གནས་ཉེར་བཞི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

གནས་ཉེར་བཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཤེས་བྱའི་རྣམ་གྲངས།)

དེ་ལ་ཡུལ་ཉེར་བཞི་ཡང་ཟེར། 1.པཱུ་ལི་ར་མ་ལ་ཡ(རྒྱ་གར་ཤར་ཕྱོགས་བྷང་གྷ་ལ་ཡི་ལྷོ་ངོས་མ་ལ་ཡའི་ཆུ་ཀླུང་འབབ་པའི་གནས།)2.ཛ་ལ་ནྡྷ་ར(ཆུ་བོ་གང་ག་མཚོ་མ་ཕམ་ནས་མངའ་རིས་ཀྱི་ཡུལ་བརྒྱུད་དེ་ཉིན་འགའ་ཞིག་ལྷོ་ནུབ་ཕྱོགས་སུ་ཁ་གཏད་ནས་འབབ་ཅིང་། ཌི་ལིའམ་ངྷི་ལིའི་བྱང་ཕྱོགས་ཧ་རི་དྭ་ཝར་ནས་ཤར་ཕྱོགས་སུ་འཁྱོགས་ནས་འབབ་པའི་བྱང་ངོ་། ཛ་ལ་མུག་གམ། ཛ་ལ་མུ་ཁི་སྟེ་རྡོ་ལ་མེ་འབར་བའི་གནས།)3.ཨོོ་ཊི་ཡ་ན(འདི་ཨོ་རྒྱན་གྱི་ཡུལ)4.ཨ་རྦུ་ཏ(རྒྱ་གར་ལྷོ་ཕྱོགས་ཀྱི་རི་དབུས་མཐོ་ལ་མཐའ་དམའ་བ་འབྲང་རྒྱས་སམ་སྙིང་གཟུགས་ཅན་ཞིག་གི་མིང་།)5.གོོ་ད་ཝ་རི(བལ་པོའི་ཡུལ་གྱི་བྱང་ངོས་རང་རྒྱལ་གྱི་གཉའ་ནང་ཤན་གྱི་ཉེ་འདབས་ལ་ཕྱི་གངས་ར་ཞེས་གངས་རི་ཆེན་པོ་ཞིག་ཡོད་པར་བཤད་པ་ལྟར་ན། དེང་སང་གི་ས་བཀྲའི་ཐོག་ཏུ་སྒོ་ས་ཡིན་ཐན་རི་བོ་ཞེས་སམ། ཡོངས་གྲགས་སུ་ཤི་ཤ་སྦང་མའི་རི་བོ་ཞེས་པ་དེ་ཡིན་ནམ་སྙམ་བརྟག འདི་རྗེ་བཙུན་མི་ལའི་རྣམ་ཐར་དུ། སྟོད་གཉའ་ནང་དུ་ཡོད་པའི་ལ་ཕྱི་གངས་ར་ཞེས་གསལ་ཞིང་། ལ་ཕྱི་གངས་ར་ཞེས་པ་ཧི་མ་ལ་ཡའི་རི་ཡི་རྒྱུད་གཅིག་ཡིན་པས། ས་བཀྲའི་ནང་སྒོ་ས་ཡིན་ཐན་ཞེས་གསལ་ཞིང་། དེང་སང་ཡོངས་གྲགས་རྒྱ་སྐད་དུ་ཤི་ཤ་སྦང་མ་ཞེས་པ་དེ་ཡིན་ནམ། དེ་མིན་ལ་ཕྱི་གངས་ར་ཞེས་པ་ལོགས་སུ་ཡོད་མེད་བརྟག་དགོས།)6.རྭ་མེ་ཤ་རི(རྒྱ་གར་གྱི་ས་དབྱིབས་གྲུ་གསུམ་དུ་ཆགས་པའི་རྩེ་མོ་རྣོ་ཤོས་ལྷོ་ཕྱོགས་སུ་གཏད་པའི་རྒྱ་མཚོའི་འགྲམ་གྱི་སྣེ་དེར་ཡོད། འདི་ནས་ཤར་ལྷོ་ཕྱོགས་སུ་གྲུ་བཏང་ནས་སོང་ན་ལང་ཀའི་གྲོང་ཁྱེར་རམ་ལམ་ཀའི་གླིང་ཕྲན་ཞེས་རྒྱལ་པོ་ར་མཱ་ནས་སྲིན་ཡུལ་དུ་དམག་དྲངས་པར་བཤད་པའི་ཡུལ་དེ་ཡིན་པས། དེང་སང་སིང་ག་ལའང་། ཤྲི་ལངྐའམ་སི་ལི་ལངྐ་ཟེར།)7.དེ་ཝི་ཀོ་ཏྲི། འདི་བོད་སྐད་དུ་ལྷ་མོའི་མཁར་ཞེས་ཟེར་ཞིང་འདི་ལ་ངོས་འཛིན་ཚུལ་མི་འདྲ་བ་གཉིས་ཏེ། ཀོང་པོའི་ཡུལ་དང་དྭགས་པོ། ཀློ་ཡུལ་གསུམ་གྱི་འཚམས་ཡོད་པའི་རྩ་རི་ལ་ངོས་འཛིན་པ་གཅིག་དང་། རྒྱ་གར་ཨ་སམ་གྱི་ཤར་ཕྱོགས། གང་ཚ་རངྒ་ཞེས་པའི་ནང་ཚང་ཏི་ར་ཕུར་ཞེས་པའི་རི་བོ་དེར་ངོས་འཛིན་པ་གཅིག་ཡོད། 8.མཱ་ལ་ཝ(རྒྱ་གར་ནུབ་ཕྱོགས་རྒྱ་མཚོའི་གླིང་ཕྲན་ཞིག་ཡིན་པར་བཤད།)9.ཀ་མ་རུ་པ(བལ་ཡུལ་དང་ཐག་ཉེ་བའི་གངས་རྒྱལ་མོ་མཐོན་མཐིང་གི་འགྲམ་ནས﹝རྒྱ་གར་སྐད་དུ་ཆུ་བོ་ལོ་ཧི་ཏ་རྒྱ་སྐད་དུ་མཱ་མཆོན་ཧཱོ﹞བོད་སྐད་དུ་རྟ་མཆོག་ཁ་འབབ་ཏུ་གྲགས་པ་དེ་ཉིད་གཞིས་ཀ་རྩེ་ནས་ཉང་ཆུ་དང་འདྲེས། ལྷ་སའི་ལྷོ་ནུབ་ཆུ་ཤུལ་ནས་སྐྱིད་ཆུ་དང་འདྲེས་ནས་ཡར་ལུང་བརྒྱུད་དུ་འབབ་པ་ལ་ཡར་ལུང་གཙང་པོ་ཟེར། དེ་ཉིད་ཀོང་པོ་ཡུལ་ནས་ཁ་ལྷོར་བལྟས་ནས་རྒྱར་ཤར་ཕྱོགས་སུ་ཐོན་པའི་ས་དེར་ངོས་འཛིན། དེ་ནས་རྒཡ་གར་ཤར་ཕྱོགས་ཡ་སམ་གྱི་ཡུལ་བརྒྱུད་ནས་ཤར་པ་ཀི་སི་ཐན་གྱི་བྱང་ནས་ཁ་ལྷོར་བལྟས་ནས་རྒྱ་མཚོ་ཆེན་པོར་འབབ་པས་གོང་གསལ་ཆུ་བོའི་དེའི་དུམ་བུ་ལ་རྒྱ་གར་བ་རྣམས་ཀྱིས་བྷ་རམ་པུརྡ་ཟེར།)10.ཨོ་ཏྲི(རྒྱ་གར་ལྷོ་ཕྱོགས་རྒྱལ་པོ་ཤིང་རྟ་བཅུ་པའི་ཡུལ་ལ་ངོས་འཛིན་པར་བཤད་ཀྱང་ས་གནས་ངོས་མ་ཟིན།)11.ཏྲི་ཤ་ཀུ་ནེ(རྒྱ་གར་ནུབ་ཕྱོགས་ཆུ་བོ་གངྒ་དང་། གན་ཏི་སུ་རུ་པ་གསུམ་གྱི་འདུས་མདོ་དེར་ཡོད།)12.ཀོ་ས་ལ(རྒྱ་གར་ཡུལ་དབུས་གཉན་ཡོད་ཅེས་པ་དེ་ཡིན།)13.ཀལིངྐ(རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ་ཏྲི་ལིངྐ་ལ་སོགས་པའི་ལིངྐའི་མིང་ཅན་བརྒྱད་ཙམ་ཡོད་པར་བཤད་པའི་ནང་ནས་གཅིག་ཡིན།)14.ལམ་པ་ཀ(ཨོ་རྒྱན་གྱི་ཡུལ་གྱི་ཤར་ཕྱོགས་སུ་ཡོད་པར་བཤད།)15.ཀཉྩི(རྒྱ་གར་ལྷོ་ཕྱོགས་ཀྱི་དཀྱིལ་ཏྲི་ལིང་ཀ་ཞེས་པ་དེ་ཡིན་པར་བཤད།)16.ཧི་མ་ལ་ཡ། བོད་སྐད་དུ་རི་བོ་གངས་ཅན་ཞེས་རྒྱ་གར་གྱི་བྱང་ཕྱོགས་སུ་ཡོད་པའི་རི་རྒྱུད་ཤིན་ཏུ་རིང་བ་ཞིག་གི་མིང་། 17.པྲེ་ཏ(མངའ་རིས་གུ་གེའི་ཡུལ་དུ་ཡོད།) 18.གྲི་ཧ་དེ་ཝ་ཏ(ལི་ཡུལ་ལྕང་ར་སྨུག་པོའམ། དེང་སང་ཤིན་ཅང་དུ་འབོད་པའི་གནས་ཀྱི་ནུབ་ངོས་སུ་ཡོད་པར་བཤད། )19.སོ་ར་ཥྟྲ(འདི་བོད་སྐད་དུ་བཟང་པོ་ཅན་ཟེར་ཞིང་རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་ཞིག་ཡིན་པར་བཤད་པ་ལྟར་རང་རྒྱལ་ནས་པར་བསྐྲུན་བྱའི་ས་བཀྲའི་ནང་དུ་རྒྱ་གར་ནུབ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ་ཞིག་ལ་སུ་ལ་ཐའོ་ཞེས་འཁོད་པ་དེ་ཡིན་སྙམ།)20.སུ་ཝརྣ་དཱི་པ(འདི་བོད་སྐད་དུ་གསེར་གླིང་ཟེར་ཞིང་། དེང་སང་ཨེན་རྡུ་ཉི་ཤི་ཡའི་རྒྱལ་ས་ཡ་ཅཱ་ཏཱ་ཡི་ནུབ་བྱང་ངོས་ཀྱི་གླིང་ཕྲན་ཆེ་བ་སུ་མན་ཏ་ལ་ཟེར་བ་དེ་ཡིན་ཞེས་རྒྱ་རིགས་ཀྱི་མཁས་པའི་དབང་པོ་འགའ་ཞིག་གིས་གསུངས་པ་ཐོས།)21.ནཱ་ཀ་ར(རྒྱ་གར་བྱང་ཕྱོགས་བལ་ཡུལ་དང་ཁད་ཉེ་བར་ཆུ་བོ་གངྒཱའི་འགྲམ་དུ་གྲོང་ཁྱེར་པ་པ་ཏྲ་ལི་བུ་ཏྲ་འམ﹝བོད་སྐད་དུ་སྐྱ་བོའི་བུ་ཟེར﹞པ་ཋན་ཞེས་ནཱ་ག་རའི་ཡི་གེ་འབྱུང་བའི་ཡུལ་དེ་ཡིན་པར་བཤད།)22.སིན་ངྷུ། གངས་རི་ཏི་སེའི་བྱང་ངོས་ནས་འབབ་པའི་ཆུ་བོ་སིན་ངྷུ་ཞེས་པ། བོད་སྐད་དུ་སེངྒེ་ཁ་འབབ་ཟེར། དེ་མངའ་རིས་ཀྱི་ཡུལ་བརྒྱུད་དང་པོར་བྱང་དང་། དེ་ནས་པ་ལི་ཅ་སིའི་ལྷོ་ངོས་ནས་རེ་ཞིག་བར་ནུབ་དྲང་པོ་དང་དེ་ནས་ཀསྨིརའམ། ཁ་ཧྲི་སྨིར་གྱི་ཤར་ངོས་ནས་ནུབ་བྱང་བར་འཁྱོག་ནས་འབབ་ཅིང་། མཐར་ནུབ་པ་ཀིན་སི་ཐན་གྱི་བྱང་ཤར་ནས་དཀྱིལ་དྲང་པོ་བརྒྱུད་རྒྱལ་ས་ཁ་ར་ཏྲིའམ་སྔ་དུས་ཁ་ར་ཋར་འབོད་པའི་ཉེས་འདབས་ནས་ཨ་རི་པིའི་རྒྱ་མཚོར་འབབ་པས། རྒྱལ་སའི་ཉེ་འདབས་སུ་གོང་གི་གནས་དེ་ཡོད་པར་བཤད། 23.མ་རུ། ཀ་སྨིར་གྱི་བྱང་ཕྱོགས་ཛ་ལནྔྷ་རའི་ཉེ་འདབས་སུ་ཡོད་པར་བཤད། 24.ཀུ་ལུ་ཏ། ཀསྨིར་གྱི་བྱང་ཕྱོགས་ཀྱི་མཐའ་མཚམས་མངའ་རིས་ཀྱི་ཡུལ་དང་ཐག་ཉེ་བར་ཡོད་པ་དང་། མངའ་རིས་པ་རྣམས་ཀྱིས་ཉུང་རྡའི་ཡུལ་ཞེས་འབོད་པའི་ནང་ཚན་ཞིག་ཡིན་པར་བཤད།
1 རྒྱས་འགྲེལ།

二十四地区:古印度周围之二十四区域。1.布利若马来亚;2.札兰达热;3.窝支亚那;4.阿热乌达;5.乔达瓦日;6.热买哈日;7.戴维郭底日;8.马拿瓦;9.嘎玛如巴;10.窝底日;11.底日厦古勒;12.郭萨拉;13.嘎陵迦;14.兰巴嘎;15.甘滋;16.喜马拉雅;17.白热达;18.吉利哈代瓦达;19.索热卡热;20.苏宛那底巴;21.那格热;22.信度;23.玛如;24.姑鲁达;以上二十四个地区,现今属印度者仅其中一部分。

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-08

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།