ཞེའུ་སུ་ཏུན་འཕུར་མདའ་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞེའུ་སུ་ཏུན་འཕུར་མདའ་རུ་ཁག
ཞེའུ་སུ་ཏུན་འཕུར་མདའ་རུ་ཁག་ནི་སྤྱི་ལོ1967ལོར་བཙུགས་ཤིང་སྤྱི་ལོ1967ལོ་ནས་སྤྱི་ལོ1968ལོའི་འགྲན་ཚིགས་སུNBAམནའ་འབྲེལ་དུ་ཞུགས། དེ་ནི་ཏུ་ཁུ་སཱ་སི་མངའ་ཁུལ་གྱི་ཞེའུ་སི་ཏུན་གྲོང་ཁྱེར་གྱི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན། ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ལྷོ་ནུབ་འགྲན་ཁུལ་དུ་གཏོགས།
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
Houston Rockets
རྒྱ་ཡིག་གི་མིང་།
休斯敦火箭队
ཆགས་ཡུལ།
ཏུ་ཁུ་སཱ་སི་མངའ་ཁུལ་གྱི་ཞེའུ་སི་ཏུན་གྲོང་ཁྱེར།
འགྲན་རིམ།
NBA
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
བདག་འཛིན་པ།
ཐི་ཨེར་མན•ཧྥེ་ཨེར་ཐི་ཐཱ།
དབུ་བརྙེས་པའི་དུས།
སྤྱི་ལོ1967ལོ།
འབྲེལ་ཡོད་མི་སྣ་གྲགས་ཅན།
མོ་ཞི•མཱ་ལུང་། ལཱ་ཨེར་ཧྥུའུ•སང་ཕུའུ། ཧཱ་ཅི་མུའུ•ཨའོ་ལཱ་ཀྲུའུ་ཝང་། ཀྲན་མུའུ་སི•ཧཱ་ཏེང་།
1 རུ་ཁག་གི་ལོ་རྒྱུས།

ཞེའུ་སུ་ཏུན་འཕུར་མདའ་རུ་ཁག་ནི་སྤྱི་ལོ1967ལོར་བཙུགས་ཤིང་སྤྱི་ལོ1967ལོ་ནས་སྤྱི་ལོ1968ལོའི་འགྲན་ཚིགས་སུNBAམནའ་འབྲེལ་དུ་ཞུགས། དེ་ནི་ཏུ་ཁུ་སཱ་སི་མངའ་ཁུལ་གྱི་ཞེའུ་སི་ཏུན་གྲོང་ཁྱེར་གྱི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན།  ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ལྷོ་ནུབ་འགྲན་ཁུལ་དུ་གཏོགས།

འཕུར་མདའ་རུ་ཁག་ནི་གདོང་ལེན་བར་མ་སྐད་གྲགས་ཅན་ཡོད་པའི་རུ་ཁག་ཅིག་ཡིན། མོ་ཞི•མཱ་ལུང་དང་ལཱ་ཨེར་ཧྥུའུ•སང་ཕུའུ། ཧཱ་ཅི་མུའུ•ཨའོ་ལཱ་ཀྲུའུ་ཝང་། ཀྲུང་གོའི་གྱད་མི་དང་ཏུ་ཧོའེ་ཐུ•ཧུའོ་ཧཱ་ཏུ་སོགས་ནིNBAམཐུན་ཚོགས་ཀྱི་སྐད་གྲགས་ཅན་གྱི་གདོང་ལེན་བར་མའི་རིགས་ཡིན།

སྤྱི་ལོ1967ལོར་འཕུར་མདའ་རུ་ཁག་ཐོག་མར་ཧྲིན་ཏི་ཀུ་རུ་བཙུགས་པ་དང་གྲུབ་འབྲས་ཆེར་མེད་པའི་འགྲན་ཚིགས་བཞིའི་རྗེས་ཀྱི་སྤྱི་ལོ1971ལོར་ཞིའུ་སི་ཏུན་དུ་གནས་སྤོར་བྱས་པ་དང་དེའི་རྗེས་ཀྱི་སྤྱི་ལོ1993ལོ་ནས་སྤྱི་ལོ1994ལོའི་བར་དང་སྤྱི་ལོ1994ལོ་ནས་སྤྱི་ལོ1995ལོའི་བར་གྱི་འགྲན་ཚིགས་གཉིས་རུ་ཁག་གི་སྐད་གྲགས་ཅན་གྱི་གདོང་ལེན་བར་མ་ཧཱ་ཅི་མུའུ•ཨའོ་ལཱ་ཀྲུའུ་ཝང་གིས་སྣེ་ཁྲིད་བྱས་ནསNBAརྟིང་རྩོད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་བསྟུད་མར་ཐེངས་གཉིས་ལ་བླངས། དེའི་རྗེས་ཀྱི་ལོ་དུ་མའི་ནང་དུ་རུ་ཁག་གིས་གྲུབ་འབྲས་ཆེར་མ་ལོན། སྤྱི་ལོ2002ལོར་ཞིའུ་སི་ཏུན་འཕུར་མདའ་རུ་ཁག་གིསNBAམནའ་འབྲེལ་གྱི་གཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་ཨང་དང་པོའི་ཐོབ་ཐང་གིས་ཀྲུང་གོའི་གྱད་མིར་གྲགས་པའི་ཡའོ་མིང་བདམས་པ་དང་ཨའོ་ལན་ཏུའོ་སྒྱུ་འཕྲུལ་རུ་ཁག་གིས་ཐུ་ལེ་ཞི•མའེ་ཁུ་ཀུ་ལེ་ཏི་དྲངས་ནས་ཡའོ་མའེ་ཚོགས་པ་ཞེས་པ་བསྒྲིགས་ཤིང་བསྟུད་མར་ཐེངས་ཉེར་གཉིས་ལ་རྒྱལ་ཁ་བླངས་པ་དང་སྐར་ཆ་སོ་ལྔའི་ནང་དུ་སྐར་མ་བཅུ་གསུམ་བླངས་པ་སོགས་ལོ་རྒྱུས་ཟིན་ཐོ་མང་དུ་བསྐྲུན།

སྤྱི་ལོ2017ལོའི་ཟླ6པའི་ཚེས29ཉིན་འཕུར་མདའ་རུ་ཁག་དང་མགྱོགས་གྲུ་རུ་ཁག་གཉིས་ཀྱིས་ཁུ་ལི་སི•པའོ་ལུའོ་དང་གཟེབ་གྲུག་ལུས་རྩལ་པ་བདུན་དང་བརྗེས་ནས་ཁུ་ལི་སི•པའོ་ལུའོ་འཕུར་མདའ་རུ་ཁག་ཏུ་ཞུགས་པ་དང་རུ་ཁག་གི་རྒྱབ་སྲུང་པ་གྲགས་ཅན་ཀྲན་མུའུ་སི•ཧཱ་ཏེང་དང་མཉམ་འབྲེལ་སྣེ་ཁྲིད་ཀྱིས་འགྲན་བསྡུར་དུ་བརྩོན་བཞིན་ཡོད།

2 རུ་ཁག་གི་གཟེངས་རྟགས།
གཟེངས་རྟགས། འགྲན་ཚིགས།
NBAམནའ་འབྲེལ་གྱི་རྟིང་རྩོད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ། སྤྱི་ལོ1993ལོ-སྤྱི་ལོ1994ལོའི་འགྲན་ཚིགས།
NBAམནའ་འབྲེལ་གྱི་རྟིང་རྩོད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ།
སྤྱི་ལོ1994ལོ-སྤྱི་ལོ1995ལོའི་འགྲན་ཚིགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-08

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།