ཡིའུ་ཐཱ་རྗེ་སི་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡིའུ་ཐཱ་རྗེ་སི་རུ་ཁག
ཡིའུ་ཐཱ་རྗེ་སི་རུ་ཁག་ནི་སྤྱི་ལོ1974ལོར་བཙུགས་རྗེསNBAམནའ་འབྲེལ་དུ་ཞུགས་པ་དང་ཨ་རིའི་ཡིའུ་ཐཱ་མངའ་ཁུལ་གྱི་ཚཱ་མཚོའི་གྲོང་ཁྱེར་གྱི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་ལ་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ནུབ་བྱང་འགྲན་ཁུལ་དུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
犹他爵士队
ཕྱི་ཡིག་གི་མིང་།
Utah Jazz
ཆགས་ཡུལ།
ཨ་རིའི་ཡིའུ་ཐཱ་མངའ་ཁུལ་གྱི་ཚཱ་མཚོའི་གྲོང་ཁྱེར།
འགྲན་རིམ།
NBA
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
བདག་འཛིན་པ།
ལཱ་ལི•སྨི་ལུ།
དབུ་བརྙེས་པའི་དུས།
སྤྱི་ལོ1974ལོ།
འབྲེལ་ཡོད་མི་སྣ་གྲགས་ཅན།
ཁཱ་ཨེར•མཱ་ལུང་།   ཡུའེ་ཧན•སི་ཐུའོ་ཁུ་ཏུན།
1 ​རུ་ཁག་གི་ལོ་རྒྱུས།

ཡིའུ་ཐཱ་རྗེ་སི་རུ་ཁག་ནི་སྤྱི་ལོ1974ལོར་བཙུགས་རྗེསNBAམནའ་འབྲེལ་དུ་ཞུགས་པ་དང་ཨ་རིའི་ཡིའུ་ཐཱ་མངའ་ཁུལ་གྱི་ཚཱ་མཚོའི་གྲོང་ཁྱེར་གྱི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་ལ་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ནུབ་བྱང་འགྲན་ཁུལ་དུ་གཏོགས།

ཡིའུ་ཐཱ་རྗེ་སི་རུ་ཁག་ནི་སྤྱི་ལོ1974ལོར་ཨའོ་ལང་གསར་མར་བཙུགས་ཤིང་སྤྱི་ལོ1979ལོར་ཚྭ་མཚོའི་གྲོང་ཁྱེར་དུ་གནས་སྤོར་བྱས། ཐོག་མའི་དུས་ཀྱི་ལོ་དུ་མའི་ནང་དུ་རྗེ་སི་རུ་ཁག་གི་གྲུབ་འབྲས་དེ་འདྲ་ལེགས་རྒྱུ་མེད་རུང་། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་རྗེ་སི་རུ་ཁག་དེ་ཉིདNBAམནའ་འབྲེལ་གྱི་མཇུག་མཐའི་འགྲན་ཚིགས་སུ་རྒྱུན་པར་ཚུད་པའི་རུ་ཁག་སྟོབས་ལྡན་ཞིག་ཏུ་གྱུར། སྤྱི་ལོ1984ལོའིNBAམནའ་འབྲེལ་གྱིས་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་དུ་ཨང་རིམ་བཅུ་དྲུག་གི་ཐོབ་ཐང་གིས་ཡུའེ་ཧན•སི་ཐུའོ་ཁུ་ཏུན་བདམས་པ་དང་ཡང་སྤྱི་ལོ1985ལོར་ཁཱ་ཨེར•མཱ་ལུང་བདམས། ཁོང་གཉིས་ཀྱིས་མཉམ་འབྲེལ་དེNBAམནའ་འབྲེལ་དུ་སྐད་གྲགས་ཅན་དུ་གྱུར། རྗེ་སི་རུ་ཁག་ཀྱངNBAམནའ་འབྲེལ་གྱི་རུ་ཁག་སྟོབས་ཅན་ཞིག་ཏུ་གྱུར། ཁོང་གཉིས་ཀྱིས་སྣེ་ཁྲིད་ནས་སྤྱི་ལོ1997ལོ་དང་སྤྱི་ལོ1998ལོ་སྟེ་བསྟུད་མར་ལོ་གཉིས་ལNBAརྟིང་རྩོད་འགྲན་བསྡུར་དུ་ཞུགས། ཡིན་ཡང་སྐབས་དེར་ཆའོ་ཏན་གྱིས་སྣེ་ཁྲིད་པའི་ཀྲི་ཅཱ་ཀུ་གླང་རྒོད་རུ་ཁག་ནིNBAམནའ་འབྲེལ་གྱི་རུ་ཁག་ཟླ་མེད་པ་དེ་ཡིན་པས་ཡིའུ་ཐཱ་རྗེ་སི་རུ་ཁག་གིས་བསྟུད་མར་ལོ་གཉིས་ལ་ཕམ་ཁ་མྱངས། དེའི་རྗེས་སུ་རྗེ་སི་རུ་ཁག་ལ་ཏུ་ལུང•བེ་ལེན་མུའུ་སི་དང་ཁཱ་ལུའོ་སི•པུའུ་ཙུ་ཨེར་སོགས་ཞུགས་ཀྱང་ཐོད་བརྒལ་གྱི་གྲུབ་འབྲས་ཆེར་མ་བྱུང་། ད་ལྟ་ཏུའོ་ནུའོ་ཝན•སྨི་ཆི་ཨེར་སོགས་གཟེབ་གྲུག་ལུས་རྩལ་པ་གཞོན་པ་དག་གིས་སྣེ་ཁྲིད་འོག་འགྲན་བསྡུར་ལ་བརྩོན་བཞིན་ཡོད།

2 རུ་ཁག་གི་གཟེངས་རྟགས།
གཟེངས་རྟགས། འགྲན་ཚིགས།
NBAཡི་ནུབ་རྒྱུད་ཀྱི་རྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོ།  སྤྱི་ལོ1996ལོ-སྤྱི་ལོ1997ལོའི་འགྲན་ཚིགས།
NBAཡི་ནུབ་རྒྱུད་ཀྱི་རྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོ།  སྤྱི་ལོ1997ལོ-སྤྱི་ལོ1998ལོའི་འགྲན་ཚིགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-08

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།