གོས་ཐང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གོས་ཐང་།
གོས་ཐང་ནི་བོད་ཀྱི་སྲོལ་རྒྱུན་རི་མོའི་ཁྲོད་ཀྱི་མེ་ལོང་གི་གཞི་རྒྱ་ཆེ་ཤོས་ཀྱི་ཐང་ག་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་ཡིན་ལ། དེ་ནི་རི་མོ་དང་ལག་ཤེས་བཟོ་རྩལ་ཟུང་འབྲེལ་སྒོས་གྲུབ་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྒྱུ་རྩལ།
1 ངོ་སྤྲོད་མདོར་བསྡུས།

གོས་ཐང་ནི་བོད་ཀྱི་སྲོལ་རྒྱུན་རི་མོའི་ཁྲོད་ཀྱི་མེ་ལོང་གི་གཞི་རྒྱ་ཆེ་ཤོས་ཀྱི་ཐང་ག་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་ཡིན་ལ། དེ་ནི་རི་མོ་དང་ལག་ཤེས་བཟོ་རྩལ་ཟུང་འབྲེལ་སྒོས་གྲུབ་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཀྱང་ཡིན། དེ་ཡང་གོས་ཐང་བཟོ་བ་ལ་ཐོག་མར་ཤོག་བུའི་སྟེང་ཆེ་ཆུང་གང་འདོད་པའི་ལྷ་སྐུ་སོགས་བྲིས་ཏེ་ཆུ་ཚོན་གྱིས་ཚོན་མདོག་དབྱེ་ཐུབ་ཙམ་བྱུགས་རྗེས། ཚོན་གྱི་ཁ་དོག་གི་དབྱེ་མཚམས་ནས་དྲས་ནས་ཕྲལ་ཏེ་རང་རང་གི་ཁ་དོག་དང་མཚུངས་བའི་གོས་ཆེན་གྱི་སྟེང་དུ་ཀླན་ནས་དྲས་མཚམས་ཀྱི་མཐའ་རྣམས་ཅུང་ཙམ་ཆེ་རུ་བཅུག་སྟེ་ཇི་ལྟ་བ་བཞིན་དྲས་མཐར། ལེགས་པར་རྒྱང་པའི་རས་གཞིའི་སྟེང་དུ་མི་ཡོ་བའི་ཐབས་སུ་ཐིག་གདབ། མི་འཆུགས་པའི་ཐབས་སུ་གོང་གི་ཤོག་བུའི་རི་མོ་དང་མཚུངས་བའི་སྐྱ་རིས་ཆེ་ཚུགས་ཙམ་བྲིས་པའི་སྟེང་དུ་མི་འགུལ་བར་སྦྱར། བཅད་ཀྱི་ཚབ་ཏུ་སྟོང་སྐུད་དང་གསེར་སྐུད་སོགས་ཀྱིས་ཚོན་གྱི་ཟུར་ནོན་པར་གྲུབ། མདངས་ཀྱི་ཚབ་ཏུ་ཁ་དོག་གཅིག་ལ་གར་སླ་མི་གཅིག་པའི་གོས་སྣ་མང་ཙམ་མཐུད། གསེར་རིས་ཀྱི་ཚབ་དུ་གསེར་སྐུད་སྦོམ་ཕྲ་སྣ་ཚོགས་ཀྱིས་དྲུབ། གོས་ཆེན་གྱི་རི་མོའི་ཚབ་ཏུ་གོས་ཆེན་གསེར་རིས་ཅན་གྱིས་བྱེད། དྲས་དྲུབ་ཀྱི་གོས་སྐུ་ལ་རི་མོ་མང་པོ་བྱ་དཀའ་མོད། དེའི་དོད་དུ་གོས་ཆེན་རི་མོ་ཅན་གྱིས་ཚབ་བྱེད་པ་ཡིན་པས་སྒྲིག་སྦྱོར་མཁས་མིན་གྱི་ཁྱད་པར་ཤིན་ཏུ་ཆེའོ། །

བརྡ་འགྲེལ་གདོང་འཛར།

གོས་ཐང་། ལྷ་སྐུ། གསེར་སྐུད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-07

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།