ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >སྲོག་ཆགས། >སྲིན་འབུ།

གདོད་སྐྱེས་སྲོག་ཆགས།

གདོད་སྐྱེས་སྲོག་ཆགས་ནི་ཕྲ་ཕུང་གཅིག་རྐྱང་གིས་གྲུབ་པའི་སྲོག་ཆགས་ལ་ཟེར། ཕྲ་ཕུང་གཅིག་རྐྱང་གིས་གྲུབ་པ་ཡིན་ཡང་དེ་དག་རེ་རེ་སྐྱེ་བཅས་ཕུང་པོ་ཆ་ཚང་རེ་ཡིན།

རིགས་དབྱེ།  

ཆ་ག་པ།

འབུ་ཆ་ག་པ་ནི་ཆ་ག་པའི་ཁོངས་ཡིན་ལ་གཤོག་དྲང་སྡེའི་སྲིན་འབུ་ཡིན། ཨ་ཙག་ཚག་ཀྱང་ཟེར། འཛམ་གླིང་ཡོངས་སུ་རིགས་ཁྲི1ལྷག་ཡོད་པ་དང་། ཀྲུང་གོར་རིགས700ལྷག་ཡོད། འཛམ་གླིང་ཡོངས་ཀྱི་ཚ་ཁུལ་ས་ཆ་དང་ཚ་ཁུལ་བར་མའི་ས་ཆ། བྱེ་ཐང་ས་ཁུལ་དུ་གནས།

རིགས་དབྱེ།  

གྲོག་མ།

གྲོག་མ་ནི་སུག་ཚིགས་སྲོག་ཆགས་རིགས་ཀྱི་འབུ་སྲིན་གྱི་སྡེ་ལ་གཏོགས་པ་དང་། སྤྱི་ཚོགས་རང་བཞིན་ཅན་གྱི་འབུ་སྲིན་ཞིག་ཡིན།

རིགས་དབྱེ།  

བྱང་ཁོག་རྒྱུ་མ་སྲོག་ཆགས།

རྒྱུ་ཁོག་དབྱེར་མེད་ཀྱི་སྲོག་ཆགས་ནི་རྟེན་གཉིས་རིམ་པ་ཅན་གྱི་དམའ་རིམ་ཕྲ་ཕུང་མང་བའི་སྲོག་ཆགས་ཡིན་པ་དང་། དེ་དག་གི་ལུས་ཕུང་ཆ་འགྲིག་རྩིབས་འགྱེད་ཅན་ཡིན།

རིགས་དབྱེ།  

འབུ་བླ་མ་མ་ཎི།

འབུ་བླ་མ་མ་ཎི་ནི་སུག་ཚིགས་སྲོག་ཆགས་སྒོའི་འབུ་སྲིན་གྱི་སྡེ་ལ་གཏོགས་ཤིང་། འཛམ་གླིང་ཡོངས་སུ་ད་ལྟ་ཤེས་རྟོགས་བྱུང་ཟིན་པ་རིགས5000ཙམ་ཡོད་པ་དང་། ཀྲུང་གོར་རིགས350ཙམ་ཡོད། འབུ་དེ་ལ་གཤོག་རྩལ་དཔེ་མེད་ལྡན་པས་འཕུར་ལྡིང་རྒྱལ་པོ་ཟེར་སྲོལ་ཡོད།

རིགས་དབྱེ།  

འབུ་སྲིན།

འབུ་སྲིན་གྱི་རིགས་མང་བོ་ཡོད་པ་མ་ཟད་གཟུགས་སྣ་ཚོགས་ཡོད། སྒལ་ཚིགས་མེད་པའི་སྲོག་ཆགས་ཁྲོད་ཀྱི་སུག་ཚིགས་སྲོག་ཆགས་ཀྱི་ཁོངས་སུ་གཏོགས། འཛམ་གླིང་སྟེང་གི་གྲངས་འབོར་ཆེས་མང་པོའི་རིགས་ཚོགས་ཤིག་ཡིན། སྐྱེ་དངོས་ཡོངས་ཀྱི50%ཟིན་ལ་འཛམ་གླིང་གི་གནས་སོ་སོར་ཁྱབ་ཡོད།

རིགས་དབྱེ།  

དམར་དཔེ།

དམར་དཔེའམ་སྲོག་ཆགས་ཀྱི་དམར་དཔེ་ནི་ཁོང་སྟོང་བ་བྱས་ནས་བཟོས་པའི་སྲོག་ཆགས་ཀྱི་འདྲ་གཟུགས་ཡིན་ཏེ་གསོབ་གཟུགས་ཀྱང་ཟེར། སྲོག་ཆགས་ཀྱི་སྔར་བཞིན་གྱི་རྣམ་པ་དེ་དུས་ཡུན་རིང་བོར་ཉར་ཚགས་བྱས་ཆོག འགྲེམ་སྟོན་དང་རང་དཔེ་གཞན་སྟོན་བྱེད་པ། སློབ་གསོ། ཞིབ་འཇུག་སོགས་སུ་བཀོལ་ཆོག

རིགས་དབྱེ།  

སྦྲང་མ།

སྦྲང་མ་ནི་སྒོང་སྐྱེས་ཡིན་ལ་གཟུགས་འགྱུར་བའི་སྐྱེ་འཚར་ཆ་ཚང་ཅན་ཡིན། སྐྱི་གཤོག་ཅན་གྱི་ཁག་ལ་གཏོགས། སྦྲང་མ་ནི་སྤྱི་ཚོགས་རང་བཞིན་ཅན་གྱི་འབུ་སྲིན་ཡིན་ལ་སྦྲང་ཚོགས་ནང་དུ་ལས་བགོས་ཞིབ་ཕྲ་ལྡན་ལ་སྒྲིག་ལམ་གྲ་འགྲིག་པོ་ཡོད་པ་རེད། སྦྲང་མས་རང་ཉིད་སྲུང་སྐྱོབ་བམ་རང་གི་ཁྱིམ་གཞི་སྲུང་སྐྱོབ་བྱེད་ཆེད་དགྲ་བོར་སྦྲང་མདུང་གིས་བསྣུན་སྲིད།

རིགས་དབྱེ།  

སྡོམ།

སྡོམ་ནི་སུག་ཚིགས་སྲོག་ཆགས་ཀྱི་རིགས་ཚོགས་ཆེན་པོ་ཞིག་ཡིན་ལ། རིགས་ཁྲི་ཚོ3.5ལྷག་ཡོད་པ་འཛམ་གླིང་ཡོངས་སུ་ཁྱབ་ཡོད་པ་དང་། ཀྲུང་གོར་ཤེས་རྟོགས་བྱུང་ཟིན་པ་རིགས1000ལྷག་ཡོད།

རིགས་དབྱེ།  

སྒོར་ཚིགས་སྲོག་ཆགས།

སྒོར་ཚིགས་སྲོག་ཆགས་ནི་གཞོགས་གཉིས་ཆ་འགྲིག་ཡིན་པ་དང་ལུས་ཕུང་ལ་ཚིགས་ཀྱི་དབྱེ་བ་ཡོད་པའི་སྲོག་ཆགས་ལ་ཟེར།

རིགས་དབྱེ།  

སྒལ་ཚིགས་མེད་པའི་སྲོག་ཆགས།

སྲོག་ཆགས་ལ་སྒལ་ཚིགས་ཡོད་མེད་ཀྱི་སྒོ་ནས་རིགས་གཉིས་སུ་དབྱེ་སྟེ་སྒལ་ཚིགས་སྲོག་ཆགས་དང་སྒལ་ཚིགས་མེད་པའི་སྲོག་ཆགས། སྒལ་ཚིགས་མེད་པའི་སྲོག་ཆགས་ནི་སྒལ་པར་ཚིགས་མེད་པའི་སྲོག་ཆགས་ཏེ་སྲོག་ཆགས་ཀྱི་ཆེས་གདོད་མའི་རྣམ་པ་དེ་ཡིན།

རིགས་དབྱེ།  

དུང་དཀར་བུ་ཁྲིད།

དུང་དཀར་བུ་ཁྲིད་ནི་ལུས་མཉེན་སྲོག་ཆགས་ཁོངས་ཀྱི་གསུས་སུག་ཡོད་པའི་སྐོར་ཡིན། བཟའ་བཅའ་ནི་རྩི་ཤིང་ཡིན། སྒོ་ང་སྡོང་པོའི་སྟེང་དང་ས་ནང་དུ་གཏོང་བ་ཡིན། ཚ་ཁུལ་གླིང་ཕྲན་ནས་རྒྱུན་ཏུ་མཐོང་ཐུབ། འོན་ཀྱང་གྲང་ངེར་ཆེ་བའི་ས་ཁུལ་ནས་འཚོ་སྡོད་བྱས་ཡོད་པའང་ཡོད། སྡོང་མགོར་ཡོད་པའི་དུང་དཀར་བུ་ཁྲིད་ཀྱི་ཁ་དོག་ཅུང་བཀྲག་མདངས་ལྡན་ལ་ས་སྟེང་ནས་འཚོ་སྡོད་བྱས་ཡོད་པའི་དུང་དཀར་བུ་ཁྲིད་ཀྱི་ལུས་སྟེང་དུ་ཁྲ་ཐིག་ཡོད།

རིགས་དབྱེ།  

ཕྱེ་མ་ལེབ།

ཁྲབ་གཤོག་ཁག་གི་འབུ་སྲིན་ཡིན་པ་དང་། གཤོག་པ་ཆེན་པོའི་སྟེང་དུ་ཁྲབ་ལེབ་མང་པོ་བསྒྲིགས་ཡོད་ལ་ཚོན་ཁྲའི་རི་མོ་གྲུབ་ཡོད། ཕྱེ་ལེབ་ཀྱི་འབུ་ཕྲུག་ལ་སྤྱིར་བཏང་དུག་སྤུ་དང་། དྲིན་ངན་གཤེར་རྨེན། ཕྱེ་ལེབ་དར་མ་ལ་དབྱུ་གུའི་གཟུགས་ཀྱི་དབང་རྭ་ཡོད་པ་དང་། ས་ལ་བབས་ཏེ་སྡོད་སྐབས་གཤོག་པ་ཟུང་རྒྱབ་ཏུ་ཕན་ཚུན་འབྱར་ནས་ཡར་བསླངས་ཏེ་འཇོག ཕྱེ་ལེབ་ཕལ་ཆེ་བ་ཉིན་དཀར་རྒྱུ་བ་ཡིན།

རིགས་དབྱེ།  

ཐུང་ལིང་ཚྭ་མེད་ཆུའི་ཆུ་ཕག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།

ཐུང་ལིང་ཚྭ་མེད་ཆུའི་ཆུ་ཕག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་གྲམ་ཐང་འདམ་ར་གཙོ་བོར་བྱས་པའི་སྐམ་སའི་ཚྭ་མེད་ཆུའི་འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་པ་དང་། ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཁྱེར་གྱི་ཉེ་འདབས་སུ་གནས་པ་དང་། དེ་སྔའི་སྤྱི་ལོ1993ལོར་བསྐྲུན་པའི་ཐུང་ལིང་གི་ཆུ་ཕག་གསོ་ཚགས་ར་བ་ཡིན་པ་དང་། སྤྱི་ལོ2006ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤོར་བྱས་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང31518ཟིན་ཡོད།

རིགས་དབྱེ།  

མཚན་འཕུར་ཕྱེ་ལེབ་རིགས།

གཙོ་བོ་ཆུ་པདྨ་དང་རི་ཇ། མེ་ཏོག་ཉི་ཚེ་མ། མེ་ཏོག་ལུག་མིག།ཤིང་པདྨ། རྒྱ་སལ། འོ་སེའི་ཤིང་སོགས་སྡོང་རའི་རྩི་ཤིང་ལ་གནོད་པ་དང་། སྒོ་ང་ལས་ཐོན་པའི་འབུ་ཕྲུག་ལོ་མའི་རྒྱབ་ལོགས་ལ་འདུས་ནས་ལོ་མའི་ཕྱི་ཤུན་དང་ལོ་ཤ་ཟོས་པ་ན། ལོ་མའི་རྩ་རིས་དང་ཕྱི་ཤུན་གོང་མ་མ་གཏོགས་མི་བསྐྱུར།

རིགས་དབྱེ།  

མཚན་འཕུར་གསེག་རིས་ཕྱེ་ལེབ།

གཙོ་བོ་ཆུ་པདྨ་དང་རི་ཇ། མེ་ཏོག་ཉི་ཚེ་མ། མེ་ཏོག་ལུག་མིག ཤིང་པདྨ། རྒྱ་སལ། འོ་སེའི་ཤིང་སོགས་སྡོང་རའི་རྩི་ཤིང་ལ་གནོད་པ་དང་སྒོ་ང་ལས་ཐོན་པའི་འབུ་ཕྲུག་ལོ་མའི་རྒྱབ་ལོགས་ལ་འདུས་ནས་ལོ་མའི་ཕྱི་ཤུན་དང་ལོ་ཤ་ཟོས་པ་ན། ལོ་མའི་རྩ་རིས་དང་ཕྱི་ཤུན་གོང་མ་མ་གཏོགས་མི་བསྐྱུར།

རིགས་དབྱེ།  

མཚན་འཕུར་ཕྱེ་ལེབ་དངུལ་ཁྲ།

མིང་གཞན་ལ་མཚན་འཕུར་ཕྱེ་ལེབ་ནག་ཐིག་ཅན་ཟེར། རྟེན་བདག་ལ་ལུག་མིག་དང་སྲན་མའི་རིགས། རམས་རྩད། དག་ཅི་སོགས་མེ་ཏོག་དང་སྔོ་ཚོད་སྣ་མང་ཡོད།། འབུ་ཕྲུག་གིས་ལོ་མ་ཟོས་ནས་ཁུང་བུ་དང་ཁ་ཤོ་བར་བྱེད།

རིགས་དབྱེ།  

འབྱར་འབུ་མགོ་སེར།

མིང་གཞན་ལ་འབུ་དཔུང་འཇུག་ཅན་ཟེར།། འབུ་འདི་ནི་བག་མེད་ལྟོ་འདུན་ཅན་གྱི་གནོད་འབུ་ཞིག་ལགས། འབུ་ཕྲུག་གིས་ལོ་མ་ཟོས་ནས་ཁུང་བུ་དང་ཁ་ཤོ་ལ་གཏོང་ཞིང་། ཚབས་ཆེ་དུས་ལོ་འདབ་ཡོངས་རྫོགས་ཟོས་ཚར་ནས་གྱོང་གུད་ཚབས་ཆེན་བཟོ་སྲིད།

རིགས་དབྱེ།  

གྲུ་དབྱིབས་ཕྱེ་ལེབ་རིགས།

མིང་གཞན་ལ་སྦྱར་ཤིང་གཡབ་དབྱིབས་ཕྱེ་ལེབ་ཟེར། འབུ་ཕྲུག་གིས་སྦྱར་བ་དང་ལྕང་མའི་ལོ་མར་གནོད་པ་བྱེད་ལ། ཚབས་ཆེ་ཚེ་དུས་ཡུན་ཐུང་ངུའི་ནང་ལོ་མ་ཡོངས་རྫོགས་ཟོས་ཚར་ནས། སྡོང་པོའི་སྐྱེས་སྟོབས་ལ་ཤུགས་རྐྱེན་བཟོ།

རིགས་དབྱེ།  

སྦྱར་ཤིང་རླུང་གཡབ་ཕྱེ་ལེབ།

མིང་གཞན་ལ་སྦྱར་ཤིང་གཡབ་དབྱིབས་ཕྱེ་ལེབ་ཟེར། འབུ་ཕྲུག་གིས་སྦྱར་བ་དང་ལྕང་མའི་ལོ་མར་གནོད་པ་བྱེད་ལ། ཚབས་ཆེ་ཚེ་དུས་ཡུན་ཐུང་ངུའི་ནང་ལོ་མ་ཡོངས་རྫོགས་ཟོས་ཚར་ནས། སྡོང་པོའི་སྐྱེས་སྟོབས་ལ་ཤུགས་རྐྱེན་བཟོ།

རིགས་དབྱེ།  

གྲུ་དབྱིབས་ཕྱེ་ལེབ།

མིང་གཞན་ལ་འབུ་གྲུ་དབྱིབས་སྤུ་ལྡན་དང་ཀུ་ཤུའི་ཕྱེ་ལེབ་ཀྱང་ཟེར།། མངར་འབྲས་དང་སེའུ། སྐྱུ་རུ། ཅུ་ལི། ལྕང་མ་སོགས་སྡོང་པོར་གནོད་བྱེད་པ་གཙོ།། འབུ་ཕྲུག་གིས་ལོ་མར་གནོད་པ་བྱེད་ཅིང་། ཚབས་ཆེ་དུས་ལོ་མ་ཡོངས་རྫོགས་ཟོས་ཚར་འགྲོ།

རིགས་དབྱེ།  

ཚེར་ལྡན་ཕྱེ་ལེབ་རིགས།

འབུ་ཕྲུག་གིས་སིལ་དམར་དང་སྟར་ག ཨ་མྲ། ཀུ་ཤུ སྦྱར་བ་སོགས་རྩི་ཤིང་སྣ90ལྷག་ལ་གནོད་པ་བྱེད་ཅིང་། ལོ་མར་བུ་ག་བཏོད་པ་དང་ཁ་ཤོ་བཟོས་ནས། ལོ་མའི་རྩ་རིས་དང་ལོ་ཡུ་མ་གཏོགས་མི་ལྷག་ལ། སྡོང་པོའི་སྐྱེས་སྟོབས་དང་སིལ་ཏོག་ཐོན་ཚད་ལ་ཤུགས་རྐྱེན་ཆེན་པོ་བཟོ་སྲིད།

རིགས་དབྱེ།  

ཚེར་སེར་ཕྱེ་ལེབ།

འབུ་ཕྲུག་གིས་སིལ་དམར་དང་སྟར་ག ཨ་མྲ། ཀུ་ཤུ། སྦྱར་བ་སོགས་རྩི་ཤིང་སྣ90ལྷག་ལ་གནོད་པ་བྱེད་ཅིང་། ལོ་མར་བུ་ག་བཏོད་པ་དང་ཁ་ཤོ་བཟོས་ནས། ལོ་མའི་རྩ་རིས་དང་ལོ་ཡུ་མ་གཏོགས་མི་ལྷག་ལ། སྡོང་པོའི་སྐྱེས་སྟོབས་དང་སིལ་ཏོག་ཐོན་ཚད་ལ་ཤུགས་རྐྱེན་ཆེན་པོ་བཟོ་སྲིད།

རིགས་དབྱེ།  

འདབས་སྨུག་ཚེར་ལྗང་ཕྱེ་ལེབ།

རྟེན་བདག་རྩི་ཤིང་ལ་ལོ་ཆེན་སྦྱར་སེར་དང་རྒྱ་སལ། མངར་འབྲས། གསེར་སྤོས། ཤིང་པདྨ། རྩྭ་པདྨ། ཀུ་ཤུ། ཆང་བ་ལི། ཁམ་བུ། མངར་ཁམ། ཅུ་ལི། སེའུ། སིལ་དམར། ཨ་མྲ། སྟར་ག། ཤིང་འབྲས་པན་ལི། སྐྱུར་རུ། སྦྱར་བ། ལྕང་མ་སོགས་སིལ་སྡོང་དང་མེ་ཏོག་ཅན་ཡོད། འབུ་ཕྲུག་གིས་ལོ་མ་ཟ་བ་དང་ན་ཆུང་འབུ་ཕྲུག་གིས་ལོ་ཤ་ཟོས་ནས་ཕྱི་ཤུན་མ་གཏོགས་མི་ལྷག་ཅིང་། ན་ཚོད་ཅུང་ཟད་ཆེ་དུས་ལོ་མར་བུ་ག་བཏོད་པའམ་ཁ་ཤོ་གཏོང་ལ། སྐབས་རེར་ལོ་མའི་རྩ་རིས་མ་གཏོགས་མི་ལྷག་ཅིང་། ཚབས་ཆེ་དུས་སྡོང་པོ་སྐྱེས་པར་ཤུགས་རྐྱེན་བཟོ་བ་རེད།

རིགས་དབྱེ།  

ཚེར་ལེབ་ཕྱེ་ལེབ།

སིལ་དམར་ལ་གནོད་པ་ལས་གཞན། ད་དུང་ཀུ་ཤུ་དང་ཆང་བ་ལི། ཁམ་བུ། ཝུའུ་ཐུང། སྦྱར་དཀར། ཕའོ་ཐུང་། གསེར་སྤོས། སེའུ་མེ་ཏོག རྩྭ་པདྨ་སོགས་སིལ་སྡོང་དང་མེ་ཏོག་རིགས་སྣ་མང་པོ་ལའང་གནོད་པ་རེད།། འབུ་ཕྲུག་གིས་ལོ་མ་ཟོས་ཏེ་གནོད་པ་དང་། ཚབས་ཆེ་ན་རྟེན་བདག་རྩི་ཤིང་གི་ལོ་མ་ཡོངས་རྫོགས་ཟོས་ཚར།

རིགས་དབྱེ།  

ཕྱེ་ལེབ་ཁུག་མ་ཅན།

རྟེན་བདག་རྩི་ཤིང་ལ་ཕའོ་ཐུང་དང་།ལྕང་མ། ཀུ་ཤུ ཁམ་བུ། སྟར་ག རྒྱ་སལ། སྟག་ཆུང་སོགས་ཚན་པ90ཙམ་གྱི་རྩི་ཤིང་རིགས600ལྷག་ཡོད།། འབུ་ཕྲུག་གིས་ཁུག་མ་ཁུར་ནས་སྐྱོད་ཅིང་། གནོད་དུས་ལུས་ཕྱེད་ཀྱི་མང་ཆེ་བ་ཁུག་མ་ལས་སྲིང་ཡོད། ལོ་མ་དང་གསར་འབུས་ཡལ་ག།། སིལ་ཏོག་ཆུང་ཆུང་བཅས་ཟ་ལ། གནོད་པ་ཚབས་ཆེ་དུས་ཉིན་འགའི་ནང་ལ་སྡོང་པོའི་ལོ་མ་ཡོངས་རྫོགས་ཟོས་ཚར་འགྲོ། སྡོང་པོའི་སྐྱེས་སྟོབས་ལ་ཤུགས་རྐྱེན་ཆེན་པོ་བཟོ།

རིགས་དབྱེ།  

ཁུག་ཆེན་ཕྱེ་ལེབ།

རྟེན་བདག་རྩི་ཤིང་ལ་ཕའོ་ཐུང་དང་ལྕང་མ། ཀུ་ཤུ ཁམ་བུ། སྟར་ག རྒྱ་སལ། སྟག་ཆུང་སོགས་ཚན་པ90ཙམ་གྱི་རྩི་ཤིང་རིགས600ལྷག་ཡོད། འབུ་ཕྲུག་གིས་ཁུག་མ་ཁུར་ནས་སྐྱོད་ཅིང་། གནོད་དུས་ལུས་ཕྱེད་ཀྱི་མང་ཆེ་བ་ཁུག་མ་ལས་སྲིང་ཡོད། ལོ་མ་དང་གསར་འབུས་ཡལ་ག སིལ་ཏོག་ཆུང་ཆུང་བཅས་ཟ་ལ། གནོད་པ་ཚབས་ཆེ་དུས་ཉིན་འགའི་ནང་ལ་སྡོང་པོའི་ལོ་མ་ཡོངས་རྫོགས་ཟོས་ཚར་འགྲོ། སྡོང་པོའི་སྐྱེས་སྟོབས་ལ་ཤུགས་རྐྱེན་ཆེན་པོ་བཟོ།

རིགས་དབྱེ།  

ཁུག་ཆུང་ཕྱེ་ལེབ།

མིང་གཞན་ལ་ཇ་ཁུག་ཕྱེ་ལེབ་ཟེར། ཇ་ཤིང་མེ་ཏོག་དང་དཔྱིད་ཚེས་མེ་ཏོག རྩྭ་པདྨ། ཤིང་པདྨ། རྒྱ་སལ། རྒྱ་སེ་སོགས་མེ་ཏོག་དང་སྡོང་པོ་སྣ་མང་ལ་གནོད་པ་གཙོ།། སྒོ་ང་ཐོན་མགོའི་འབུ་ཕྲུག་གིས་ཁ་ཉག་སྐྱུགས་ཤིང་། རླུང་ལ་བརྟེན་ནས་ཁྱབ་པ་རེད། སྔོན་ལ་ཁ་ཉག་སྐྱུགས་ནས་ཁུག་མ་བཟོ་བ་དང་། རྗེས་ནས་ཁུག་མ་འཁུར་བར་གནོད་པ་བྱེད། ཁུག་མ་དེ་ལག་ཆགས་པ་དང་བསྟུན་ནས་ཇེ་ཆེར་འགྲོ། ཉིན་སྐུང་མཚན་ལྡང་དང་། གནོད་པ་ཚབས་ཆེན་འབྱུང་དུས་ལོ་མ་ཐུབས་མར་ཟོས་ནས་ཡུལ་ལྗོངས་ལྗང་འགྱུར་ལ་ཤུགས་རྐྱེན་བཟོ།

རིགས་དབྱེ།  

ཕྱེ་ལེབ་ཁུག་མ་ཅན་གྱི་འགོག་སེལ་ལག་རྩལ།

ཕྱེ་ལེབ་ཁུག་མ་ཅན་འགོག་སེལ་ལག་རྩལ་ནི་སྡོང་རའི་རྒྱུན་ལྡན་གྱི་སྐྱེ་འཕེལ་ལ་འགན་སྲུང་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན།

རིགས་དབྱེ།  

འབུ་མེ་ལྕེབས་རིགས།

འབུ་འདི་མེ་གླིང་བྱང་རྒྱུད་ནས་ཐོན་པ་དང་། གནོད་པ་ཧ་ཅང་ཆེ་བའི་འཛམ་གླིང་ཅན་གྱི་རིམས་གཤེར་བསྐྱང་བྱའི་གནོད་འབུ་ཞིག་རེད། འབུ་འདིའི་ཟས་རིགས་སྣ་ཚོགས་ཡོད་མོད། འོན་ཀྱང་ཀུ་ཤུདང་སྐྱུ་རུ། ཁམ་བུ། ཆང་བ་ལི། མངར་འབྲས། སང་ཤིང་། སྟབ་སེང་། སྦྱར་བ། ལྕང་མ། ཡོ་འབོག་སོགས་སིལ་སྡོང་དང་ལམ་སྐྱོང་སྡོང་བོ། མེ་ཏོག་བཅས་ལ་གནོད་པ་རེད།

རིགས་དབྱེ།