ངྷུ་ཧྭ་རའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ངྷུ་ཧྭ་རའི་ཡུལ་ནི་ཡ་གླིང་དཀྱིལ་མའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ལ། གནའ་དུས་རྒྱ་གར་དང་ཀྲུང་གོ ཨེ་ཤེ་ཡ་ནུབ་མ། ཨེ་ཤེ་ཡ་དབུས་མ་བཅས་ས་ཆ་མང་པོ་ཞིག་གི་འགྲིམ་འགྲུལ་དང་དཔལ་འབྱོར་ཀྱི་འབྲེལ་གཏུག་ལྟེ་གནས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
睹货逻国
ཕྱི་ཡིག་གི་མིང་།
ukha^ra、Tuh!kha^ra
གནས་ཡུལ།
ཡ་གླིང་དཀྱིལ་མ།
རིགས་དབྱེ།
ས་མིང་།
1 ངོ་སྤྲོད།

ངྷུ་ཧྭ་རའི་ཡུལ་ནི་ཡ་གླིང་དཀྱིལ་མའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ལ། གནའ་དུས་རྒྱ་གར་དང་ཀྲུང་གོ ཨེ་ཤེ་ཡ་ནུབ་མ། ཨེ་ཤེ་ཡ་དབུས་མ་བཅས་ས་ཆ་མང་པོ་ཞིག་གི་འགྲིམ་འགྲུལ་དང་དཔལ་འབྱོར་ཀྱི་འབྲེལ་གཏུག་ལྟེ་གནས་ཡིན།

2 ཆགས་དབྱིབས།

ཤྚེ་ཤཾཱ་ན་བའི་ཡུལ་དེ་ནས་རྩ་ཆུ་མེད་པའི་འབྲོག་དགོན་པ་ཉམ་ང་བ་བརྒྱུད་དེ་ཤར་ལྷོའི་ཕྱོགས་སུ་རྒྱང་གྲགས་སུམ་བརྒྱ་བགྲོད་པ་ན། རྒྱ་ནག་གི་སྐད་ཐེ་མིན་ཏེ་ལྕགས་ཀྱི་སྒོ་གླེགས་སུ་གྲགས་པའི་ལམ་འཕྲང་དོགས་སོ་དེར་ཐོན་པ་ན་ངྷུ་ཧྭ་ར་སྟེ(བྷ་ལག)དཀར་གྱི་ཡུལ་དེ་ནི་ལྷོ་བྱང་ངོས་སུ་ལེ་དབར་ཆིག་སྟོང་ལྷག ཤར་ནུབ་ངོས་སུ་རྒྱང་གྲགས་སུམ་སྟོང་ལྷག ཤར་དུ་བཙོང་དང་འབྲེལ། ནུབ་ཏུ་བྷ་ར་སི་ལ་འབྲེལ་པ་དང་ལྷོ་རུ་གངས་རི་ཆེན་པོ་དང་ཉེ་བ། བྱང་དུ་ཐེ་མིན་ལ་ཐུག་པ། དབུས་ནས་པཱ་ཀྵའི་ཀླུང་ཆེན་ནུབ་ཕྱོགས་སུ་འབབ་བོ།། 

3 གནམ་གཤིས།

དགུན་ཟླའི་ཟླ་སྨད་ཙམ་ན་ད་གཟོད་ཁ་ཆར་འདྲེས་མ་འབབས་སོ།། འདི་ནས་བཟུང་རམ་པའི་ཡུལ་གྱི་བར་ཡམས་ནད་དང་རིམས་ཀྱི་རིགས་ཆེས་མང་པ་དང་། ས་དྲོ་ཞིང་རླན་ཆེ་ལ་ཆར་བ་ཡང་མང་པས་མི་རྣམས་བྱད་དབྱིབས་མཛེས་ཤིང་གཡོ་སྒྱུ་དང་སྙིང་སྟོབས་ཆུང་།

4 ཆོ་ག

དགེ་འདུན་རྣམས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ལ་དབྱར་ཁས་བླངས་ནས། གསུམ་པའི་ཉ་ལ་དགག་དབྱེ་མཛད་སྲོལ་འདུག་གོ། 

5 ཡི་གེ

ཡི་གེ་ནི་ཀླ་ལི་ཉི་ཤུ་རྩ་ལྔ་ཙམ་དུ་འདུ་ཞིང་པཉྫ་དང་བོད་ཡིག་ལྟར་འཕྲེད་དུ་ཀློག་པར་བྱེད་དོ།། 

6 ལོངས་སྤྱོད།

ལོངས་སྤྱོད་ནི་གསེར་དངུལ་གྱི་ཊ་ཀ་དབྱིབས་གཞན་མི་འདྲའོ།། རས་དང་རྣམ་ཕྲུག་ཐེར་མ་རྣམས་གྱོན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-04

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།