མ་ཐུ་རའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་རི་ཡ་ཏྲའི་ཡུལ་དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་ལྔ་བརྒྱ་ཕྱིན་པ་ན་མ་ཐུ་རའི་ཡུལ་ལོ།། ས་གཤིན་ལ་ཞིང་སྣ་ཚོགས་འདེབས་པ་དང་ལྷག་པར་ཨ་མྲའི་ཤིང་སྨིན་པས་ར་བ་ཕལ་ཆེར་ཤིང་དེའི་ནགས་ཚལ་གྱིས་གཏམས་པ། ནམ་དུས་དྲོད་ཤས་ཆེ་བ་དང་མིའི་རང་བཞིན་འཇམ་པ། གཙུག་ལག་ཁང་ཉི་ཤུ་ལྷག་ཡོད་པ་དང་།དགེ་འདུན་ཁྱོན་སྡོམ་ཉིས་སྟོང་ཙམ་གནས་ཏེ། ཐེག་པ་ཆེ་ཆུང་སྤེལ་མར་སྤྱོད་པ་ཕྱི་རོལ་པའི་ལྷ་ཁང་ལྔ་ལ་ཕྱི་རོལ་པ་སྣ་ཚོགས་འདྲེས་པར་གནས་པའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
秣菟罗国
ཕྱི་ཡིག་གི་མིང་།
Mathura
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ངོ་སྤྲོད།

ས་རི་ཡ་ཏྲའི་ཡུལ་དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་ལྔ་བརྒྱ་ཕྱིན་པ་ན་མ་ཐུ་རའི་ཡུལ་ལོ།། ས་གཤིན་ལ་ཞིང་སྣ་ཚོགས་འདེབས་པ་དང་ལྷག་པར་ཨ་མྲའི་ཤིང་སྨིན་པས་ར་བ་ཕལ་ཆེར་ཤིང་དེའི་ནགས་ཚལ་གྱིས་གཏམས་པ། ནམ་དུས་དྲོད་ཤས་ཆེ་བ་དང་མིའི་རང་བཞིན་འཇམ་པ། གཙུག་ལག་ཁང་ཉི་ཤུ་ལྷག་ཡོད་པ་དང་།དགེ་འདུན་ཁྱོན་སྡོམ་ཉིས་སྟོང་ཙམ་གནས་ཏེ། ཐེག་པ་ཆེ་ཆུང་སྤེལ་མར་སྤྱོད་པ་ཕྱི་རོལ་པའི་ལྷ་ཁང་ལྔ་ལ་ཕྱི་རོལ་པ་སྣ་ཚོགས་འདྲེས་པར་གནས་པའོ།།

2 སྟོན་པ་འཁོར་བཅས་ཀྱི་རྗེས་ཤུལ།

ཡུལ་དེར་མཆོད་རྟེན་ཆེན་པོ་གསུམ་ཡོད་པ་ཐམས་ཅད་རྒྱལ་པོ་མྱ་ངན་མེད་ཀྱིས་བཞེངས་པ་དང་དེའི་ལོགས་ན་འདས་སངས་བཞིའི་ཞབས་ཀྱིས་བཅགས་ཤུལ་དང་། ལྷག་པར་བདག་ཅག་གི་སྟོན་པ་འཁོར་བཅས་ཀྱི་ཤུལ་འཇགས་ཤིན་ཏུ་མང་བ། ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་དང་། བྱམས་མའི་བུ་དང་། འཕགས་པ་ཉེ་བར་འཁོར་དང་། སྒྲ་གཅན་འཛིན་དང་། རྗེ་བཙུན་འཇམ་པའི་དབྱངས་ལ་སོགས་པའི་འཁོར་ཅི་རིགས་པའི་གདུང་བཞུགས་པའི་མཆོད་རྟེན་ཤིན་ཏུ་མང་ངོ་།། ལོ་རེའི་ཟླ་བ་མཆོག་གསུམ་གྱི་གསོ་སྦྱོང་གི་ཉི་མ་དྲུག་ལ་འཕགས་ཡུལ་གྱི་དགེ་འདུན་རྣམས་ཀྱིས་མཆོད་རྫས་སྣ་ཚོགས་ཁྱེར་ཏེ། ཆོས་མངོན་པ་རྣམས་མཆོད་རྟེན་དང་སྐུ་བརྙན་ལ་འབུལ། བསམ་གཏན་རྣམས་མོའུ་འགལ་གྱི་བུའི་མཆོད་རྟེན་དང་སྐུ་བརྙན་ལ་འབུལ། མདོ་སྡེ་འདོན་པ་རྣམས་ཀྱིས་བྱམས་མའི་བུ་གང་པོའི་མཆོད་རྟེན་དང་། འདུལ་བ་འཛིན་པ་རྣམས་ཉར་བར་འཁོར་གྱི་མཆོད་རྟེན་དང་སྐུ་བརྙན་ལ་འབུལ། དགེ་སློང་མའི་སྡེ་རྣམས་ཀྱིས་ཀུན་དགའ་བོའི་མཆོ་རྟེན་དང་སྐུ་བརྙན་ལ་འབུལ། བསྙེན་པར་མ་རྫོགས་པ་རྣམས་ཀྱིས་སྲས་སྒྲ་གཅན་འཛིན་གྱི་མཆོད་རྟེནདང་སྐུ་བརྙན་ལ། ཐེག་ཆེན་སློབ་པ་རྣམས་ཀྱིས་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་རྟེན་གཟུགས་བརྙན་རྣམས་ལ་སྟེ། གནས་རྣམས་སོ་སོར་རྒྱལ་མཚན་དང་བ་དན་དང་བླ་བྲེ་རྣམས་ནམ་མཁར་བཀྲམ་པ། སྤོས་ཕོར་དང་བུམ་པ་སོགས་པ་རྣམས་ཁྲི་སྟན་ལ་བཤམས། ཚར་དུ་དངར་བའི་མཆོད་རྫས་སོ་སོ་ནས་འབུལ་ཞིང་། བདུག་སྤོས་ཀྱི་དུད་པ་སྤྲིན་དུ་འཁྲིགས། མེ་ཏོག་སྣ་ཚོགས་པ་དབྱིངས་སུ་འཐོར་བས་མཚོན་བྱུང་རྒྱལ་དུ་བྱས་པ་དག་དཔག་གིས་མི་ལང་ངོ་།། དེ་ཚེ་ཉི་ཟླ་འཁྱིལ་པ་སོགས་ལྟས་བྱུང་ན། ཡུལ་གྱི་རྒྱལ་པོ་དང་བློན་པོ་རྣམས་ཀྱི་རིམ་གྲོར་མཆོད་པ་འབུལ་བ་ཡང་སྔ་མ་བཞིན་ནོ།།

3 དགྲ་བཅོམ་པ་ཉེར་སྦས་ཀྱི་རྗེས་ཤུལ།

གྲོང་ཁྱེར་ཆེན་པོའི་ཤར་ལོགས་སུ་རྒྱང་གྲགས་ལྔ་དྲུག་ཙམ་གྱིས་སར་གཙུག་ལག་ཁང་ཆེན་པོ་ཞིག་བྲག་རིའི་བྱ་སྐྱིབས་བརྐོས་ནས་བྲག་ཕུག་ལ་སྒོ་དང་། རི་སུལ་དུ་འགྲོ་བའི་ལམ་བཟོས་པ། དགྲ་བཅོམ་པ་ཉེར་སྦས་ཀྱིས་བཞེངས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་སེན་བཞུགས་པའི་མཆེད་རྟེན་ཞིག་སྣང་ངོ་།། གཙུག་ལག་ཁང་དེ་ན་ལྷ་ཁང་དཔངས་སུ་ཁྲུ་ཉི་ཤུ་ལྷག་དང་རྒྱ་གར་ཁྲུ་སུམ་ཅུ་རྩ་བཞི་ཤིན་ཏུ་ངོ་མཚར་ཞིང་ལེགས་པ། དེ་ནི་དགྲ་བཅོམ་པ་ཉེས་སྲུང་གིས་ཆོས་བསྟན་ཏེ་སྦྱིན་བདག་དད་ཅན་བཟའ་ཚོ་ཅུང་ཅིག་ཅར་དགྲ་བཅོམ་ཐོབ་པའི་གནས་ཡིན་སྐད་དོ།། དེའི་མཐའ་སྐོར་དུ་དེ་ལས་དམའ་བའི་རྡོ་ཁང་མང་པོ་རིགས་གཞན་དག་གྲོལ་བ་ཐོབ་ཟེར་བ་མང་ངོ་།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-03

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།