ཅེ་སེན•ཐཱ་ཐུའུ་མུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅེ་སེན•ཐཱ་ཐུའུ་མུའུ།
​ཅེ་སེན•ཐཱ་ཐུའུ་མུའུ་ནི་སྤྱི་ལོ1998ལོའི་ཟླ3པའི་ཚེས3ཉིན་ཨ་རིའི་སྨི་སུའུ་ལི་མངའ་ཁུལ་གྱི་ཧྲེང་ལུའུ་ཡི་སི་གྲོང་ཁྱེར་དུ་སྐྱེས། ད་ལྟ་ཁའེ་ཨེར་ཐུ་མི་རུ་ཁག་གི་གདོང་ལེན་པའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杰森·塔图姆
ཕྱི་ཡིག་གི་མིང་།
Jayson Tatum
རྒྱལ་ཁབ།
ཨ་རི།
སྐྱེས་ལོ།
སྤྱི་ལོ1998ལོའི་ཟླ3པའི་ཚེས3ཉིན།
སྐྱེས་ཡུལ།
ཨ་རིའི་སྨི་སུའུ་ལི་མངའ་ཁུལ་གྱི་ཧྲེང་ལུའུ་ཡི་སི་གྲོང་ཁྱེར།
གཟུགས་པོའི་རིང་ཚད།
2.03
ལུས་པོའི་ལྗིད་ཚད།
སྤྱི་རྒྱ94
ཨང་རྟགས།
0
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
གྲུབ་འབྲས།
སྤྱི་ལོ2014ལོ་དང་སྤྱི་ལོ2015ལོའི་ལོ་བཅུ་བདུན་དང་བཅུ་དགུ་ཅན་གྱི་འཛམ་གླིང་གཟེབ་གྲུག་འགྲན་བསྡུར་ཁྲོད་ཨ་རིའི་རུ་ཁག་སྣེ་བྱས་ནས་གསེར་གྱི་རྟགས་མ་གཉིས་བླངས།
1 ངོ་སྤྲོད་མདོར་བསྡུས།

ཅེ་སེན•ཐཱ་ཐུའུ་མུའུ་ནི་སྤྱི་ལོ1998ལོའི་ཟླ3པའི་ཚེས3ཉིན་ཨ་རིའི་སྨི་སུའུ་ལི་མངའ་ཁུལ་གྱི་ཧྲེང་ལུའུ་ཡི་སི་གྲོང་ཁྱེར་དུ་སྐྱེས། སློབ་འབྲིང་སྐབས་ནས་བཟུང་སྐད་གྲགས་ཅན་གྱི་གཟེབ་གྲུག་ལུས་རྩལ་པར་གྱུར། སྤྱི་ལོ2016ལོར་ཨ་རིའི་ཏུའུ་ཁུ་སློབ་ཆེན་དུ་ཞུགས་པ་དང་སློབ་གྲྭ་དེ་གའི་གཟེབ་གྲུག་རུ་ཁག་གི་སྐད་གྲགས་ཅན་གྱི་གཟེབ་གྲུག་ལུས་རྩལ་པར་གྱུར། སྤྱི་ལོ2017ལོའིNBAཡི་ལུས་རྩལ་བ་གསར་བ་འདེམས་པའི་ཚོགས་འདུའི་སྟེང་ཁོ་རང་ཨང་རིམ་གསུམ་པའི་ཐོབ་ཐང་གིས་པོ་ཧྲི་ཏུན་ཁའེ་ཨེར་ཐུ་མི་རུ་ཁག་གིས་བདམས་པ་དང་ད་ལྟ་རུ་ཁག་དེའི་གདོང་ལེན་པའི་འགན་བཞེས་ཡོད།

2 གྲུབ་འབྲས་གཙོ་བོ།

སྤྱི་ལོ2014ལོ་དང་སྤྱི་ལོ2015ལོའི་ལོ་བཅུ་བདུན་དང་བཅུ་དགུ་ཅན་གྱི་འཛམ་གླིང་གཟེབ་གྲུག་འགྲན་བསྡུར་ཁྲོད་ཨ་རིའི་རུ་ཁག་སྣེ་བྱས་ནས་གསེར་གྱི་རྟགས་མ་གཉིས་བླངས། སྤྱི་ལོ2018ལོརNBAརྩེ་ཕུད་ལུས་རྩལ་པ་གསར་བའི་དཔུང་ཤུགས་སུ་བདམས།

བརྡ་འགྲེལ་གདོང་འཛར།

གཟེབ་གྲུག སྤོ་ལོ། ལུས་རྩལ་པ། NBA
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-07

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།