ཟླ་ཐང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟླ་ཐང་།
ཟླ་ཐང་ཞེས་པ་ནི་བོད་ཀྱི་རི་མོ་གསར་རྩོམ་བྱེད་སྟངས་ཤིག་ཡིན་ལ། དེ་ནི་ཞལ་ཐང་གཅིག་འབྲི་བཞེངས་བྱས་པའི་དུས་ཡུན་ལ་གཞིགས་ཏེ་དེ་ལྟར་བཏགས་པ་ཞིག་ཡིན། འདི་དང་ལོ་ཐང་དང་ཉིན་ཐང་བྱ་གསུམ་གྲག་སོགས་ནི་རིགས་གཅིག་ཏུ་འདུ་སྟེ། ཐང་ག་གང་ཞིག་རས་གཞི་བཟོ་བ་ནས་གོ་རིམ་བཞིན་འབྲི་བཞེངས་བྱས་ཏེ་སྤྱན་འབྱེད་གྲུབ་པའི་བར་བེད་སྤྱོད་བཏང་པའི་དུས་ཡུན་ལ་གཞིགས་ཏེ་དེ་ལྟར་མིང་དུ་བཏགས་པ་ཞིག་རེད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྒྱུ་རྩལ།
1 ​ངོ་སྤྲོད་མདོར་བསྡུས། 

ཟླ་ཐང་ཞེས་པ་ནི་བོད་ཀྱི་རི་མོ་གསར་རྩོམ་བྱེད་སྟངས་ཤིག་ཡིན་ལ། དེ་ནི་ཞལ་ཐང་གཅིག་འབྲི་བཞེངས་བྱས་པའི་དུས་ཡུན་ལ་གཞིགས་ཏེ་དེ་ལྟར་བཏགས་པ་ཞིག་ཡིན། འདི་དང་ལོ་ཐང་དང་ཉིན་ཐང་བྱ་གསུམ་གྲག་སོགས་ནི་རིགས་གཅིག་ཏུ་འདུ་སྟེ། ཐང་ག་གང་ཞིག་རས་གཞི་བཟོ་བ་ནས་གོ་རིམ་བཞིན་འབྲི་བཞེངས་བྱས་ཏེ་སྤྱན་འབྱེད་གྲུབ་པའི་བར་བེད་སྤྱོད་བཏང་པའི་དུས་ཡུན་ལ་གཞིགས་ཏེ་དེ་ལྟར་མིང་དུ་བཏགས་པ་ཞིག་རེད། དེ་ཡང་དུས་ཡུན་ཐུང་ཤོས་ནི་ཉིན་གཅིག་གི་ཡུན་ལ་རྫོགས་པར་བཞེངས་དགོས་པའི་ཉིན་ཐང་དང་དུས་ཡུན་རིང་ཤོས་ནི་ཐང་ག་གཅིག་ལོ་གསུམ་གྱི་ཡུན་ལ་རྫོགས་པར་བཞེངས་དགོས་པ་བྱ་གསུམ་གྲག་ལྟ་བུ་དགེ་དབང་ཁྱད་པར་ཅན་ལ་བརྟེན་ནས་བྱུང་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རི་མོ་གསར་རྩོམ་བྱེད་སྟངས་ཤིག་ཡིན། དཔེར་ན་འཁྲུངས་བརྟག་ལྟ་བུ་སྐབས་འགར་མགྱོགས་པོར་བྲིས་ཚར་བ་བྱ་དགོས་པའི་རིགས་ལ་ཉིན་ཐང་དང་ཡང་ན་སྒྲུབ་པ་ཉམས་ལེན་སོགས་ཀྱི་དགེ་དབང་གིས་དུས་ཡུན་ངེས་གཏན་ནང་ག་ལེར་འབྲི་དགོས་པའི་རིགས་ལ་ལོ་ཐང་དང་ཟླ་ཐང་། ཡང་ན་བྱ་གསུམ་གྲག་སོགས་གང་ལ་གང་དགོས་བཞེངས་དགོས་པ་ཡིན་ནོ། །

བརྡ་འགྲེལ་གདོང་འཛར།

ཟླ་ཐང་། ཐང་ག གོ་རིམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-07

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།