ལྷ་བཀོད་རྒྱག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷ་བཀོད་རྒྱག་པ།
ལྷ་བཀོད་རྒྱག་པའམ་རི་མོར་ཐོག་མའི་བཀོད་པ་བྱེད་པ་ནི་འཛམ་གླིང་ཤར་ནུབ་ཀྱི་རི་མོའི་རིགས་ཀུན་ལ་ཡོད་པའི་ལག་ལེན་བྱེད་སྟངས་ཤིག་ཡིན་ལ། གཏན་ལ་ཁེལ་བའི་བརྗོད་བྱ་གང་ཞིག་དང་པོ་ཡིད་བཀོད་བྱ་ཞིང་དེ་ནས་མེ་ལོང་གཞི་རུ་རི་མོར་འབྲི་བ་ལ་གཙོ་སྐུ་དང་སྐུ་མགྲོན་ཡུལ་ལྗོངས་སོགས་གཏམ་རྒྱུད་ཀྱི་བྱུང་རིམ་བཞིན་མཚོན་པར་བྱེད་དགོས་བ་དེའོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་ལོ་རྒྱུས་ཤེས་བྱ།
1 ​ངོ་སྤྲོད་མདོར་བསྡུས།

དེ་ཡང་ལྷ་བཀོད་རྒྱག་པའམ་རི་མོར་ཐོག་མའི་བཀོད་པ་བྱེད་པ་ནི་འཛམ་གླིང་ཤར་ནུབ་ཀྱི་རི་མོའི་རིགས་ཀུན་ལ་ཡོད་པའི་ལག་ལེན་བྱེད་སྟངས་ཤིག་ཡིན་ལ། གཏན་ལ་ཁེལ་བའི་བརྗོད་བྱ་གང་ཞིག་དང་པོ་ཡིད་བཀོད་བྱ་ཞིང་དེ་ནས་མེ་ལོང་གཞི་རུ་རི་མོར་འབྲི་བ་ལ་གཙོ་སྐུ་དང་སྐུ་མགྲོན་ཡུལ་ལྗོངས་སོགས་གཏམ་རྒྱུད་ཀྱི་བྱུང་རིམ་བཞིན་མཚོན་པར་བྱེད་དགོས་ཤིང་། ལྷ་བཀོད་རྒྱག་དུས་སྐྱ་ཐིག་གི་ཐོག་མ་གཙོ་བོ་སྐུ་ཡིན་ཞིང་། དེ་ནས་སྟེང་འོག་གི་སངས་རྒྱས་བྱང་སེམས་དང་བླ་སྐུ། ཆོས་སྐྱོང་བསྟན་སྲུང་གི་རིགས་རེ་རེ་བཞིན་སོལ་སྨྱུག་གིས་དབྱིབས་རགས་པའི་སྐུ་ཚུགས་ཙམ་བྲིས་རྗེས་ཆ་ཚད་ཀྱི་གཞུང་བཞིན་སྐྱ་རིས་གདབ། དེ་མིན་རི་རབ་ཉི་ཟླ་དང་། སྤྲིན་དང་དུ་བ་མེ་དཀྱིལ། འཇའ་ཚོན། ཁྲི་རྒྱབ། འདོད་ཡོན། རྩྭ་རྩི་ཤིང་མེ་ཏོག རི་ར་བ་ཁང་ཁྱིམ། མཆོད་རྫས་དང་། རི་དྭགས་བྱ་བྱེའུ་ལྗོན་པ་སོགས་ནི་གང་ལ་གང་འཚམ་གྱིས་འབྲི་བ་ཡིན། དེ་ནི་རི་མོ་གསར་རྩོམ་གྱི་ལས་ཀའི་གོ་རིམ་དང་པོ་ཡིན་ལ། རི་མོ་ཧྲིལ་བོའི་མཛེས་དཔྱོད་ལུས་ཀྱི་སྒྲོམ་གཞི་ཡག་པོ་ཡོང་མིན་གྱི་འགག་རྩ་ཡིན་པས། བཀོད་པ་བྱེད་པ་ནི་ཐད་ཀར་སྒྱུ་རྩལ་པའི་ཆེད་ལས་བློ་སྦྱོང་དང་འབྲེལ་བ་དམ་ཟབ་ཡོད་དོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-05

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།