མ་རྨོས་ལོ་ཏོག་ལ་ལུད་རྒྱག་སྐབས་ལྟ་དགོས་པ་ལྔ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་མ་རྨོས་ལོ་ཏོག་འདེབས་སྐབས་ས་རྒྱུ་དང་། ལུད་རྫས། སྐྱེ་ཚལ། སྐྱེ་བའི་ཆོས་ཉིད་བཅས་ལ་ལྟ་དགོས་པའི་ཚུལ་གསལ་བོར་ཞིབ་བརྗོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཞིང་ལས།
1 ​ས་རྒྱུའི་ངོ་བོར་ལྟ་བ།

ས་རྒྱུ་ཞན་པ་དང་ཚྭ་བུལ་ས་རྒྱུར་ཤའོ་སོན་ཨན་དང་ལིའུ་སོན་ཨན། ཀོའོ་ལིང་སོན་ཀལ་སོགས་སྐྱུར་གཤིས་ལུད་རྫས་འདེམས་སྤྱོད་བྱེད་དགོས་པ་དང་། སྐྱུར་གཤིས་ས་རྒྱུར་ངེས་པར་དུ་གཅིན་རྒྱུ་དང་ཐན་སོན་ཆིང་ཨན་སོགས་བུལ་གཤིས་ལུད་རྫས་སྤྱོད་དགོས། ཆུ་སྲུང་བ་དང་ལུད་སྲུང་ནུས་པ་ཞན་པའི་བྱེ་ས་ཅན་གྱི་ས་ཆར་ངེས་པར་དུ་ཡལ་དཀའ་བའི་ཤའོ་སོན་ཨན་ནམ་གཅིན་རྒྱུ་སོགས་ཀྱི་ལུད་རྫས་འདེམས་སྤྱོད་བྱེད་དགོས།

2 ལུད་རྫས་ཀྱི་ཁྱད་ཆོས་ལ་ལྟ་བ།

ལུད་རྒྱག་ཚད་ཉུང་དྲགས་པ་དང་ཁར་གཤོ་བའམ་ཆུས་དེད་དེ་རྒྱག་པ་འགོག་དགོས་ཤིང་། དེས་ལུད་ནུས་ཤོར་ནས་འཕྲོ་བརླག་འགྲོ་སྲིད།

3 དགོས་མཁོར་ལྟ་བ།

ལོ་མ་རྐང6-7སྐྱེས་པའི་མྱུག་ཕྲུག་ལ་གཞིགས་ཏེ་རྩིང་ལུད་བརྒྱབས་ནས་རྩ་བ་མང་པོ་རྒྱས་སུ་འཇུག་པ། སྙེ་ཚིགས་ཐོན་པའི་དུས་སུ་ལུད་རྒྱག་པ་དང་། ལུད་རྒྱག་ཚད་བརྒྱ་ཆ30-40བར་ཟིན་དགོས། སྙེ་མ་ཐོན་པའི་དུས་སུ་ལུད་ཚད་ཤུགས་ཆེ་རུ་གཏོང་དགོས་ལ། ལུད་སྤྱིའི་ཚད་ཀྱི་བརྒྱ་ཆ50-60ཟིན་དགོས། སྔོན་ལ་ཏན་ལུད་རྒྱག་པ་དང་། རྗེས་སུ་ལོ་མའི་ངོས་སུ་ལུད་གཏོར་བ། སྙེ་འབྲུ་ཐོན་པའི་དུས་སུ་ལིང་སོན་ཆིང་གཉིས་ཅཱ་གཏོར་དགོས།

4 སྐྱེ་ཚུལ་ལ་ལྟ་བ།

ལྗང་བུ་སྐྱེ་སྟོབས་བཟང་བའི་ས་ཆར་རྫས་ལུད་རྒྱག་པ་དང་སྐྱེ་སྟོབས་ཞན་པའི་ས་ཆར་རྫས་ལུད་རྒྱག་པ་ཕུད་ད་དུང་རུལ་སྨིན་ཡག་པོ་བྱུང་བའི་མིའི་བཙོག་པ་དང་འབའ་ཆའི་ལུད་ཁ་སྣོན་རྒྱག་དགོས།

5 སྐྱེ་བའི་ཆོས་ཉིད་ལ་ལྟ་བ།

མྱུག་གུའི་དུས་སུ་ལུད་རྒྱག་སྔ་དྲགས་རྒྱུ་མེད་ཅིང་། དེས་ལྗང་བུ་ཆེ་ཆེར་རྒྱས་པར་ཕན་པ་མེད། སྙེ་མ་ཕོ་མོ་དབྱེ་བ་ཕྱེ་བའི་དུས་སུ་ལུད་རྒྱག་རྒྱུ་འཕྱི་དྲགས་མི་ཉན་ཞིང་དེས་མྱུ་གུ་རྒས་སུ་འཇུག་བཞིན་ཡོད། དུས་མཇུག་ལུད་འོས་འཚམ་བརྒྱབ་སྟེ། སྔ་ཙམ་རྒས་པའི་རིགས་ཀྱི་ཐོན་ཚད་ཆག་པ་འགོག་དགོས།


བརྡ་འགྲེལ་གདོང་འཛར།

ལག་རྩལ། ལས་གྲྭ ཞིང་ལས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-15

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།