མིང་ཉི་སུའུ་ཏཱ་ནགས་གསེབ་སྤྱང་ཀི་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མིང་ཉི་སུའུ་ཏཱ་ནགས་གསེབ་སྤྱང་ཀི་རུ་ཁག
མིང་ཉི་སུའུ་ཏཱ་ནགས་གསེབ་སྤྱང་ཀི་རུ་ཁག་ནི་སྤྱི་ལོ1989ལོར་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)རུ་ཞུགས་པ་དང་ཨ་རིའི་མིང་ཉི་སུའུ་ཏཱ་མངའ་ཁུལ་གྱི་མིང་ཉི་ཨ་པོ་ལི་སིའི་གྲོང་ཁྱེར་གྱི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་ལ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ནུབ་བྱང་འགྲན་ཁུལ་དུ་གཏོགས།
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
Minnesota Timberwolves
རྒྱ་ཡིག་གི་མིང་།
明尼苏达森林狼队
ཆགས་ཡུལ།
ཨ་རིའི་མིང་ཉི་སུའུ་ཏཱ་མངའ་ཁུལ་གྱི་མིང་ཉི་ཨ་པོ་ལི་སིའི་གྲོང་ཁྱེར།
འགྲན་རིམ།
NBA
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
བདག་འཛིན་པ།
ཀུ་ལུན•ཐའེ་ལུ།
དབུ་བརྙེས་པའི་དུས།
སྤྱི་ལོ1989ལོ།
འབྲེལ་ཡོད་མི་སྣ་གྲགས་ཅན།
ཁའེ་ཝུན•ཅཱ་ནའེ་ཐུ། ལི་ཅི•ལུའུ་པི་ཨའོ། སི་ཏི་ཧྥེང•མཱ་པུའུ་ལེ། ཁའེ་ཝུན•ལུ་ཧྥུའུ།
1 རུ་ཁག་གི་ལོ་རྒྱུས།

མིང་ཉི་སུའུ་ཏཱ་ནགས་གསེབ་སྤྱང་ཀི་རུ་ཁག་ནི་སྤྱི་ལོ1989ལོར་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)རུ་ཞུགས་པ་དང་ཨ་རིའི་མིང་ཉི་སུའུ་ཏཱ་མངའ་ཁུལ་གྱི་མིང་ཉི་ཨ་པོ་ལི་སིའི་གྲོང་ཁྱེར་གྱི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་ལ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ནུབ་བྱང་འགྲན་ཁུལ་དུ་གཏོགས།

སྤྱི་ལོ1986ལོར་མིང་ཉི་སུའུ་ཏཱའི་རུ་ཁག་གསར་བར་མིང་འདོགས་པའི་འགྲན་སྡུར་སྤེལ་བ་དང་མཇུག་མཐར་ནགས་གསེབ་སྤྱང་ཀི་དང་དོམ་དཀར་གཉིས་ལྷང་ལ་བུད། མིང་ཉི་སུའུ་ཏཱ་ནི་ཨ་རིའི་ནགས་ཚལ་རྒྱ་ཁྱོན་ཆེས་ཆེ་བའི་མངའ་ཁུལ་ཡིན་ལ་ནགས་གསེབ་སྤྱང་ཀི་ནི་ཀུན་གྱིས་བརྩི་བཀུར་ཡོད་པའི་གཅན་གཟན་ཞིག་ཡིན་པས་མིང་དེ་བདམས་པ་རེད།

སྤྱི་ལོ1989ལོར་འགྲན་ཚིགས་དང་པོའི་ནང་དུ་ཐེངས་དྲུག་ཅུ་ལ་ལྷག་ལ་ཕམ་པར་མ་ཟད་ཕྱིས་ཀྱི་ལོ་ངོ་བདུན་ལྷག་གི་རིང་ལ་གྲུབ་འབྲས་ཧ་ཅང་དམན། སྤྱི་ལོ1995ལོར་ནགས་གསེབ་སྤྱང་ཀི་རུ་ཁག་གིསNBAམནའ་འབྲེལ་གྱི་གཟེབ་གྲུག་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་ཨང་རིམ་ལྔ་བའི་ཐོབ་ཐང་གིས་མཐོ་འབྲིང་གཟེབ་གྲུག་ལུས་རྩལ་པ་ཁའེ་ཝུན•ཅཱ་ནའེ་ཐུ་བདམས་པ་དང་སྤྱི་ལོ1996ལོ་ནས་སྤྱི་ལོ1997ལོའི་འགྲན་ཚིགས་ཀྱི་ནང་དུ་རུ་ཁག་གིས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས། ཐེངས་དུ་མར་མཇུག་མཐའི་འགྲན་ཚིགས་སུའང་ཚུད་པ་རེད། ཡིན་ཡང་སྤྱི་ལོ2007ལོར་ཁའེ་ཝུན•ཅཱ་ནའེ་ཐུ་ཁའེ་ཨེར་ཐུ་མི་རུ་ཁག་ཏུ་ཞུགས་པས་ནགས་གསེབ་སྤྱང་ཀི་རུ་ཁག་གིས་ཡང་བསྐྱར་སྒྲིག་གཞི་གསར་འཛུགས་བྱས། དེའི་རྗེས་ཀྱི་ལོ་དུ་མའི་ནང་དུ་རུ་ཁག་གིས་ལི་ཅི•ལུའུ་པི་ཨའོ་དང་ཐང་སི། བེ་ཅིན་སི་སོགས་གཟེབ་གྲུག་ལུས་རྩལ་པ་གསར་བ་ལེགས་པོ་རེ་བདམས་ཀྱང་ཁྱད་འཕགས་ཅན་གྱི་གྲུབ་འབྲས་ཆེར་མ་ལོན།

2 རུ་ཁག་གི་གཟེངས་རྟགས།
གཟེངས་རྟགས། ལོ་ཚིགས།
NBAམནའ་འབྲེལ་གྱི་འགྲན་ཚིགས་ཀྱི་རྒྱལ་ཁའི་ཐེངས་གྲངས་ཨང་དང་པོ། སྤྱི་ལོ2003ལོ-སྤྱི་ལོ2004ལོའི་འགྲན་ཚིགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-08

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།