ཨུ་ཁུ་ལཱ་ཧུ་མཱ་ཐོག་རྒོད་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨུ་ཁུ་ལཱ་ཧུ་མཱ་ཐོག་རྒོད་རུ་ཁག
ཨུ་ཁུ་ལཱ་ཧུ་མཱ་ཐོག་རྒོད་རུ་ཁག་ནི་ཨ་རིའི་ཨུ་ཁུ་ལཱ་ཧི་མཱ་གྲོང་ཁྱེར་གྱི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་པ་དང་སྔོན་མའི་རུ་ཁག་གི་མིང་ལ་ཞི་ཡཱ་ཐུའུ་སྒྲ་ལས་མྱུར་རུ་ཁག་ཟེར་ཞིང་སྤྱི་ལོ1966ལོར་བཙུགས་ཤིང་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)རུ་ཞུགས་པ་དང་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ནུབ་བྱང་འགྲན་ཁུལ་དུ་གཏོགས།
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
Oklahoma City Thunder
རྒྱ་ཡིག་གི་མིང་།
俄克拉荷马雷霆队
ཆགས་ཡུལ།
ཨ་རིའི་ཨུ་ཁུ་ལཱ་ཧི་མཱ་གྲོང་ཁྱེར།
འགྲན་རིམ།
NBA
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
བདག་འཛིན་པ།
ཁུ་ལའེ•པུན་ནེ་ཐུ།
དབུ་བརྙེས་པའི་དུས།
སྤྱི་ལོ2008ལོ།
འབྲེལ་ཡོད་མི་སྣ་གྲགས་ཅན།
ཁའེ་ཝུན•ཏུའུ་ལན་ཐུ།  ལཱ་སའེ་ཨེར•བེ་སི་པུའུ་ལུའུ་ཁུ།  ཀྲན་མུའུ་སི•ཧཱ་ཏེང་།
1 རུ་ཁག་གི་ལོ་རྒྱུས།

ཨུ་ཁུ་ལཱ་ཧུ་མཱ་ཐོག་རྒོད་རུ་ཁག་ནི་ཨ་རིའི་ཨུ་ཁུ་ལཱ་ཧི་མཱ་གྲོང་ཁྱེར་གྱི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་པ་དང་སྔོན་མའི་རུ་ཁག་གི་མིང་ལ་ཞི་ཡཱ་ཐུའུ་སྒྲ་ལས་མྱུར་རུ་ཁག་ཟེར་ཞིང་སྤྱི་ལོ1966ལོར་བཙུགས་ཤིང་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)རུ་ཞུགས་པ་དང་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ནུབ་བྱང་འགྲན་ཁུལ་དུ་གཏོགས། སྤྱི་ལོ1978ལོ་ནས་སྤྱི་ལོ1979ལོའི་འགྲན་ཚིགས་སུ་སྒྲ་ལས་མྱུར་རུ་ཁག་གིས་འཁྲིད་སྟོན་པ་ལུན་ཉི•བིའེ་ཨེར་ཁུན་སིའི་སྣེ་ཁྲིད་འོག་ཏུNBAརྟིང་རྩོད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་བླངས། དེའི་རྗེས་ཀྱི་ལོ་ངོ་དུ་མའི་ནང་དུ་སྐད་གྲགས་ཅན་གྱི་གཟེབ་གྲུག་ལུས་རྩལ་པ་ཅཱ་ལི•ཕེ་ཏུན་དང་ལེ•ཨ་ལུན་སོགས་རུ་ཁག་ཏུ་ཞུགས་ནའང་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཆེར་མ་ལོན། སྤྱི་ལོ2008ལོར་སྒྲ་ལས་མྱུར་རུ་ཁག་དེ་ཨུ་ཁུ་ལཱ་ཧུ་མཱ་གྲོང་ཁྱེར་དུ་གནས་སྤོར་བྱས་པ་དང་མིང་ལའང་ཐོག་རྒོད་རུ་ཁག་ཅེས་བཏགས། སྤྱི་ལོ2011ལོ་ནས་སྤྱི་ལོ2012ལོའི་བར་གྱི་འགྲན་ཚིགས་སུ་ཁའེ་ཝུན•ཏུའུ་ལན་ཐུ་དང་ལཱ་སའེ་ཨེར•བེ་སི་པུའུ་ལུའུ་ཁུ། ཀྲན་མུའུ་སི•ཧཱ་ཏེང་གསུམ་གྱིས་སྣེ་ཁྲིད་ནསNBAརྟིང་རྩོད་འགྲན་བསྡུར་དུ་ཞུགས། ཡིད་ཕངས་པ་ཞིག་ལ་ཉམས་མྱོང་དང་ཕྱོགས་ཡོངས་ཀྱི་སྟོབས་ཤུགས་ཀྱི་དབང་གིས་འགྲན་ཕམ་བྱུང་། ད་ལྟ་བེ་སི་པུའུ་ལུའུ་ཁུ་དང་པའོ་ལུའོ•ཆའོ་ཀྲི ཡཱ་ཏང་སི་སོགས་ཀྱི་སྣེ་ཁྲིད་འོག་ཏུ་རུ་ཁག་སྟོབས་ཆེན་ཞིག་ཏུ་ཆགས་ཡོད་པ་རེད།

2 རུ་ཁག་གི་གཟེངས་རྟགས།
གཟེངས་རྟགས། འགྲན་ཚིགས།
NBAརྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོ།  སྤྱི་ལོ1978ལོ-སྤྱི་ལོ1979ལོའི་འགྲན་ཚིགས།
NBAནུབ་རྒྱུད་མནའ་འབྲེལ་གྱི་རྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོ།  སྤྱི་ལོ2011ལོ-སྤྱི་ལོ2012ལོའི་འགྲན་ཚིགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-08

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།