རས་བསེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རས་བསེ།
རས་བསེ་ནི་སྐྱོ་མས་སྦྱར་བའི་རས་བརྩེགས་པའམ་རྩི་བཏང་བའི་རས་ལ་ཟེར་ལ། ང་ཚོའི་མཐོང་ཆོས་སུ་གྱུར་པའི་ཆོས་ཕྱོགས་ཀྱི་གར་འཆམ་སྐབས་བེད་སྤྱོད་བྱེད་པའི་འཆམ་འབག་ཁག་དང་དགོན་སྡེ་ཁག་གི་མགོན་ཁང་ངམ་སྲུང་མ་ལྷ་ཁང་ནང་དུ་སྒྲིག་བཤམས་བྱས་ཏེ་མཆོས་འབུལ་འཕྲིན་གསོལ་བྱེད་ཡུལ་ཡི་དམ་ཆོས་སྐྱོང་གི་སྲུང་མ་དང་ཡུལ་ལྷ་གཞི་བདག་སོགས་ཀྱི་ཞལ་འབག་ཁག་དང་། དེ་བཞིན་དམངས་ཁྲོད་ཨ་ཅེ་ལྷ་མོའི་ཟློས་གར་འཁྲབ་སྟོན་བྱེད་སྐབས་དམིགས་གསལ་མི་སྣ་འགས་བེད་སྤྱོད་པའི་འབག་སོགས་རས་བསེའི་བཟོ་རྩལ་སྤྱད་ནས་གྲུབ་པ་ཤ་སྟག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྒྱུ་རྩལ།
1 ​ངོ་སྤྲོད་མདོར་བསྡུས། 

སྤྱིར་ང་ཚོའི་མཐོང་ཆོས་སུ་གྱུར་པའི་ཆོས་ཕྱོགས་ཀྱི་གར་འཆམ་སྐབས་བེད་སྤྱོད་བྱེད་པའི་འཆམ་འབག་ཁག་དང་དགོན་སྡེ་ཁག་གི་མགོན་ཁང་ངམ་སྲུང་མ་ལྷ་ཁང་ནང་དུ་སྒྲིག་བཤམས་བྱས་ཏེ་མཆོས་འབུལ་འཕྲིན་གསོལ་བྱེད་ཡུལ་ཡི་དམ་ཆོས་སྐྱོང་གི་སྲུང་མ་དང་ཡུལ་ལྷ་གཞི་བདག་སོགས་ཀྱི་ཞལ་འབག་ཁག་དང་། དེ་བཞིན་དམངས་ཁྲོད་ཨ་ཅེ་ལྷ་མོའི་ཟློས་གར་འཁྲབ་སྟོན་བྱེད་སྐབས་དམིགས་གསལ་མི་སྣ་འགས་བེད་སྤྱོད་པའི་འབག་སོགས་རས་བསེའི་བཟོ་རྩལ་སྤྱད་ནས་གྲུབ་པ་ཤ་སྟག་ཡིན་ལ། དེ་རིགས་ལ་འབུར་གཟུགས་ཀྱི་བཟོ་ལྟ་མཐོན་པོ་དང་མགོ་ལ་གྱོན་ན་ཡང་བའི་ཁྱད་ཆོས་ལྡན་ཡོད། 

རས་བསེའི་བཟོ་རྩལ་ནི་ཁྱད་ཆོས་འབུར་དུ་ཐོན་པའི་ལྷ་རིགས་དང་མི་སྣའི་འདྲ་འབག་གང་དགོས་འཇིམ་བཟོ་བས་བཟོ་རྒྱུ་འཇིམ་པའམ་ལྕི་བ། སྤོས་འདག་ཅི་རིགས་སྤྱད་དེ་འབུར་གཟུགས་ཀྱིས་ཡང་དག་པ་དང་ཚད་དང་ལྡན་པ་བཟོས་རྗེས་སྐམ་དགོས། དེ་རྗེས་སྐམ་ཐག་ཆོད་པའི་འབུར་གཟུགས་སྟེང་ཆུ་ལ་སྦངས་ཙམ་བྱས་པའི་ཤོག་ལྷེབ་མཐུད་མཚམས་སྒྲིག་པོས་རིམ་པ་གཅིག་གམ་ཐེངས་གཅིག་སྦྱར་དགོས། ཅུང་ཙམ་སྐམ་རྗེས་གྲོ་ཞིབ་སྤྱིན་ཆུའི་ནང་བསྐོལ་བའི་སྦྱར་རྩིའམ་སྐྱོབ་ལ་བརྟེན་ནས་རས་སྲབ་མོ་གང་དགོས་དུམ་བུར་བཅད་པ་ཤོག་བུ་རིམ་པ་གཅིག་སྦྱར་བའི་སྟེང་གོང་ལྟར་སྦྱར་དགོས། སྤྱིར་རས་ལྷེབ་ཟུར་གསུམ་པ་ཆེ་ཆུང་སྣ་ཚོགས་སུ་དྲས་ནས་སྦྱར་ན་གཟུགས་ལེགས་པ་ཐོན་འོང་། རས་ལྷེབ་སྔ་མ་སྐམ་ཟིན་ནས་རིམ་པ་རྗེས་མ་དེ་སྦྱར་དགོས། དེ་ལྟར་རས་ལྷེབ་རིམ་པ་དྲུག་ནས་བདུན་ཙམ་བརྩེགས་རྗེས་སྐམ་ཐག་ཆོད་པ་དང་འཇིམ་གཟུགས་སམ་ལྕི་བ་སོགས་གང་གིས་བཟོས་པའི་ནང་རྫོང་དེ་དག་ཕྱིར་འདོན་དགོས། དེ་རྗེས་ཞལ་འབག་གི་སྟེང་དུ་དགོས་པའི་སྨ་ར་དང་སྨིན་མ། ཨག་ཚོམ་སོགས་ཡོད་ན་དབང་ལག་བསྲེས་པའི་སྤོས་པགས་ཀྱིས་བཟོ་ལྟ་ཞིབ་ཕྲ་བཏོན་དགོས་པ་དང་། དེ་བས་ཞིབ་པའི་རི་མོ་རྣམས་སྐྱོ་འབུར་རྒྱབ་སྲོལ་ཡང་ཡོད། དེ་ནས་འབུར་འཇམ་བྱས་ནས་གང་དགོས་བཞིན་ཚོན་རྩི་བཏང་བར་བྱའོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-12

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།