སྤྱི་སྡོམ་གྱི་རྩ་བའི་ནང་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལས་ཀའི་གནས་ཚུལ་མི་མཚུངས་པའི་ཕྱིར་སྤྱི་སྡོམ་གྱི་ནང་དོན་ཡང་གཅིག་མཚུངས་མིན་ལ། སྤྱི་སྡོམ་རིགས་སོ་སོའི་ཁྱབ་ཁོངས་དང་གཙོར་འཛིན་སའི་གནད་ཀྱང་མི་མཚུངས། འོན་ཀྱང་། སྤྱི་སྡོམ་ཡིན་ཙ་ན་ཕལ་ཆེར་འདྲ་མཚུངས་ཀྱི་རྩ་བའི་ནང་དོན་ཞིག་མཆིས་ཏེ། སྤྱིར་བཤད་ན་དེར་རྩ་བའི་གནས་ཚུལ་དང་། སྒྲུབ་སྲོལ་ལམ་གྲུབ་འབྲས་དང་ཉམས་མྱོང་། གནད་དོན་དང་བསླབ་བྱ། ཕྱིན་ཆད་ཀྱི་བསམ་ཚུལ་དང་འབད་བརྩོན་བྱེད་དགོས་པའི་ཕྱོགས་བཅས་ཁག་བཞི་འདུས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
总结的基本内容
ཁོངས་གཏོགས།
གཞུང་ཡིག
1 ​ངོ་སྤྲོད།

ལས་ཀའི་གནས་ཚུལ་མི་མཚུངས་པའི་ཕྱིར་སྤྱི་སྡོམ་གྱི་ནང་དོན་ཡང་གཅིག་མཚུངས་མིན་ལ། སྤྱི་སྡོམ་རིགས་སོ་སོའི་ཁྱབ་ཁོངས་དང་གཙོར་འཛིན་སའི་གནད་ཀྱང་མི་མཚུངས། འོན་ཀྱང་། སྤྱི་སྡོམ་ཡིན་ཙ་ན་ཕལ་ཆེར་འདྲ་མཚུངས་ཀྱི་རྩ་བའི་ནང་དོན་ཞིག་མཆིས་ཏེ། སྤྱིར་བཤད་ན་དེར་རྩ་བའི་གནས་ཚུལ་དང་། སྒྲུབ་སྲོལ་ལམ་གྲུབ་འབྲས་དང་ཉམས་མྱོང་། གནད་དོན་དང་བསླབ་བྱ། ཕྱིན་ཆད་ཀྱི་བསམ་ཚུལ་དང་འབད་བརྩོན་བྱེད་དགོས་པའི་ཕྱོགས་བཅས་ཁག་བཞི་འདུས་སོ། །

གཅིག རྩ་བའི་གནས་ཚུལ། གསལ་ལ་མདོར་བསྡུས་ཀྱིས་ལས་ཀ་དང་འགན་ཁུར་ཐད་ཀྱི་དུས་ཡུན་དང་། རྒྱབ་ལྗོངས། ཐོབ་པའི་གྲུབ་འབྲས་གཙོ་བོ། ཕན་འབྲས་སོགས་གསལ་བོར་བརྗོད་ཅིང་། དེ་ནི་གནས་ཚུལ་རགས་རམ་དུ་བརྗོད་པ་ཞིག་ཡིན་ལ། ལས་ཀའི་ཐད་ཀྱི་རང་སྣང་ངམ་ཕྱི་ཡུལ་གྱི་ཆ་རྐྱེན་དང་གཞི་རྩ་སོགས་ལ་བགྱིས་པའི་དབྱེ་ཞིབ་ཅིག་ཀྱང་ཡིན།

གཉིས། སྒྲུབ་སྲོལ་ལམ་གྲུབ་འབྲས་དང་ཉམས་མྱོང་། ཁག་དེ་ནི་སྤྱི་སྡོམ་གྱི་གལ་ཆེ་སྐོར་ཡིན་ཏེ། སྤྱི་སྡོམ་གྱི་དམིགས་བྱ་གཙོ་བོ་ནི་གྲུབ་འབྲས་ཁས་ལེན་ཞིང་ཉམས་མྱོང་སྤྱི་སྡོམ་བྱེད་རྒྱུ་དེ་ཡིན་ནོ། ། སྤྱིར་བཏང་དུ་སྒྲུབ་སྲོལ་མདོར་བསྡུས་ནས་བརྗོད་ཅིང་། གྲུབ་འབྲས་དང་ཉམས་མྱོང་ལ་དབྱེ་ཞིབ་རྒྱས་པ་ཞིག་བྱེད་པ་མ་ཟད། ཚོར་སྣང་གི་ངོས་ཟིན་དེ་རྗེས་དཔག་གི་ངོས་ཟིན་གྱི་སར་མཐོ་རུ་བཏང་སྟེ་ངོས་ཟིན་ཕྱི་མ་ལས་ཆོས་ཉིད་རང་བཞིན་གྱི་ཆ་བཙལ་ནས་རྙེད་དགོས། སྐོར་འདི་ཞིབ་ཅིང་ནན་ལ་ངོ་མ་ཅན་དུ་བྲིས་ནས་ལྟ་ཚུལ་དང་དཔྱད་གཞི་གཉི་ག་འཛོམས་དགོས་པ་ཞིག་ཡིན་དགོས་ཤིང་། མདོར་ན། ལྟ་ཚུལ་དང་དཔྱད་གཞི་གཉི་ག་གཅིག་ཏུ་བསྡུ་ཐུབ་དགོས་པ་འདི་ནི་རྩད་གཅོད་སྙན་ཞུ་དང་འདྲ་བའི་ཆའོ། །

གསུམ། གནད་དོན་དང་བསླབ་བྱ། གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་བྱས་པའི་རྨང་གཞིའི་སྟེང་གནས་ཡོད་པའི་གནད་དོན་བཙལ་བ་དང་། བླང་བར་བྱ་བའི་བསླབ་བྱ་བླངས་ནས་བྱ་བ་ལེགས་པོར་བསྒྱུར་ཏེ་སྔར་བས་མཐོ་ཚད་དུ་སོན་པའི་དམིགས་སར་སླེབས་པར་བྱ་དགོས་སོ། །

བཞི། ཕྱིན་ཆད་ཀྱི་བསམ་ཚུལ་ལམ་འབོད་བརྩོན་བྱེད་དགོས་པའི་ཕྱོགས། སྐོར་འདི་འབྲི་བ་ལ་ནི་རྣམ་པར་དག་པའི་འདུ་ཤེས་འཛིན་དགོས་པ་དང་། ཐབས་བཀོད་ལེགས་སྒྱུར་རམ་འབད་བརྩོན་བྱེད་དགོས་པའི་ཕྱོགས་གསལ་ཞིང་བྱར་རུང་བ་ཞིག་ཡིན་དགོས་སོ། །

2 མཉམ་འཇོག་དགོས་པའི་གནད་དོན།

གཅིག དུས་རྒྱུན་དུ་དཔྱད་གཞི་བསོགས་ནས་རང་ལ་དཔྱད་གཞི་མངའ་ཅི་ཐུབ་བྱ་དགོས།

གཉིས། རྩད་གཅོད་ཞིབ་འཇུག་བྱེད་པ་དེ་མང་ཚོགས་ལམ་ཕྱོགས་ལ་འགྲོ་དགོས།

གསུམ། གཅིག་ནི་གཉིས་སུ་འབྱེད་པ་དང་དོན་དངོས་བདེན་པར་བསྒྲུབ་དགོས།

བཞི། ལངས་ཕྱོགས་ཡང་དག་པའི་སར་བསྡད་ནས་ཆོས་ཉིད་རང་བཞིན་གྱི་ཆ་བཙལ་དགོས།

ལྔ། སྤྱི་སྡོམ་འབྲི་ཐད་ཀྱི་རེ་འདུན་བྱེ་བྲག་པ་ནི་ལྟ་ཚུལ་གསར་ཞིང་གསལ་བ་དང་། དཔྱད་གཞི་དཔེར་འོས་པ། གོ་རིམ་མ་འཁྲུགས་པ། རྗོད་བྱེད་གནད་དུ་འཁེལ་བ། ཉམས་མྱོང་དང་བསླབ་བྱ་སྤྱི་སྡོམ་བྱེད་དགོས། 


བརྡ་འགྲེལ་གདོང་འཛར།

གཞུང་ཡིག སྤྱི་སྡོམ། ནང་དོན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།