ཡོངས་འཛིན་རིག་མཛོད། >རང་བྱུང་ཁམས། >མིའི་རིགས།

ཀླད་ཆེན།

ཀླད་ཆེན་ལ་དབྱེ་ན་བར་ཀླད་དང་སྣེ་ཀླད་གཉིས་ཡོད་ལ། སྣེ་ཀླད་ལ་དབྱེ་ན་གཡས་གཡོན་གྱི་ཀླད་ཆེན་ཡོད། སྣེ་ཀླད་ནི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་མཐོ་བའི་དབང་རྩའི་ཁོངས་གཏོགས་ཀྱི་གྲུབ་ཚུལ་གཙོ་བོ་ཡིན། གཡས་གཡོན་ཕྱེད་མ་གཉིས་ཀྱིས་གྲུབ་པ་ཡིན་ལ། མིའི་རིགས་ཀྱི་ཀླད་པའི་ཆེས་ཆེ་བའི་གནས་ཡིན།

རིགས་དབྱེ།  

ཀླད་པ།

ཀླད་པ་ནི་དབང་རྩ་ལྟེ་བའི་ཁོངས་གཏོགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན།

རིགས་དབྱེ།  

ཀླད་སྙིང་།

ཀླད་སྙིང་ནི་ཀླད་ཆེན་གྱི་ལྟག་ཏུ་ཡོད་ལ། ཀླད་ཟམ་དང་ཀླད་གཞུང་གྱིས་སྟེང་ནས་གཡོགས་འདུག རྗེ་ཞབས་དང་ཀླད་གཞུང་གྱི་བར་ན་འཕྲེད་དུ་འདུག

རིགས་དབྱེ།  

ཁ།

ཁ་ནི་ངོ་གདོང་གི་ཁྲོད་འགུལ་སྐྱོད་ཆེས་ཆེ་བ་དང་བཟོ་ལྟའི་འགྱུར་ལྡོག་ཆེས་ལེགས་པའི་དབང་བོ་ཞིག་ཡིན།

རིགས་དབྱེ།  

གཙུག་རུས།

གཙུག་རུས་ནི་མགོ་རུས་ཀྱི་རིགས་ཤིག་ཡིན། མགོ་ཡི་སྟེང་དུ་ཡོད་ལ་གཡས་གཡོན་ཕྱོགས་གཉིས་སུ་རེ་རེ་ཡོད།

རིགས་དབྱེ།  

ཤ་གནད།

མིའི་ལུས་སྟེང་གི་ཤ་གནད་གྲུབ་ཚུལ་དང་ནུས་པ་དེ་ངོ་བོའི་སྟེང་ནས་དབྱེ་ན་སྙིང་ཤ་དང་འཇམ་འདྲེད་ཤ་སྒྲུམ། རུས་སྒྲོམ་གྱི་ཤ་གནད་སོགས་རིགས་གསུམ་ཡོད།

རིགས་དབྱེ།  

ངོ་གདོང་།

ངོ་གདོང་ནི་མིའི་ལུས་ཕུང་གི་སྐེ་ཚིགས་ཡན་ཆད་དུ་ཡོད།

རིགས་དབྱེ།  

དཔྲལ་བ།

དཔྲལ་བ་ནི་མིའི་དབུ་སྐྲའི་མན་ཆད་དང་སྨིན་མའི་ཡན་ཆད་ཀྱི་གནས་དེ་ཡིན།

རིགས་དབྱེ།  

པུས་མོ།

པུས་མོ་ནི་བརླ་དང་བྱིན་པ་གཉིས་སྦྲེལ་མཐུད་ཀྱི་གནས་དེ་ཡིན།

རིགས་དབྱེ།  

བྲང་།

བྲང་གི་གོང་མཚམས་ནི་སྐེ་འོག་མཚམས་དང་ཞོལ་མཚམས་ནི་རུས་པ་རང་བཞིན་གྱི་བྲང་ཁོག་ཤ་ཁྲི་བར་གཉིས་ཀྱི་བར་མཚམས་དེར་གོ་དགོས།

རིགས་དབྱེ།  

མ་ནེ།

མ་ནེ་ནི་མཆུ་སྒྲོས་མན་གྱི་གནས་སུ་ཡོད་ལ། དེ་ནི་མིའི་རིགས་ཀྱི་རང་ནུས་ཀྱི་མཚོན་རྟགས་ཡིན།

རིགས་དབྱེ།  

མ་མགལ་རུས་པ།

མ་མགལ་རུས་པ་ནི་མགལ་ངོས་ཀྱི་འགུལ་ཐུབ་པའི་རུས་སྒྲོམ་གཅིག་པུ་ཡིན། རུས་པའི་གྲུབ་ཚུལ་ཡ་མགལ་རུས་པ་དང་བསྡུར་ན་ཅུང་ཚགས་དམ་པ་ཡིན།

རིགས་དབྱེ།  

མཁུར་ཚོས།

མིག་ཟུང་གི་ཞོལ་ངོས་དང་སྣ་ཡི་གཡས་གཡོན་ནས་རྣ་བ་ཟུང་གི་ངོས་ཀྱི་ཆ་ཤས་དེ་ལ་ཟེར།

རིགས་དབྱེ།  

མཁུར་རུས།

མཁུར་རུས་ནི་མགོ་རུས་ཀྱི་ནང་གསེས་གཅིག་ཡིན་ལ་ངོ་ཡི་དཀྱིལ་དང་མིག་ཟུང་གི་འོག་ཏུ་ཡོད།

རིགས་དབྱེ།  

མཁྲིག་མ།

མཁྲིག་མ་ནི་མིའི་ལག་ངར་དང་ལག་མགོ་གཉིས་སྦྲེལ་སའི་མཚམས་དེ་ལ་གོ།

རིགས་དབྱེ།  

མགོ

མགོ་ནི་གཤགས་ལས་རིག་པའི་ནང་དུ་རི་དྭགས་ཀྱི་ཆེས་ཡང་རྩེའི་གནས་དེ་ཡིན་ལ། ཀླད་པ་དང་མིག རྣ། ཁ སྣའི་དབང་བོ་སོགས་ཀྱིས་གྲུབ་པ་ཡིན། མགོ་བོ་ནི་ལུས་ཕུང་གི་ཆེས་གལ་འགངས་ཆེ་བའི་གནས་ས་གཅིག་ཡིན།

རིགས་དབྱེ།  

མཆན་ཁུང་།

ལག་པ་དང་ཕྲག་པ་འབྲེལ་སར་ནང་དུ་ཀོང་བའི་གནས་དེ་ལ་མཆན་ཁུང་ཞེས་འབོད།

རིགས་དབྱེ།  

མཆན་སྤུ།

མཆན་སྤུ་ནི་མིའི་ལུས་སྟེང་དུ་གྲུབ་པ་དང་ཕོ་མོའི་དབྱེ་བ་མེད་པར་སྐྱེས་པ་ཞིག་ཡིན།

རིགས་དབྱེ།  

མཆུ་གཤོང་།

མཆུ་གཤོང་ནི་སྣའི་མན་ཆད། ཡ་མཆུ་གོང་གི་སུམ་ཆའི་གཅིག་དང་ཞོལ་གྱི་སུམ་ཆའི་གཉིས་འབྲེལ་མཚམས་སུ་ཡོད།

རིགས་དབྱེ།  

མཛུབ་མོ།

མཛུབ་མོ་ནི་མཐེ་བོང་དང་དཀྱིལ་མཛུབ་གཉིས་ཀྱི་བར་ན་གནས་ལ། སྲིན་མཛུབ་དང་བསྡུར་ན་ཅུང་ཐུང་། མིའི་མཛུབ་གུའི་ཁྲོད་དུ་ཆེས་སྤྱང་གྲུང་ལྡན་པ་དང་བཀོལ་སྤྱོད་བྱེད་པ་ཆེས་མང་བའི་མཛུབ་གུ་ཡིན།

རིགས་དབྱེ།  

མིག

མིག་ནི་རི་དྭགས་མང་ཆེ་ཤས་ཀྱིས་འོད་ཟེར་དང་ལེན་བྱེད་པར་མཁོ་བར་མ་ཟད་ཀླད་པའི་ཁྲོད་གཟུགས་བརྙན་ཆགས་པར་བྱེད་པའི་དབང་པོ་ཞིག་ཀྱང་ཡིན།

རིགས་དབྱེ།  

མིད་ཁ།

ལེབ་མོ་ལྡུག་མའི་དབྱིབས་ཤ་ཅན་གྱི་དབུགས་གཏོང་ལེན་བྱེད་པའི་སྦུག་ལམ་དེར་གོ་བ་ཡིན།

རིགས་དབྱེ།  

མོ་མཚན།

མོ་མཚན་ཞེས་པ་ནི་མོ་རིགས་ཀྱི་རྟགས་སམ་མཚན་མ་ལ་གོ།

རིགས་དབྱེ།  

སྦུག་སོ།

སྦུག་སོ་ནི་མིའི་རིགས་ཀྱི་ཁ་ནང་གི་འགྲམ་སོ་གསུམ་པ་ཡིན། དཀྱིལ་གྱི་ཕྱོར་སོ་ནས་བརྩིས་ན་ཨང་བརྒྱད་པའི་སོ་དེ་ཡིན། སྦུག་སོ་འཚར་ལོངས་བྱུང་བའི་དུས་ཚོད་ཅུང་འཕྱི་བ་དང་ཕལ་ཆེར་ལོ་བཅུ་དྲུག་ནས་ཉེར་ལྔའི་བར་ཡིན་པའི་སྐབས་སུ་སྐྱེས་བ་ཡིན།

རིགས་དབྱེ།  

འགྲམ་རུས་སྟེང་མ།

འགྲམ་རུས་སྟེང་མའི་ནང་ཁོག་ནི་ཁོག་སྟོང་ཞིག་ཡིན་ལ་དེ་ནི་ཡ་མགལ་སྣ་བུག་ཡིན། ཡ་མགལ་སྣ་བུག་གིས་རུས་པ་ཅུང་སྲབ་མོ་ཡིན་ལ་སོ་རྩ་དང་ཐག་ཧ་ཅང་ཉེ།

རིགས་དབྱེ།  

འཕུང་ཚོས།

འཕུང་ཚོས་རྣམ་པ་ནི་ལྟག་ཏུ་ཕྱོགས་པ་དང་། མིའི་ལུས་ཕུང་དྲང་མོར་ལངས་པའི་སྐབས་སུ། འཕུང་ཚོས་ནི་གྲུ་བཞི་ཁ་གང་གི་དབྱིབས་ཡིན་པ་དང་། ཕོ་མོའི་འཕུང་ཚོས་རྣམ་པ་ལ་འགྱུར་ལྡོག་ཡོད་དེ། མོ་ཡིས་འཕུང་ཚོས་རྣམ་པ་ནི་ཤ་ཉམས་རྒྱས་པ་དང་ཞག་ཚིལ་ཅུང་མང་བ། ཕོ་ཡི་འཕུང་ཚོས་ཅུང་ཆུང་ལ། གྲུ་བཞི་ཁ་གང་གི་དབྱིབས་ཡིན་པ། གྲུ་ཟུར་ཅུང་འབུར་དུ་ཐོན་པ། འཕུང་ཚོས་རྣམ་པ་གཙོ་བོ་ཞག་ཚིལ་གྱི་གསོག་འཇོག་བྱེད་པའི་གནས་ཚུལ་དང་འཕུང་ཚོས་ལྟག་ཏུ་ཕྱོགས་པའི་གནས་ཚུལ་གཉིས་དང་འབྲེལ་བ་ཆེན་པོ་ཡོད།

རིགས་དབྱེ།  

ཀེང་རུས།

མིའི་ལུས་པོ་དེ་ཁྱོན་བསྡོམས་རུས་པ206ཡིས་གྲུབ་པ་དང་། དེ་ལ་མགོ་རུས་དང་བྱང་ཁོག་གི་རུས་པ། ཡན་ལག་གི་རུས་པ་གསུམ་དུ་དབྱེ་ཡོད། ལུས་ཁམས་སུ་གྲུབ་པའི་རུས་པར་རིགས་ཀྱི་སྒོ་ནས་དབྱེ་བ་དང་། དུམ་བུའི་སྒོ་ནས་དབྱེ་བ། ལྷུ་ཚིགས་ཀྱི་སྒོ་ནས་དབྱེ་བ་བཅས་གསུམ་མོ།།

རིགས་དབྱེ།  

རུས་པའི་གནད།

རུས་པའི་གནད་ནི་སྲོག་ཆགས་ཀྱི་ཤ་གནད་ཅིག་ཡིན།

རིགས་དབྱེ།  

རུས་སྒྲོམ།

རུས་སྒྲོམ་ནི་མིའམ་རི་དྭགས་ཀྱི་ལུས་སྟེང་ངམ་ལུས་ངོས་སྲ་བརྟན་གྱི་གྲུབ་ཚུལ་ཞིག་ཡིན།

རིགས་དབྱེ།  

ལྕེ་ཤེས།

ལྕེ་ཤེས་ནི་ཟ་མ་མིའི་ཁ་ནང་དུ་ལྕེ་ཤེས་དབང་བོར་ཟུག་གཟེར་སློང་ནས་ཐོན་པའི་ཚོར་བ་ཞིག་ཡིན།

རིགས་དབྱེ།