ཨའོ་ཨེར་ལང་གསར་མའི་ཁྱུ་དགའ་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨའོ་ཨེར་ལང་གསར་མའི་ཁྱུ་དགའ་རུ་ཁག
ཨའོ་ཨེར་ལང་གསར་མའི་ཁྱུ་དགའ་རུ་ཁག་ནི་ཨ་རིའི་ལུའུ་དབྱི་སི་ཨན་ནཱ་མངའ་ཁུལ་གྱི་ཨའོ་ཨེར་ལང་གསར་མ་གྲོང་ཁྱེར་གྱི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་པ་དང་། ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ལྷོ་ནུབ་འགྲན་ཁུལ་དུ་གཏོགས།
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
New Orleans Pelicans
རྒྱ་ཡིག་གི་མིང་།
新奥尔良鹈鹕队
ཆགས་ཡུལ།
ཨ་རིའི་ལུའུ་དབྱི་སི་ཨན་ནཱ་མངའ་ཁུལ་གྱི་ཨའོ་ཨེར་ལང་གསར་མ་གྲོང་ཁྱེར།
འགྲན་རིམ།
NBA
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
བདག་འཛིན་པ།
ཐང་མུའུ•པུན་སུན།
དབུ་བརྙེས་པའི་དུས།
སྤྱི་ལོ2013ལོ།
འབྲེལ་ཡོད་མི་སྣ་གྲགས་ཅན།
ཏཱ་བེ•བེ་སི་ཐུ། ཁུ་ལི་སི•པའོ་ལུའོ། ཨན་ཏུང་ཉི•ཏའེ་བེ་སི།
1 རུ་ཁག་གི་ལོ་རྒྱུས།

ཨའོ་ཨེར་ལང་གསར་མའི་ཁྱུ་དགའ་རུ་ཁག་ནི་ཨ་རིའི་ལུའུ་དབྱི་སི་ཨན་ནཱ་མངའ་ཁུལ་གྱི་ཨའོ་ཨེར་ལང་གསར་མ་གྲོང་ཁྱེར་གྱི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་པ་དང་། ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ལྷོ་ནུབ་འགྲན་ཁུལ་དུ་གཏོགས།

ཁྱུ་དགའ་རུ་ཁག་གི་མིང་སྔོན་མར་ཨའོ་ལང་གསར་མའི་སེར་སྦྲང་རུ་ཁག་ཟེར་ཞིང་སྤྱི་ལོ2002ལོ་ནས་སྤྱི་ལོ2003ལོའི་འགྲན་ཚིགས་སུ་ཞཱ་ལུའོ་ཐུ་སེར་སྦྲང་རུ་ཁག་ཨའོ་ཨེར་ལང་གསར་མར་གནས་སྤོར་བྱས་ནས་ལོ་རྒྱུས་གསར་བ་བསྐྲུན། སྤྱི་ལོ2005ལོའིNBAམནའ་འབྲེལ་གྱི་གཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་ཨང་རིམ་བཞི་བའི་ཐོབ་ཐང་གིས་ཁུ་ལི་སི•པའོ་ལུའོ་བདམས་པ་གཟེབ་གྲུག་ལུས་རྩལ་པ་གྲགས་ཅན་ཏཱ་བེ•བེ་སི་ཐུ་སོགས་དང་མཉམ་འབྲེལ་གྱིས་རུ་ཁག་དེ་ཉིད་ནུབ་རྒྱུད་འགྲན་ཁུལ་གྱི་གཟེབ་གྲུག་རུ་ཁག་སྟོབས་ཅན་ཞིག་ཏུ་ཆགས། ཡིན་ཡང་མཇུག་མཐའི་འགྲན་ཚིགས་སུ་ཐོལ་བརྒལ་མ་བྱུང་། སྤྱི་ལོ2012ལོའིNBAམནའ་འབྲེལ་གྱི་གཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་ཨང་རིམ་དང་པོའི་ཐོབ་ཐང་གིས་ཨན་ཏུང་ཉི•ཏའེ་བེ་སི་བདམས་ནས་རུ་ཁག་གི་མ་འོངས་པའི་རྐང་འཛིན་པར་གསོ་སྐྱོང་བྱས། སྤྱི་ལོ2013ལོའི་ཟླ1པའི་ནང་དུ་ཨའོ་ཨེར་ལང་གསར་མའི་སེར་སྦྲང་རུ་ཁག་གིས་གསར་འགོད་པ་བསྡུས་ནས་རུ་ཁག་གི་མིང་དེ་ཁྱུ་དགའ་རུ་ཁག་ཏུ་བརྗེས། སྤྱི་ལོ2014ལོ་ནས་སྤྱི་ལོ2015ལོའི་འགྲན་ཚིགས་སུ་རུ་ཁག་དེ་ཉིད་ནུབ་རྒྱུད་མནའ་འབྲེལ་གྱི་ཨང་བརྒྱད་པའི་གྲུབ་འབྲས་ཀྱིས་མཇུག་མཐའི་འགྲན་ཚིགས་སུ་ཚུད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-08

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།