མཁྱེན་བརྩེ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཁྱེན་བརྩེ་ལུགས།
དུས་རབས་བཅོ་ལྔའི་ནང་དུ་རྡོ་བ་བཀྲིས་རྒྱལ་བོའི་སློབ་མ་མཁྱེན་བརྩེ་བ་ཆེན་མོ་དགེ་བསྙེན་རྣམ་པར་རྒྱལ་བས་བྱིའུ་སྒང་ལུགས་ཀྱི་ལེགས་ཆ་སོར་བཞག་ཐོག་ཟུར་དུ་བཟོ་རྒྱུན་མི་འདྲ་བ་ཞིག་མཛད་དེ་མཁྱེན་བརྩེ་ལུགས་ཞེས་པའི་རི་མོའི་སྲོལ་བཏོད་པ་དེའོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྒྱུ་རྩལ།
1 ​ངོ་སྤྲོད་མདོར་བསྡུས། 

དུས་རབས་བཅོ་ལྔའི་ནང་དུ་རྡོ་བ་བཀྲིས་རྒྱལ་བོའི་སློབ་མ་མཁྱེན་བརྩེ་བ་ཆེན་མོ་དགེ་བསྙེན་རྣམ་པར་རྒྱལ་བས་བྱིའུ་སྒང་ལུགས་ཀྱི་ལེགས་ཆ་སོར་བཞག་ཐོག་ཟུར་དུ་བཟོ་རྒྱུན་མི་འདྲ་བ་ཞིག་མཛད་དེ་མཁྱེན་བརྩེ་ལུགས་ཞེས་པའི་རི་མོའི་སྲོལ་བཏོད་པ་དེའོ། །

མཁྱེན་བརྩེ་ཆེན་མོ་ནི་སྨན་ཐང་པ་དང་དུས་མཉམ་ཙམ་དུ་གོང་དཀར་སྒང་སྟོད་དུ་འཁྲུངས། ཁོང་ཡང་རྡོ་པ་བཀྲ་ཤིས་རྒྱལ་པོའི་མདུན་ནས་རི་མོ་གསན་སྦྱངས་དཔྱིས་ཕྱིན་པར་མཛད། སྨན་མཁྱེན་གཉིས་ཀ་རྡོ་པ་བཀྲ་ཤིས་རྒྱལ་པོའི་སློབ་མ་ཡིན་ཡང་། རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཚོན་དང་རི་མོའི་ཉམས་འགྱུར་ཐ་དད་དུ་སོང་ཞིང་ཁྱད་པར་སྨན་ཐང་པ་ནི་ཞི་བའི་སྐུའི་བཟོ་ལ་མཁས་ཤིང་མཁྱེན་བརྩེ་ཆེན་མོར་དྲག་པོར་མཁས་པ། རི་མོ་བཞེད་སྲོལ་ཡང་མི་འདྲ་བས་སྨན་ལུགས་དང་མཁྱེན་ལུགས་ཞེས་བྲིས་རྒྱུན་ཁྱད་དུ་ཐོན་པ་ལོགས་སུ་སྤེལ། སྨན་ཐང་པ་ཡབ་སྲས་དང་མཁྱེན་བརྩེ་ཆེན་པོས་ཡངས་པ་ཅན་གཙུག་ལག་ཁང་གི་སྟེང་འོག་ཐམས་ཅད་དུ་རང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་ཁྱད་པར་ཅན་བྲིས་པ་དང་། སྨན་ཐང་པ་འཇམ་པའི་དབྱངས་ནས་གོས་སྐུ་ཐུབ་ཆེན་ཞེས་པའི་རི་མོ་བྲིས་ལུགས་སོགས་མང་ངོ་། ། 

མདོར་ན་རི་མོའི་སྲོལ་རྒྱུན་འཛིན་པ་མང་དུ་བྱུང་བས་སྨན་མཁྱེན་རྣམ་གཉིས་ཞེས་གངས་ཅན་དུ་མཚན་ཉི་ཟླ་ལྟར་གྲགས་པ་ཡིན་ལ། ཁོང་གཉིས་ཀྱིས་སྔར་མེད་རི་མོའི་སྲོལ་རྒྱུན་གཉིས་གཞུང་ལུགས་དང་བཅས་པའི་ཤིང་རྟ་ཐོག་མར་དྲངས་པ་ལས་བོད་ལ་བཀའ་དྲིན་ལྷག་པར་ཆེ་བ་ཡིན་ནོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-11

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།