སྨན་ཐང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུས་རབས་བཅོ་ལྔ་པའི་ནང་དུ་རྡོ་པ་བཀྲ་ཤིས་རྒྱལ་བོའི་སློབ་མ་སྨན་བླ་དོན་གྲུབ་ཞེས་པས་བྱིའུ་སྒང་ལུགས་ཀྱི་བྲིས་རྒྱུན་ལས་ཟུར་དུ་ཕྱུང་སྟེ། ལྷ་སྐུའི་བྲིས་ཚུགས་ལ་ལེགས་བཅོས་དང་། རྒྱབ་ལྗོངས་ཀྱི་བཀོད་པ་གསར་གཏོད་མཛད་ནས་སྨན་ཐང་ལུགས་ཀྱི་འབྲི་རྒྱུན་འདི་སྲོལ་བཏོད་པའོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྒྱུ་རྩལ།
1 ​ངོ་སྤྲོད་མདོར་བསྡུས། 

དུས་རབས་བཅོ་ལྔ་པའི་ནང་དུ་རྡོ་པ་བཀྲ་ཤིས་རྒྱལ་བོའི་སློབ་མ་སྨན་བླ་དོན་གྲུབ་ཞེས་པས་བྱིའུ་སྒང་ལུགས་ཀྱི་བྲིས་རྒྱུན་ལས་ཟུར་དུ་ཕྱུང་སྟེ། ལྷ་སྐུའི་བྲིས་ཚུགས་ལ་ལེགས་བཅོས་དང་། རྒྱབ་ལྗོངས་ཀྱི་བཀོད་པ་གསར་གཏོད་མཛད་ནས་སྨན་ཐང་ལུགས་ཀྱི་འབྲི་རྒྱུན་འདི་སྲོལ་བཏོད་པའོ། ། རྒྱུད་སྡེ་གཉིས་དང་བསྟུན་ནས་སྐུ་གཟུགས་ཀྱི་ཆ་ཚད་ཡིད་བཞིན་ནོར་བུ་ཞེས་པའི་གསུང་རྩོམ་ཡང་མཛད། དེ་ལས་དང་པོ་སྤྲུལ་བའི་བཟོ་བོ་སྨན་བླ་དོན་གྲུབ་དེ་ཉིད་ནི་ལྷོ་བྲག་སྨན་ཐང་དུ་སྐུ་འཁྲུངས། སྐུ་བལྟམས་པའི་གནས་སུ་མཚལ་གྱི་གཏེར་ཁ་ཐོན། ཆུང་དུས་ནས་རིག་པ་གསལ་བ་དང་། མཚན་སྤྱོད་བཟང་བ་སོགས་རང་དང་མཉམ་པའི་བྱིས་པ་དག་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་དུ་མ་མངའ། ནར་སོན་ཏེ་ཁྱིམ་ཐབ་བཟུང་བར་རང་གི་ཆུང་མ་དང་མ་མཐུན་ནས་ཡུལ་འཁྱར་བའི་ལམ་དུ་པིར་ཆགས་པ་གཅིག་དང་ལྷའི་བྲིས་དཔེ་ཤོག་དྲིལ་ཞིག་རྙེད་པས་སྔོན་གྱི་བག་ཆགས་ཀྱིས་དགའ་ཚོར་ཆེན་པོ་བྱུང་ཞིང་། རི་མོ་སྦྱོང་རྒྱུར་བློ་ཕྱོགས་ནས་གཙང་གི་ས་སྐྱ་སོགས་སུ་རི་མོའི་སློབ་དཔོན་བཙལ་དུ་ཕྱིན་པས། གཙང་དུ་རྡོ་པ་བཀྲ་ཤིས་རྒྱལ་པོ་ཞེས་པ་དེ་དུས་ཀྱི་བྲིས་གཟུགས་མཁན་གྲགས་ཅན་དེ་དང་མཇལ་ནས་བོད་དང་རྒྱ་གར་རྒྱ་ནག་ལ་སོགས་ཀྱི་སྲོལ་རྒྱུན་རི་མོའི་ལག་ལེན་དང་གཞུང་ལུགས་བཅས་པ་ལ་གསན་སྦྱངས་བྱང་ཆུབ་པར་མཛད་དེ་རི་མོ་ལེགས་པའི་ཚད་མ་འཛིན་པར་གྱུར། ངག་རྒྱུན་དུ་ཁོང་གི་སྐྱེ་བ་སྔ་མ་དེ་རྒྱ་ནག་ཡུལ་གྱི་རི་མོ་མཁས་ཅན་ཞིག་ཡིན་ཞིང་། དེས་བྲིས་པའི་སི་ཐང་རྒྱ་མཛོད་ཆེན་མོར་གྲགས་པ་དེར་གཟིགས་པ་ཙམ་གྱིས་སྔོན་གནས་རྗེས་དྲན་གྱི་ཚུལ་དུ་ཡུལ་ལྗོངས་བཀོད་པ་སོགས་རྒྱ་ནག་གི་ཡུལ་ལྗོངས་བཀོད་པའི་རི་མོ་དང་ཆ་འདྲ་བ་བྱུང་བར་བཤད་དོ། ། སྨན་ལུགས་སྲོལ་རྒྱུན་འཛིན་པ་ལ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་བྱུང་སྟེ། སྲས་རྒྱུན་གྱི་གཙོ་བོ་སྨན་ཐང་འཇམ་དབྱངས་དང་། སྨན་ཐང་ཞི་བ་འོད། སྨན་ཐང་མགོན་པོ་ཚེ་དབང་སོགས་ལྷ་བཟོ་ཕུལ་དུ་བྱུང་བ་རྣམས་དང་། སློབ་རྒྱུན་གྱི་གཙོ་བོ་སྤྲུལ་སྐུ་རྟ་ནག་དང་ཕྲེང་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོ། ལྷོ་བྲག་བསྟན་འཛིན་ནོར་བུ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། སྣ་རྩེ་དཔལ་ལྡན་མགོན་པོ། ཕོ་བྲང་ཕུན་ཚོགས། ལྷ་ས་རག་ཁ་བ། མགོན་པོ་ཚེ་དབང་སོགས་མང་དུ་བྱུང་ངོ་། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-12

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།