་ཡོད་པ་དེ། ། ག་བུར་ནག་པོ་ཟིལ་གནོན་ཡིན། །

རིགས་དབྱེ།  

སྟོང་རི་ཟིལ་པ།

མེ་ཏོག་དམར་སེར་སྟོང་རི་ཟིལ་པ་ཅན། །རོ་ནི་གོང་མ་དག་དང་འདྲ། །བདུད་རྩི་ཟིལ་པ་རྒྱུན་མི་ཆད། །འབྲས་བུ་དག་ནི་གོ་སྙོད་འདྲ། །དུམ་བུར་བཅད་ན་ཁུ་བ་སེར། །འདི་ཡི་ནུས་པས་སྐྲངས་རྣམས་འཇོམས། །སྨན་འཕྲོད་གཞན་སྦྱར་ཚད་རིམས་སེལ། །

རིགས་དབྱེ།  

མ་གི་ཏ།(རྩད)

སྔོ་རྒྱལ་རྩི་མཆོག་མ་གི་ཏ། །སྲིབ་ཀྱི་རི་ལ་སྐྱེས་པ་ཡིན། །བོད་སྐད་དུ་ནི་རྩད་ཅེས་ཟེར། །དེ་ཡི་མཚན་ཉིད་བསྟན་པ་ནི། །ལོ་མ་སྔོན་པོ་འཇམ་ལ་ཕྲ། །སྡོང་བུ་གྱེན་དུ་དྲང་པོར་སྐྱེས། །མེ་ཏོག་དཀར་པོ་ཕྲ་ལ་ཆུང་། །འབྲས་བུ་ནྱ་གྲོ་དྷ་ལྟར་ཕྲ། །རྩི་མཆོག་དེ་ཡི་སྐྱེས་ས་ནི། །མདའ་རྒྱང་གང་པ་ཚུན་ཆད་དུ། །ག་བུར་ཙན་དན་གླ་རྩི་ཡི། །དྲི་ཞིམ་སྤོས་ངད་རྒྱུན་མི་ཆད། །སྨན་འདི་སྐྱེས་ས་དུག་མི་སྐྱེས། །སྦྲུལ་ཡང་འབྱུང་བར་མི་འགྱུར་རོ། །

རིགས་དབྱེ།  

བདུད་རྩི་ཨ་བ།

སྔོ་སྨན་རྒྱལ་པོ་རིན་ཆེན་ནི། །བདུད་རྩི་ཨ་བ་ཞེས་བྱ་སྟེ། །སྤང་ལ་མི་སྐྱེས་བྲག་ལ་སྐྱེས། །ཨ་བ་དར་ལྗང་སྐུད་པ་འདྲ། །ཨ་ཝ་ཁབ་སྐྱ་གཤིབས་པ་འདྲ། །ཨ་ཝ་ཕག་གི་ཟེ་བ་འདྲ། །ཨ་ཝ་གཡུ་ཡི་ཕྲན་གཤིབས་འདྲ། །མེ་ཏོག་འབྲས་བུ་གང་ཡང་མེད། །རོ་དྲུག་གང་ཡང་མེད་པ་ཡིན། །

རིགས་དབྱེ།  

ལྕུམ་པ།

ལྕུམ་ནི་རྫ་བྲག་དག་ན་སྐྱེས། །ཆེ་ཆུང་འབྲིང་གསུམ་ཡོད་པ་ཡིན། །ལོ་མས་ས་གཞི་གནོན་པ་ཡིན། །སྡོང་བུ་ཁོང་སྟོང་རིང་ལ་ལྡེམ། །མེ་ཏོག་དམར་པོ་སྤུངས་པ་འདྲ། །འབྲས་བུ་ཟུར་གསུམ་བད་ཀན་སེལ། །རོ་ནི་སྐྱུར་ལ་རྩུབ་པ་ཡིན། །

རིགས་དབྱེ།  

མཐོ་རིམ་རྩི་ཤིང་།

མཐོ་རིམ་རྩི་ཤིང་ནི་དམའ་རིམ་རྩི་ཤིང་ལ་བལྟོས་ནས་བཤད་ཚེ། སྔོ་དྲེག་རྩི་ཤིང་དང་། བུར་ཤིང་རིགས་ཀྱི་རྩི་ཤིང་། ས་བོན་རྩི་ཤིང་བཅས་ཀྱི་སྤྱི་མིང་ཡིན། མཐོ་རིམ་རྩི་ཤིང(higher plants)ནི་སྐམ་སའི་རླུང་ཁམས་ཆེན་པོའི་ཁོར་ཡུག་ཁྲོད་འཚོ་བར་འཕྲོད་པའི་རྩི་ཤིང་ཞིག་ཡིན། དེ་མིན་སྐྱེ་འཕེལ་རང་བཞིན་གྱི་ཆུ་སྐྱེས་རིགས་ཉུང་ཤས་ཤིག་ལས་གཞན་ཚང་མ་སྐམ་སར་སྐྱེས་པའི་རྩི་ཤིང་ཡིན་ལ། ཆུའི་ཁོར་ཡུག་དང་བསྡུར་ན་སྐམ་སའི་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་རྙོག་འཛིང་ཆེ་བས། ཆ་རྐྱེན་འདི་འདྲ་དང་བསྟུན་ཏེ་མཐོ་རིམ་རྩི་ཤིང་ལ་ཕྱིའི་རྣམ་པ་དང་། ནང་ཁུལ་གྱི་གྲུབ་ཚུལ་གང་རུང་གི་སྟེང་ནས་འགྱུར་ལྡོག་གཏིང་ཟབ་བྱུང་དུ་བཅུག་པ་རེད།

རིགས་དབྱེ།  

སྲད་ཆུང།

ལོ་མང་སྐྱེ་པའི་རྩྭ་རིགས་ཡིན་ཞིང་མཐོ་ཚད་ལ་ལི་སྨིས15ནས30ཡོད། གཞུང་རྟ་འགྲེང་བའམ་ཡང་ན་ས་ངོས་སུ་སྙོམས་པོར་ཁེབས་འདུག་ལ་ཡལ་ག་མང་། བ་སྤུ་ཐར་ཐོར་དུ་སྐྱེས་ཤིང་སྒྲོ་དབྱིབས་ཅན་གྱི་ལོ་མ་ཡ་གྲངས་མང་པོ་གྱེས། ལོ་མ་ཆུང་ངུ9ནས13ཡོད། ལོ་མ་ཆུང་ངུ་ཕྲ་ཞིང་འཇོང་དབྱིབས་ཅན་ཡིན། རིང་ཚད་ལ་ལི་སྨིས0.5ནས1.5དང་ཞེང་ལ་ཧའོ་སྨིས 2ནས5ཡོད། རྩེ་མོ་རིམ་གྱིས་ཕྲ་ཞིང་ཐུང་། རྩ་བ་སྒོར་དབྱིབས་ཅན་ནམ་ཁྱེའུ་དབྱིབས་ཅན་ཡིན།

རིགས་དབྱེ།