ཕོ་འབུར་རླུང་སྦོས་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕོ་འབུར་རླུང་སྦོས་ནད་ནི་དབུགས་སམ་ཡང་དབུགས་རང་བཞིན་གྱི་ཝུ་བས་སྐྱུགས་ལྡད་རྒྱག་མཁན་གྱི་སྒོ་ཕྱུགས་ཀྱི་ཕོ་བའི་ནང་འབོར་ཆེན་གསོག་སྐྱེལ་བྱེད་པ་མ་ཟད། ཕོ་འབུར་ཤོང་ཚད་མགྱོགས་མྱུར་ངང་མཐོ་རུ་ཕྱིན་ནས། སྒོ་ཕྱུགས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྨན་བཅོས།
1 ངོ་སྤྲོད།

ཕོ་འབུར་རླུང་སྦོས་ནད་ནི་དབུགས་སམ་ཡང་དབུགས་རང་བཞིན་གྱི་ཝུ་བས་སྐྱུགས་ལྡད་རྒྱག་མཁན་གྱི་སྒོ་ཕྱུགས་ཀྱི་ཕོ་བའི་ནང་འབོར་ཆེན་གསོག་སྐྱེལ་བྱེད་པ་མ་ཟད། ཕོ་འབུར་ཤོང་ཚད་མགྱོགས་མྱུར་ངང་མཐོ་རུ་ཕྱིན་པ་དང་གནོན་ཤུགས་ཆེ་རུ་ཕྱིན་པ། ཕོ་བའི་ངོས་རྒྱ་ཆེ་རུ་ཕྱིན་པ། སྙིང་དང་གློ་བའི་ནུས་ཤུགས་ལ་ཤུགས་རྐྱེན་ངན་པ་ཐེབས་པ། སྒོ་ཕྱུགས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་ངན་པ་གཏོང་མཁན་གྱི་དོས་དྲག་ནད་རིགས་ཤིག་རེད། ནད་དེ་ནི་ལུག་ལ་ཕོག་སླ་བ་ཡིན། གལ་སྲིད་རྩྭ་ཁ་ཡག་པོ་མ་བྱས་པའམ། ཡང་ན་དོ་དམ་ལེགས་པོ་མ་བྱས་ན་ར་ལུག་མང་པོ་ནད་ཐེབས་པ་མ་ཟད། ཤི་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད།

2 ནད་གཞི།

ནོར་ལུག་གི་ཕོ་འབུར་སྦས་ནད་དེ་སྔོན་ལ་ན་བ་དང་མུ་མཐུད་ནས་ན་བ་བཅས་རིགས་གཉིས་ཀྱི་སྦོས་ནད་ལ་དབྱེ་ཡོད། སྔོན་ལ་ན་བའི་ཕོ་འབུར་སྦས་ནད་ནི་གཙོ་བོ་གསོ་ཚགས་བྱེད་སའི་རྩྭ་ས་ལེགས་པོ་མེད་པ་དང་དོ་དམ་ཡག་པོ་མེད་པ། ནོར་ལུག་གསོ་བྱེད་ཀྱི་གཟན་ཆས་ལ་བཅུད་མེད་པ་དང་། ཕོ་འབུར་ནང་གི་དབུགས་རྣམས་དུས་ཐོག་ཏུ་འདོན་མི་ཐུབ་པ་སོགས་ཀྱིས་སྦས་ནད་དེ་བྱུང་བ་ཡིན།

མུ་མཐུད་དུ་ན་བའི་ཕོ་འབུར་སྦས་ནད་ནི་རྒྱུན་དུ་མིད་པ་འགག་པ། མདུན་གྱི་ཕོ་བ་ལྷོད་བབས་པ། ཕོ་འབུར་ནང་ཟས་གསོག་པ། གསུས་པ་ནང་སྐྱིའི་གཉན་ཚད་དང་ལྷག་པར་དུ་རྨ་ཁའི་རང་བཞིན་གྱི་དྲ་བ་དང་ཕོ་བའི་གཉན་ཚད་ནི་ཆམ་པ་རྒྱག་སྐབས་དེ་བས་མང་བ་ཕོག་གི་ཡོད།

3 སྨན་བཅོས་བྱེད་ཐབས།

ནད་དེའི་སྨན་བཅོས་ཀྱི་རྩ་དོན་ནི་སྔ་ཙམ་ཕོ་འབུར་ནང་བསགས་པའི་དབུགས་དེ་མེད་པར་བཟོས་ནས་ནད་ཕོག་པའི་སྒོ་ཕྱུགས་དེའི་ལུས་སྟོད་མཐོ་ཙམ་གྱིས་ཉལ་དུ་འཇུག་པར་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། གསུས་པའི་ནང་སྦུ་གུ་བེད་སྤྱད་དེ་དབུགས་འདྲེན་པ་དང་འབྲེལ་ཕོ་བའི་སྦུ་གུའི་ནང་རུ་མ་ལྡུག་པ་བཅས་ཀྱི་བྱ་ཐབས་སྤྱོད་དགོས། སྣུམ་རིགས་ཀྱི་རུ་མ་ཧའོ་ཧྲེང500འམ་ཡང་ན་རྡོ་ལཱ་སྣུམ་ཧའོ་ཧྲེང100དང་། ཏིལ་སྣུམ་ཧའོ་ཧྲེང300-400ཐང་སྣུམ་ཧའོ་ཧྲེང30-40བླུག་དགོས་པ་ཡིན། གལ་སྲིད་རླུང་སྦས་ནད་ཚབས་ཆེན་ཕོག་ནས་ཚེ་སྲོག་ལ་ཉེ་ཁ་ཡོད་སྐབས་སྦུ་གུ་བསྒར་སའི་ཁབ་བམ་ཡང་ན་ཕྱུགས་རིགས་ལ་སྤྱོད་བྱེད་ཀྱི་ཨང14བྱས་པའི་ཁབ་བེད་སྤྱད་ནས་ཁབ་དེ་ཕོ་འབུར་ལ་བཙུགས་ནས་དབུགས་རྣམས་འདོན་དགོས།

4 སྔོན་འགོག

སྒོ་ཕྱུགས་ཁྱུ་རྣམས་ལ་དོ་དམ་ལེགས་པོ་བྱེད་དགོས་པ་ཕུད་གསོ་ཆས་དང་འཚོ་བའི་ཐབས་ལ་སྒྱུར་བཅོས་གང་ལེགས་གཏོང་དགོས། ཟས་ནང་གཟན་ཆས་འབོར་ཆེན་ཟ་བ་སྔོན་འགོག་བྱེད་དགོས། ཕྱུགས་གསོ་སྐབས་གཟས་ཆས་རིམ་བཞིན་ཇེ་མང་དུ་བཏོང་བ་ལས་གློ་བུར་དུ་སྔོ་ཚལ་འབོར་ཆེན་སྤྲད་རྒྱུ་མེད། ལྷག་པར་དུ་ལྟོགས་པའི་དུས་རྩྭ་མང་པོ་ཟ་རུ་འཇུག་རྒྱུ་མེད་པ་མ་ཟད། ཆར་པ་འབབ་པའི་སྐབས་སུ་རྩྭ་སྟེར་མཚམས་འཇོག་དགོས། ཁུ་བ་མང་པོའི་གཟན་ཆས་མང་ཙམ་སྟེར་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-04

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།