ཡོངས་འཛིན་རིག་མཛོད། >ས་ཁམས། >ས་གཤིས།

པོ་ལི་ཝེ་ཡ་མཐོ་སྒང་།

པོ་ལི་ཝེ་ཡ་མཐོ་སྒང་ནི་གླིང་ཆེན་མེ་གླིང་ལྷོ་མར་ཡོད། ཆ་སྙོམས་མཐོ་ཚད་སྨི3800དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི35ཡོད། དབུས་རྒྱུད་ནི་ལུང་ཁུག་ཡིན་ལ་དེར་ཞིང་ལས་དར་རྒྱས་ཆེ། གྲོང་ཁྱེར་ཆེ་བ་མང་བོའང་གནས་འདིར་འདུས་ཡོད། མཐོ་སྒང་བྱང་ཕྱོགས་ཀྱི་ས་ཞིང་གཤིན་པོ་ཡིན་པས་མི་འབོར་འདུས་སྡོད་ས་ཁུལ་ཏུ་གྱུར་ཡོད། ལྷོ་ཕྱོགས་ནི་སྐམ་ཤས་ཆེ་བའི་བྱེ་ཐང་ཡིན། ས་རྒྱུད་ཡིན་པའི་རྐྱེན་གྱིས་དུད་ཚང་ཉུང་བ་ཡིན། གཏེར་ཁ་སྔོག་འདོན་ཆེད་དུ་ཡོང་བ་ལས་གྲུབ་པའི་གྲོང་རྡལ་ཆུང་ཆུང་ཐར་ཐོར་དུ་ཁྱབ་པ་ཙམ་ལས་གྲོང་ཁྱེར་ཆེ་བ་མཐོང་རྒྱུ་མི་འདུག མཐོ་སྒང་གི་ཏི་ཏི་ཁ་ཁ་མཚེའུ་ནི་གླིང་ཆེན་མེ་གླིང་ལྷོ་མའི་ཆེས་ཆེ་བའི་མཚེའུ་ཡིན།

རིགས་དབྱེ།  

ཡོབ་གླིང་ཤར་མའི་བདེ་ཐང་།

ཡོབ་གླིང་ཤར་མའི་བདེ་ཐང་ནི་ཡོ་རོབ་གླིང་གི་ཤར་ཕྱོགས་སུ་ཡོད་ལ། དེ་ནི་འཛམ་གླིང་གི་བདེ་ཐང་ཆེ་བ་ཨང་གཉིས་པ་ཡིན། དེའི་ཁྱབ་ཁོངས་བྱང་ཕྱོགས་ཀྱི་བྱང་འཁྱགས་རོམ་རྒྱ་མཚོ་ནས་ལྷོའི་མཚོ་ནག་དང་མཚེའུ་ནང་མའི་བར་དུ་ཡོད། ཤར་གྱི་ཝུ་ལར་རི་རྒྱུད་ནས་ནུབ་ཀྱི་པོ་ལུའོ་ཏི་མཚོ་བར་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི400ལྷག་ཡོད་པའི་རྒྱ་ཆེ་བའི་ས་ཁོངས་ཡིན། ཆ་སྙོམས་ཀྱི་མཚོ་འཕགས་ཧ་ལམ་སྨི170ཙམ་ཡིན། ཡོབ་གླིང་ཤར་མའི་བདེ་ཐང་གི་ས་ཁོངས་མང་ཆེ་བ་ཨུ་རུ་སུའི་མངའ་ཁོངས་ན་ཡོད། དེའི་རྐྱེན་གྱིས་ཨུ་རུ་སུའི་བདེ་ཐང་ཡང་ཟེར།

རིགས་དབྱེ།  

ཡ་མ་སུན་བདེ་ཐང་།

ཡ་མ་སུན་བདེ་ཐང་ནི་མེ་གླིང་ལྷོ་མའི་བྱང་ཕྱོགས་སུ་ཡོད་ལ། ཡ་མ་སུན་གཙང་བོའི་སྨད་དབུས་རྒྱུད་དུ་ཡོད། ཀུའེ་ཡ་ན་མཐོ་སྒང་དང་པར་ཙིལ་མཐོ་སྒང་གི་བར་ན་ཡོད། ནུབ་ཕྱོགས་ཨན་ཏི་སི་རི་རྒྱུད་དང་ཤར་ཕྱོགས་ནུབ་རྒྱ་མཚོ་ཆེན་མོ། པར་ཙིལ་རྒྱལ་ཁབ། ཕེ་རུ་རྒྱལ་ཁབ། ཁོ་ལོམ་པི་ཡ་རྒྱལ་ཁབ། པོ་ལི་ཝེ་ཡ་བཅས་རྒྱལ་ཁབ་བཞིའི་ས་ཁོངས་བརྒལ་ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ560ཡོད(པར་ཙིལ་ས་ཁོངས་སུ་སྟོང་སྨི་གྲུ་བཞི་མ220ཡོད་པ་དེས་པར་ཙིལ་རྒྱལ་ཁབ་ཀྱི1/3ཟིན་ཡོད)འཛམ་གླིང་ཐོག་རྒྱ་ཁྱོན་ཆེས་ཆེ་བའི་འདེད་གསོག་བདེ་ཐང་ཡིན། ཡ་མ་སུན་བདེ་ཐང་དུ་ཚ་ཁུལ་ཆར་ནགས་སྟུག་པོར་ཁྱབ་ཡོད་ལ། སྐྱེ་དངོས་ཀྱི་རིགས་སྣ་མང་ཞིང་ཕུན་སུམ་ཚོགས་པ་དང་སྲོག་ཆགས་ཀྱི་རིགས་དེ་བས་ཀྱང་ཕུན་སུམ་ཚོགས་པོ་ཡོད་ལ་མང་ཤོས་སྡོང་བོའི་སྟེང་དུ་འཚོ་གནས་བྱས་པའི་སྲོག་ཆགས་ཡིན། གཏེར་ཁའི་རིགས་ལ་གཙོ་བོ་རྡོ་སྣུམ་ཡོད། མི་སྡེ་ཉུང་ཞིང་། སྤྱིའི་མི་གྲངས་ཁྲི1500ཡོད། དེའི་ནང་ཁྲི10ནགས་ཚལ་ཏུ་འཚོ་བ་རོལ་བའི་འབྱིན་ཏི་ཨན་པའི་མི་ཡིན། དུས་རབས20བའི་ལོ་རབས60ནས། འཆར་གཞི་ཡོད་པའི་སྒོ་ནས་ཡུལ་མི་གནས་སྤོ་བར་རྩ་འཛུགས་བྱས་པ་དང་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བ། རང་བྱུང་ཐོན་ཁུངས་གསར་སྤེལ་བྱས་ཏེ། ཡ་མ་སུན་བདེ་ཐང་ས་ཁོངས་ཧྲིལ་བོར་བརྒལ་བའི་གཞུང་ལམ་འཛུགས་སྐྲུན་བྱས་ཡོད།

རིགས་དབྱེ།  

མདོ་དབུས་མཐོ་སྒང་།

མདོ་དབུས་མཐོ་སྒང(Qinghai-Tibet plateauདངTibetan plateau )ནི་འཛམ་གླིང་དུ་ཆེས་མཐོ་བ་དང་ཀྲུང་གོར་ཆེས་ཆེ་བའི་མཐོ་སྒང་ཡིན། དེ་ཀྲུང་གོའི་རྒྱལ་ཁོངས་ཀྱི་ཁྱབ་སྟངས་ནི་ལྷོ་ནུབ་ཀྱི་བོད་ལྗོངས་དང་སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས། དེ་མིན་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་ཀྱི་ས་ཁུལ་ཁ་ཤས། བྱང་ཤར་ཕྱོགས་སུ་མཚོ་སྔོན་གྱི་ས་ཁུལ་མང་ཆེ་ཤས། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས། ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་བཅས་འདུས་པ་ཡིན། མདོ་དབུས་མཐོ་སྒང་གི་ས་ཁོངས་ཧྲིལ་བོའི་ཁྲོད་འབྲུག་ཡུལ་དང་བལ་ཡུལ། རྒྱ་གར། ཕ་ཁི་སི་ཐན། ཨ་ཧྥུ་ཧན། ཐ་ཅི་ཁེ་སི་ཐན། ཅེར་ཅེ་སི་ཐན་གྱི་ས་ཁོངས་ཁག་གཅིག་ཀྱང་འདུས་པ་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི300ལ་ཉེ། ཀྲུང་གོའི་མངའ་ཁོངས་སུ་སྟོང་སྨི་གྲུ་བཞི་མ་ཁྲི257ཡོད། ཆ་སྙོམས་ཀྱི་མཚོ་འཕགས་སྨི4000-5000ཡོད། མདོ་དབུས་མཐོ་སྒང་ལ “འཛམ་གླིང་ཡང་རྩེ”དང“སྣེ་གསུམ་པ”ཞེས་གྲགས་ལ། འཛམ་གླིང་གི་གཙང་བོ་ཆེན་པོ་མང་བོའི་འབྱུང་ཁུངས་ཡིན། མདོ་དབུས་མཐོ་སྒང་ལ་འཛམ་གླིང་གི་ཡང་རྩེ་ཞེས་པའི་མཚན་སྙན་གསོལ་བ་དང་། དེའི་དམིགས་བསལ་གྱི་སྤྱི་ཚོགས་རིག་གནས་དང་རང་བྱུང་ཡུལ་ལྗོངས་དེ་གོ་ལ་ཟླུམ་པོར་མིང་དུ་གྲགས་ཡོད་པས། ཚན་རིག་ཉེན་བརྟག་པ། མྱུལ་ཞིབ་པ། སྐྱེ་ཁམས་ལྗོངས་རྒྱུ་པ་ཚོས་ཡིད་སྨོན་བྱེད་ས་དང་ལྟ་སྐོར་དུ་འགྲོ་བའི་གནས་མཆོག་ཏུ་གྱུར་ཡོད། མདོ་དབུས་མཐོ་སྒང་གི་རྣམ་པ་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དེ་དག་ཀྱང་འཛམ་གླིང་ཡང་རྩེའི་སྐྱེ་ཁམས་ཁོར་ཡུག་ཁྱད་པར་ཅན་དང་སྐྱེ་དངོས་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཀྱི་བང་མཛོད་ཅིག་ཡིན་ལ་ཚན་རིག་གི་རིན་ཐང་ཡང་ལྡན་ནོ།།

རིགས་དབྱེ།  

ཐཱ་ཁི་ལ་མ་ཀན་བྱེ་ཐང་ཆེན་མོ།

ཞིན་ཅང་གི་ཤར་ལྷོའི་ས་ཁུལ་གྱི་ཐཱ་ཁི་ལ་མ་ཀན་བྱེ་ཐང་ཆེན་པོའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི33ཡོད་པ་དང་། དེ་ནི་ཀྲུང་གོའི་ཆེས་ཆེ་བའི་བྱེ་ཐང་ཆེན་པོ་དང་འཛམ་གླིང་གི་སྤོ་སྐྱོད་བྱེད་པའི་བྱེ་ཐང་ཆེན་པོ་གཉིས་པའང་ཡིན། ཐཱ་ཁི་ལ་མ་ཀན་ནི་ཡུ་གུར་གྱི་སྐད་དེ་ཕར་འགྲོ་ཡོད་ཀྱང་ཚུར་ཡོང་མེད་ཅེས་པའི་དོན་ཡིན་པས། ཐཱ་ཁི་ལ་མ་ཀན་བྱེ་ཐང་ཆེན་པོ་ལ་གཤིན་ཐང་ཆེན་པོ་ཞེས་འབོད་པ་རེད།

རིགས་དབྱེ།  

ཡར་ཀླུང་གཙང་པོའི་གྲོག་རོང་།

བོད་ལྗོངས་ཀྱི་ཡར་ཀླུང་གཙང་བོའི་སྨད་རྒྱུད་དུ་མིའི་རིགས་ཀྱི་ཆེས་མཐའ་མཇུག་གི་དག་ཞིང་ཞེས་གྲགས་པའི་གནས་ཤིག་ཡོད་དེ། དེ་ནི་ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་པོ་རེད། ཡར་ཀླུང་གཙང་བོ་གྲོག་རོང་ཆེན་པོ་ནི་ཧི་མ་ལ་ཡའི་རི་རྒྱུད་དང་གཉན་ཆེན་ཐང་ལྷའི་རི་རྒྱུད། འཕྲེད་རྒྱུག་རི་རྒྱུད་གསུམ་གྱི་འབྲེལ་མཚམས་སུ་ཡོད།

རིགས་དབྱེ།  

ཨ་ཆེན་གངས་རྒྱུད།

རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་སྟོང་ལྔ་ནས་སྟོང་དྲུག་ལ་སོན་པ་དང་། གནམ་གཤིས་གྲང་ངར་ཆེ་ཞིང་སྐམ་ཤས་ཆེ་བ། གནས་གཤིས་དེ་འདྲའི་བཟང་རྒྱུ་མེད་མོད། ཡིན་ནའང་གནས་འདི་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡིན་པ་དང་། དང་བླངས་པ་མང་བོ་ཞིག་གིས་དཀའ་ངལ་རྒྱབ་ཏུ་དོར་ནས་གནས་འདིར་ལྷགས་ཏེ། རི་དྭགས་གཙོད་སོགས་སྲུང་སྐྱོབ་བྱེད་པའི་ཆེད་དུ་ལེ་ལན་མེད་པར་བྱ་བ་སྒྲུབ་བཞིན་ཡོད་ཅིང་། གནས་འདི་ནི་མིང་གྲགས་ཆེ་བའི་ཨ་ཆེན་གངས་རྒྱུད་ཡིན།

རིགས་དབྱེ།  

ཧུའོ་ཡན་རི་བོ།

ཧུའོ་ཡན་ཧྲན་ནི་རྒྱ་ནག་སྐད་དེ་མེ་ལྕེ་དགུང་དུ་མཆེད་པའི་རི་བོ་ཞེས་པའི་དོན་ཡིན་པ་རེད། རི་བོ་ཧུའོ་ཡན་ཧྲན་ནི་ཞིན་ཅང་གི་ཐུའུ་ལུའུ་ཧྥན་གཤོང་སའི་དཀྱིལ་དབུས་སུ་ཡོད་པ་དང་། སྤྱིའི་རིང་ཚད་ལ་སྟོང་སྨི་གོ་བརྒྱད་ཡོད་པ་དང་། ཞེང་ལ་སྟོང་སྨི་དགུ་ཡོད། ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི་ལྔ་བརྒྱ་མཆིས། འདི་ནི་རྒྱལ་ཡོངས་ཀྱི་ཚ་བ་ཆེས་ཆེ་བའི་ས་གནས་ཡིན།

རིགས་དབྱེ།  

ས་སེར་མཐོ་སྒང་།

ང་ཡི་ཕ་ཡུལ་ས་སེར་ལ་ན་ཡོད། རླུང་ཆེན་ལ་མགོ་ལྡིང་ནས་བྱུང་། དེ་སྔ་འདི་ལྟ་བུའི་གླུ་གཞས་ཤིག་དར་མྱོང་ཞིང་། གླུ་གཞས་ལས་བསྟན་པའི་ས་སེར་ལ་རིང་ནི་ས་ཁམས་རིག་པས་བརྗོད་བཞིན་པའི་ས་སེར་མཐོ་སྒང་ཡིན་ལ། འཛམ་གླིང་སྟེང་གི་ཆེས་ཆེ་བའི་ས་སེར་སྙིགས་བསགས་ས་ཁུལ་ཡང་ཡིན་ནོ། ། ས་སེར་མཐོ་སྒང་ནི་རྨ་ཆུའི་བར་རྒྱུད་སྟོད་ཕྱོགས་ཀྱི་ས་ཁུལ་ཡིན་ཞིང་། རི་ཀླུང་ཐང་གསུམ་གྱི་ངོས་ཆགས་ཚུལ་ཆེན་པོ་གསུམ་ནི་གནས་འདི་ཡི་གྲུབ་ཆ་གཙོ་བོ་ཡིན། ས་སེར་མཐོ་སྒང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་བཞི་བཅུ་ལྷག་ཡོད།

རིགས་དབྱེ།  

རྒྱལ་མོ་དམུ་རྡོ།

རྒྱལ་མོ་དམུ་རྡོའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་རོང་བྲག་རྫོང་མཁར་གྱི་བྱང་ཤར་དུ་གནས་པ་དང་། ཅིན་ཁྲོན་ཆུ་བོ་ཆེ་ཆུང་གཉིས་ཀྱི་བར་དུ་གནས་ཤིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2000ནས་སྨི4800ཡོད་ལ། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ621ཡོད། དྲོད་འཇམ་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།

རིགས་དབྱེ།  

ཀོ་ལིན་ལན་གླིང་ཕྲན།

ཀོ་ལིན་ལན་གླིང་ཕྲན་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་གླིང་ཕྲན་ཡིན། ཀོ་ལིན་ལན་གླིང་ཕྲན་གྱི་རྒྱ་ཁྱོན་ལ་ཕལ་ཆེར་སྟོང་སྨི་གྲུ་བཞི་མ2166086ཡོད། དེ་ནི་མེ་གླིང་བྱང་མ་དང་འཁྱགས་རུམ་རྒྱ་མཚོ་བྱང་མ། ནུབ་རྒྱ་མཚོ་ཆེན་མོ་བཅས་ཀྱི་དབུས་ན་ཡོད། བྱང་མཐའ་བྱང་སྣེའི་དཀྱིལ་ཐིག་དང་བར་ཐག་སྟོང་སྨི800ལས་མེད་པ་དང་། གླིང་ཕྲན་དེའི་རྒྱ་ཁྱོན་གྱི་སུམ་ཆའི་གཉིས་ནི་བྱང་སྣེའི་མུ་ཁྱུད་ཁྲོད་གནས་པས་གནས་དེ་རུ་འཚོ་སྡོད་བྱེད་པའི་སྡོད་དམངས་ཀྱིས་ལོ་རེར་ཧ་ལམ་ཉིན260རིང་ལ་མཚན་མོའི་འཚོ་བ་རོལ་བཞིན་ཡོད།

རིགས་དབྱེ།  

ཁི་ལུའོ་ལ་ཏུའོ་གྲོག་རོང་ཆེན་པོ།

ཁི་ལུའོ་ལ་ཏུའོ་གྲོག་རོང་ནི་ཨ་མེ་རི་ཁའི་ནུབ་ཁུལ་གྱི་ཡཱ་ལེ་སང་ན་ཀྲོའུ་ཡི་ནུབ་བྱང་གི་ཁའེ་པ་པུའུ་མཐོ་སྒང་དུ་མཆིས་ལ། སྤྱིའི་རིང་ཚད་ལ་སྟོང་སྨི446ཡོད། དེ་ནི་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་གྲོག་རོང་ཆེན་པོའི་ཁྲོད་ཀྱི་གཅིག་ཡིན། གྲོག་རོང་དེའི་རྣམ་པ་དོ་མི་མཉམ་ཞིང་། ཆ་སྙོམས་ཀྱི་ཞེང་ཚད་ལ་སྟོང་སྨི16དང་ཆེས་ཟབ་སར་སྨི1740ཡོད། ཤིན་ཏུ་རིང་བའི་གྲོག་རོང་དེ་ཁོད་ཡངས་དོག་གཉིས་སུ་ཡོད་ལ། བྲག་ངོས་ཀྱི་དབྱིབས་སྣ་ཚོགས་སུ་ཡོད་པ་དང་ཀྱག་ཀྱོག་ཆེ་བས་གཏུམ་དྲག་ཆེ་བའི་སྦྲུལ་ཆེན་ཞིག་ཁའེ་པ་པུའུ་མཐོ་སྒང་དུ་གོག་འགྲོག་བྱེད་པ་དང་མཚུངས།

རིགས་དབྱེ།  

ཧྥོ་ལེ་ཙེ་གླིང་ཕྲན།

འཛམ་གླིང་སྟེང་གི་ཆེས་ཆེ་བའི་བྱེ་མའི་གླིང་ཕྲན་ནི་ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲི་ལེན་གྱི་ཤར་ལྷོའི་མཚོ་འགྲམ་གྱི་ཧྥོ་ལེ་ཙེ་གླིང་ཕྲན་ཡིན། གླིང་ཕྲན་གྱི་རིང་ཚད་ལ་སྟོང་སྨིས122དང་། རྒྱ་ཁྱོན་ལ་ཧ་ལམ་སྟོང་སྨིས་གྲུ་བཞི་མ1620ཡོད། གླིང་ཕྲན་སྟེང་དུ་ཆར་ཆུ་མོད་པས་སའི་འོག་ཏུ་རྒྱ་ཆེ་བའི་ཚྭ་མེད་ཆུ་ཡི་རྫིང་བུ་ཞིག་གྲུབ། དེ་ལས་གཞན་བྱེ་སྒང་སོ་སོའི་བར་མཚམས་སུ་དྭངས་ཤིང་གཙང་བའི་ཚྭ་མེད་མཚེའུ40ལྷག་ཡོད། གལ་ཏེ་མི་རྣམས་མཚེའུ་འགྲམ་གྱི་དཀར་མདོག་གི་བྱེ་ཐང་དུ་གན་རྐྱལ་དུ་ཉལ་ཚེ། ལུས་སེམས་གཉིས་ཀར་ཤིན་ཏུ་སྐྱིད་པའི་བདེ་སྣང་སྟེར་ངེས།

རིགས་དབྱེ།  

ཆ་ཐོག་མ་ཁང་སྒོ།

ཆ་ཐོག་མ་ཁང་སྒོ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་མངའ་ཁོངས་ཀྱི་ཉག་ཁ་ཞིག་སྟེ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཆ་ཐོག་མ།

ཆ་ཐོག་མ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ཐེམ་ཆ་ཞིག་སྟེ། ཚ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཆུ་ཆེན་སྣ་ཁ།

ཆུ་ཆེན་སྣ་ཁ་འདི་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་གདོང་སྣ་ཞིག་སྟེ། ཚ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཉག་ཁ་དམར་ཏྲིས།

ཉག་ཁ་དམར་ཏྲིས་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་མངའ་ཁོངས་ཀྱི་ཉག་ཁ་ཞིག་ཡིན་ལ། ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཉག་ཁ་དམར་ལྡང་།

ཉག་ཁ་དམར་ལྡང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་མངའ་ཁོངས་ཀྱི་ཉག་ཁ་ཞིག་སྟེ། ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཉག་ཁ་སྔོ་རིས།

ཉག་ཁ་སྔོ་རིས་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་མངའ་ཁོངས་ཀྱི་ཉག་ཁ་ཞིག་སྟེ། ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཏ་ལེན་ལུང་བ།

ཏ་ལེན་ལུང་བ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་མངའ་ཁོངས་ཀྱི་ལུང་བ་ཞིག་ཡིན་ལ། ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་ན་ཡོད།

རིགས་དབྱེ།  

ཁང་སྒོ་གོང་མ།

ཁང་སྒོ་གོང་མ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ཉག་ཁིས་ཤིག་སྟེ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཁང་སྒོ་བར་མ།

ཁང་སྒོ་བར་མ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ཉག་ཁིས་ཤིག་སྟེ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཁང་སྒོ་ཞོལ་མ།

ཁང་སྒོ་ཞོལ་མ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ཉག་ཁིས་ཤིག་སྟེ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཁིས་དམར།

ཁིས་དམར་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ཉག་ཁིས་ཤིག་སྟེ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་ན་ཡོད།

རིགས་དབྱེ།  

ཁྱ་ར་སྒང་།

ཁྱ(ཁྲ)ར་སྒང་འདི་ནི་སྒང་རྒྱུད་ཅིག་སྟེ། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་ན་ཡོད།

རིགས་དབྱེ།  

ཁྲ་མདུང་ཆུ་ཁ།

ཁྲ་མདུང་ཆུ་ཁ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ཕྱུགས་ས་ཞིག་སྟེ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

གཏེར་རྫ།

གཏེར་རྫ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་མངའ་ཁོངས་ཀྱི་རྫ་རི་ཞིག་ཡིན་ལ། ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད་ཅིང་། བློན་པོ་གསེར་ཆེན་གྱི་རྫ་རྒྱུད་དུ་གཏོགས་པའི་རི་ཞིག་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི4313ཡོད།

རིགས་དབྱེ།  

གད་པ་ཏ་ལེན།

གད་པ་ཏ་ལེན་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་ན་ཡོད་ཏ་ལེན་གྱི་དབྱིབས་དང་འདྲ་བའི་ལུང་བ་ཞིག

རིགས་དབྱེ།  

གཡང་ར་གདོང་ལམ།

གཡང་ར་གདོང་ལམ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ལམ་ཞིག་ཡིན་ལ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཐང་ཕྲོམ་ནག་པོ།

ཐང་ཕྲོམ་ནག་པོ་ནི་ཕྱུགས་ས་ཞིག་སྟེ། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།