སྒར་ལུགས་གསར་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱ་གར་རྒྱ་ནག་གི་རི་མོ་ལས་ལེགས་ཆ་བླངས་ཏེ་བོད་ཀྱི་སྔར་ཡོད་ཀརྨ་སྒར་བྲིས་ལས་ཟུར་ཁྱད་ཅུང་ཐོན་པའི་བྲིས་ལུགས་ཤིག་བྱུང་བ་ལ་སྒར་ལུགས་མ་ཞེས་འབོད་དོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྒྱུ་རྩལ།
1 ​ངོ་སྤྲོད་མདོར་བསྡུས། 

དེ་ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱ་གར་རྒྱ་ནག་གི་རི་མོ་ལས་ལེགས་ཆ་བླངས་ཏེ་བོད་ཀྱི་སྔར་ཡོད་ཀརྨ་སྒར་བྲིས་ལས་ཟུར་ཁྱད་ཅུང་ཐོན་པའི་བྲིས་ལུགས་ཤིག་བྱུང་བ་ལ་སྒར་ལུགས་མ་ཞེས་འབོད་དོ། ། དེ་ལ་རྒྱ་བོད་ཙམ་མ་ཟད་བཟོ་རྒྱུན་དུ་མའི་ལེགས་ཆ་འདུས་ཚུལ་ནི་རྗེ་རང་ཉིད་ཀྱིས་མཛད་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་ཉེར་གསུམ་བཞུགས་པའི་མཇུག་གི་བཀའ་རྩོམ་ལས། ཚོན་དང་རི་མོ་ཉམས་རྣམ་འགྱུར། ། རྒྱ་ནག་མཁས་པའི་རྗེས་འབྲངས་ནས། ། ཡུལ་དང་ཆ་ལུགས་ཁང་བཟང་སོགས། ། འཕགས་ཡུལ་མངོན་སུམ་མཐོང་བཞིན་བྱས། ། སྨན་ཐང་གསར་རྙིང་མཁྱེན་ལུགས་པ། ། བྱིའུ་སྒང་པ་སྒར་བྲིས་པའི། ། རྣམ་དཔྱོད་དེ་ཀུན་འདིར་ལྡན་ཡང་། ། ཉམས་འགྱུར་འབུམ་གྱིས་ཁྱད་པར་བྱས། ། ཞེས་གསུངས་པའི་བཟོ་རྒྱུན་འདིའི་ཁྱད་ཆོས་གཙོ་བོར་ལྷ་ཆུང་ལ་ས་སྟོང་ཆེ་བ། བར་སྣང་སྐྱ་ཤས་ཆེ་བ། ཡུལ་སྣང་གི་བཀོད་པ་མཛེས་ཤིང་ནགས་ཚལ་དང་རི་དྭགས་འདབ་ཆགས། ཁང་བཟང་རིགས་ཀུན་ལ་ཡོད་པ། རྒྱང་རིང་གི་ས་གཞིའི་མདངས་མཐའ་གབ་པས། རྒྱང་རིང་མཐོང་བའི་སྣང་བ་འཆར་ཐུབ་པ། ཚོན་སྤྱིར་ན་ལྗང་ཤས་ཆེ་བ། ལྷ་སྐུ་རྣམས་ཀྱི་སྤྱན་དང་ཞལ་ཆུང་བ། ན་བཟའ་ལྷབ་ལྷུབ་ཏུ་མཛེས་ཤིང་བཅད་རིས་ཕྲ་བ་སྐམ་མདངས་མང་ཞིང་སྤྲིན་པ་ལྷོབ་ཆུང་བ། རི་སྐེད་སྨུག་སྤྲིན་འཐིབ་པ་བྲིས་པ། རེ་འགར་རིས་འགྲེལ་སྦྲགས་མ་བྲིས་པ་སོགས་བྱས་ཏེ་རྗེས་འབྲངས་ཀྱི་སློབ་རྒྱུན་མང་དུ་བྱུང་ངོ་། ། ཁོང་ཉིད་ཀྱིས་བྲིས་པའི་རི་མོ་དཔལ་སྤུངས་ཀྱི་ལྡེབས་རིས་ཁག་དང་། སྐྱེས་རབས་དཔག་བསམ་འཁྲི་ཤིང་། རྗེ་རང་ཉིད་ཀྱི་འདྲ་ཐང་རིག་འགྲེལ་སྦྲགས་མ་ཁྱད་འཕགས་སོགས་མང་དུ་བྱུང་ངོ་། ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-12

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།