ཚོན་ཐང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོན་ཐང་།
ཚོན་ཐང་ནི་མཚོན་མདོག་གིས་བཞེངས་པའི་ཐང་གའི་རིགས་ཡིན་ལ། དེ་ནི་རི་མོའི་ཁྲོད་ཆེས་སྤྱིར་བཏང་གི་སྣང་ཚུལ་ཤིག་ཡིན། ལོ་རྒྱུས་ཁྲོད་ད་ལྟའི་བར་མ་ཉམས་པར་རྒྱུན་འཛིན་བྱས་ཡོང་བའི་མཚོན་ཐབས་གལ་ཆེ་ཤོས་དེ་ཡང་རེད། དེ་ལ་ཚོན་ཐང་ཟེར་དགོས་པའི་རྒྱུ་མཚན་ནི་ནག་ཐང་དང་གསེར་ཐང་། མཚལ་ཐང་སོགས་དང་ལྟོས་འཇོག་གིས་མིང་བཏགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྒྱུ་རྩལ།
1 ​ངོ་སྤྲོད་མདོར་བསྡུས། 

ཚོན་ཐང་ནི་མཚོན་མདོག་གིས་བཞེངས་པའི་ཐང་གའི་རིགས་ཡིན་ལ། དེ་ནི་རི་མོའི་ཁྲོད་ཆེས་སྤྱིར་བཏང་གི་སྣང་ཚུལ་ཞིག་ཡིན། ལོ་རྒྱུས་ཁྲོད་ད་ལྟའི་བར་མ་ཉམས་པར་རྒྱུན་འཛིན་བྱས་ཡོང་བའི་མཚོན་ཐབས་གལ་ཆེ་ཤོས་དེ་ཡང་རེད། དེ་ལ་ཚོན་ཐང་ཟེར་དགོས་པའི་རྒྱུ་མཚན་ནི་ནག་ཐང་དང་གསེར་ཐང་། མཚལ་ཐང་སོགས་དང་ལྟོས་འཇོག་གིས་མིང་བཏགས་པ་ཞིག་ཡིན། དེ་ཡང་བོད་ཀྱི་རི་མོའི་ལོ་རྒྱུས་ཐོག་གོ་གནས་གལ་ཆེན་བཟུང་པའི་ཐང་ག་དང་ལྡེབས་རིས་གྲགས་ཅན་དེ་དག་ཕལ་ཆེ་བ་ཚོན་ཐང་གི་ལམ་ནས་བཞེངས་སྐྲུན་བྱས་པ་ཤ་སྟག་ཡིན། ད་ལྟའི་ཆལའང་བོད་ཀྱི་རི་མོའི་མཚོན་ཚུལ་གཙོ་བོ་ཚོན་ཐང་ཡིན་ལ། མདོར་ན་བོད་རང་གི་གཏེར་ཚོན་ལས་བྱས་པ་དང་དེ་མ་ཡིན་པའི་ཚོན་རྒྱུ་གཞན་ལས་བྱས་པའི་ཐང་ག་གང་ཡིན་ཡང་རྩ་བའི་ཆ་ནས་ཚོན་ཐང་གི་རིགས་སུ་གཏོགས་ཤིང་། རི་མོ་འདིའི་རིགས་ནི་ཚོན་མདོག་རྣམ་པར་བཀྲ་ཞིང་ཡུལ་ལྗོངས་སོགས་ཕྱི་སྣོད་ཀྱི་བཀོད་པ་དང་མི་སྣ། རི་དྭགས་འདབ་ཆགས་སོགས་ནང་བཅུད་ཀྱི་སེམས་ཅན་སྣ་ཚོགས་ཀྱི་ཤ་མདོག་སྤུ་མདོག་ཐོན་པའི་གསོན་ཉམས་ཧ་ཅང་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་ནོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-07

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།