གྲུ་འཛིན་ཕོ་བྲང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲུ་འཛིན་ཕོ་བྲང་།
གྲུ་འཛིན་ཕོ་བྲང(བདེ་སྐྱིད་ཀུན་དགའ་འཁྱིལ་བའི་ཕོ་བྲང་ཡང་ཞུ)ནི་བསྐལ་བཟང་ཕོ་བྲང་གི་རྗེས་སུ་བཞེངས་པའི་དགེ་མཚན་ལྡན་པའི་གྲས་ཤིག་ཡིན་ལ། ཕོ་བྲང་གི་ཤོད་ཚོམས་ཆེན་ནང་དུ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་དང་། རི་བོ་པོ་ཏ་ལའི་ཞིང་བཀོད་ཀྱི་ལྡེབས་བྲིས་སོགས་ཡོད་སྟབས་གྲུ་འཛིན་ཕོ་བྲང་ཞེས་ཐོགས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
准增颇章
མིང་གཞན།
བདེ་སྐྱིད་ཀུན་དགའ་འཁྱིལ་བའི་ཕོ་བྲང་།
ཁོངས་གཏོགས།
བཟོ་སྐྲུན།
1 ​ངོ་སྤྲོད་མདོར་བསྡུས།

གྲུ་འཛིན་ཕོ་བྲང(བདེ་སྐྱིད་ཀུན་དགའ་འཁྱིལ་བའི་ཕོ་བྲང་ཡང་ཞུ)ནི་བསྐལ་བཟང་ཕོ་བྲང་གི་རྗེས་སུ་བཞེངས་པའི་དགེ་མཚན་ལྡན་པའི་གྲས་ཤིག་ཡིན་ལ། ཕོ་བྲང་གི་ཤོད་ཚོམས་ཆེན་ནང་དུ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་དང་། རི་བོ་པོ་ཏ་ལའི་ཞིང་བཀོད་ཀྱི་ལྡེབས་བྲིས་སོགས་ཡོད་སྟབས་གྲུ་འཛིན་ཕོ་བྲང་ཞེས་ཐོགས་སོ། །

ཕོ་བྲང་ཞལ་ཤར་གཟིགས། ཐོག་བརྩེགས་ཉིས་ལྡན། ཡང་སྟེང་དུ་ཐུགས་རྒྱལ་མཚན། སྒོ་འཕྱོར་གྱི་སྒྲོམ་སྐྱོར་རྡོ་ཅོང་ཞི་དཀྲོལ་མ། ཁོར་ཡུག་སྤང་ལྗོངས་དང་ཤིང་སྣ་མེ་ཏོག་སྣ་ཚོགས་ཀྱིས་སྤྲས་ཤིང་དྲི་ངད་བཟང་པོ་ཕྱོགས་ཀུན་ཏུ་ཁྱབ་པ་ཤིན་ཏུ་དབེན་པའི་གནས་སུ་ཆགས་ཡོད། 

ཤོད་ཚོམས་ཆེན་འཆི་མེད་དགའ་ཚལ་ལ་ཀ་བ་རིང་ཐུང་བསྡོམས་བཅུ་གཉིས། ཚོམས་ཆེན་ནང་དུ་བསྒྲིགས་གཤོམ་གནང་རྒྱུའི་ཆེད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཡོས(སྤྱི་ལོ1903)ལོར་དབུ་འཛུགས་གསར་བཞེངས་གནང་བ་རིན་ཆེན་གཉིས་པ་ལས་གྲུབ་པའི་འཕགས་མཆོག་ནམ་མཁའི་རྒྱལ་བོའི་སྐུ་བརྙན་མཐོང་བ་དོན་ལྡན་ཐོག་ཚད་མ་དབུ་རྒྱན་སོགས་ལ་སྲིད་ནོར་རིན་ཆེན་དུ་མའི་འཕྲས་མཛེས་ཤིང་ཕྱུག་པ་ཞིག་ཡོད་པ་ལས་རྗེས་སུ་པོ་ཏ་ལའི་གཟིམ་ཆུང་ས་གསུམ་ནང་དུ་གདན་འདྲེན་པར་མཛད། ཚོམས་ཆེན་འདིའི་རྟེན་གཙོ་བོ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་གསར་བཞེངས་གནང་བ་སྐུ་རྒྱུ་འཇིམ་པ་ལས་གྲུབ་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་བརྙན་ཐོག་ཚད་མ་ཞིག་ཡོད་ཀྱང་ད་ཆ་དེའི་ཚབ་ཏུ་བོད་ཤིང་བྱི(སྤྱི་ལོ1984)ལོར་གསེར་ཟངས་ཀྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་ཞིག་བཞེངས་པ་འདིར་བཞུགས་སོ། །

ལྡེབས་བྲིས་སུ་དགའ་ལྡན་ལྷ་བརྒྱའི་ཞིང་བཀོད་དང་ཚེ་དཔག་སྟོང་སྐུ། སྤྱན་རས་གཟིགས་ཀྱི་ཞིང་བཀོད་རི་བོ་པོ་ཏ་ལ་བཅས་དང་། ཕྱག་དཔེའི་གྲས་ཕྱོགས་བཞིར་གྲྭ་མིག་སྟེང་ཤོད་རིམ་བརྩེགས་ཀྱི་ནང་དུ་རྒྱ་གར་རྒྱ་ནག་བོད་སོག་བཅས་ཀྱི་མཁས་གྲུབ་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་རྣམས་ཀྱི་གསུང་རབ་དང་། རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་དང་རྒྱ་དཀར་ནག་སོག་པོ་བཅས་ཀྱི་རྒྱལ་རབས་ལོ་རྒྱུས་ཆོས་འབྱུང་སྣ་ཚོགས། འཆི་བ་འཛོམས་ཤིང་ནད་ཀུན་སེལ་བའི་གསོ་བ་རིག་པའི་གཞུང་ལུགས། སྙན་ཞིང་འཇེབས་པའི་གཏམ་རྒྱུད་སྒྲུང་དཔེ་འདྲ་མིན་སྣ་ཚོགས་བཅས་བཞུགས་སོ། །

གཟིམ་སྦུག་ཏུ་ཤིང་དཀྲོལ་མ་རྒྱ་རྩི་མའི་མཆོད་གཤོམ་ནང་གསེར་ཟངས་ཀྱི་ཤཱཀྱ་མུ་ནེ་དང་། རྗེ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན། མདུན་དུ་མཆོད་ཆས་ཆ་ཚང་། བཞུགས་སྒྲོམ་དང་སྐུའི་ཉེར་སྤྱད་ཆ་ཚང་། འདིའི་ལྡེབས་བྲིས་སུ་འཇིགས་བྱེད་དཔའ་བོ་གཅིག་པ། གདུགས་དཀར། རྒྱལ་པོ་ལུགས་ཀྱི་སྤྱན་རས་གཟིགས་བཅས་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-06

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།