གྲོས་མཐུན་ཡི་གེ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲོས་མཐུན་ཡི་གེ
དེ་ལ་འདིར་གྲོས་མཐུན་ཡི་གེ་ཞེས་བྱ་བ་ནི་རྒྱལ་ཁབ་དང་། སྲིད་ཏང་། ལས་ཁུངས། ཚོགས་པ། ཁེ་ལས་སམ་མི་སྒེར་གྱིས་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ནང་དུས་རྒྱུན་དུ་སྤྱོད་པར་བྱེད་པའི་རྩོམ་ལུས་ཤིག་ཡིན་ཞིང་། དེར་ཡི་གེ་རྣམ་པ་ནས་ཐུན་མོང་གིས་གྲོས་མོལ་བྱས་པའི་འབྲེལ་ཡོད་དོན་ཚན་རྣམས་བཀོད་ཅིང་། བཀོད་པ་དེ་སྤྱད་པ་སྤྱོད་བྱེད་ཀྱི་ཚད་ཐིག་དང་ཡིད་བརྟན་ཞིབ་བཤེར་བགྱིད་བྱེད་ཀྱི་དཔང་རྟགས་སུ་བགྱིས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
协议书
ཁོངས་གཏོགས།
གཞུང་ཡིག
1 ​ངོ་སྤྲོད།

དེ་ལ་འདིར་གྲོས་མཐུན་ཡི་གེ་ཞེས་བྱ་བ་ནི་རྒྱལ་ཁབ་དང་། སྲིད་ཏང་། ལས་ཁུངས། ཚོགས་པ། ཁེ་ལས་སམ་མི་སྒེར་གྱིས་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ནང་དུས་རྒྱུན་དུ་སྤྱོད་པར་བྱེད་པའི་རྩོམ་ལུས་ཤིག་ཡིན་ཞིང་། དེར་ཡི་གེ་རྣམ་པ་ནས་ཐུན་མོང་གིས་གྲོས་མོལ་བྱས་པའི་འབྲེལ་ཡོད་དོན་ཚན་རྣམས་བཀོད་ཅིང་། བཀོད་པ་དེ་སྤྱད་པ་སྤྱོད་བྱེད་ཀྱི་ཚད་ཐིག་དང་ཡིད་བརྟན་ཞིབ་བཤེར་བགྱིད་བྱེད་ཀྱི་དཔང་རྟགས་སུ་བགྱིས་སོ། །

དེ་ཡང་གྲོས་མཐུན་ཡི་གེ་ལ་དོན་ཁྱབ་ཆེ་བ་དང་དོན་ཁྱབ་ཆུང་བའི་གོ་བ་ལེན་ཚུལ་གྱི་ཁྱད་པར་ཡོད་དེ། དོན་ཁྱབ་ཆེ་བའི་གྲོས་མཐུན་ཡི་གེ་ནི་མི་རྣམས་ཀྱིས་སྤྱི་ཚོགས་འབྲེལ་བ་སྣ་ཚོགས་ཐག་གཅོད་ཁྲོད་གནའ་ནས་དུས་རྟག་ཏུ་བཀོལ་བའི་ཁ་དན་སྣ་ཚོགས་པ་ཡིན་ཞིང་། དེར་གན་རྒྱ་དང་། གྲོས་ཆོད་ཡི་གེ། ཆིངས་ཡིག སྤྱི་ཆིངས། མཉམ་འབྲེལ་གསལ་བསྒྲགས། མཉམ་འབྲེལ་བསྒྲགས་གཏམ་ལ་སོགས་པ་འདུ། དོན་ཁྱབ་ཆུང་བའི་གྲོས་མཐུན་ཡི་གེ་ནི་བརྗོད་མ་ཐག་པའི་གན་རྒྱ་སོགས་དང་མཉམ་གཤིབ་ཀྱི་རྩོམ་ལུས་ཤིག་རེད། དེའི་རྣམ་གྲངས་ནི་གན་རྒྱའི་རིགས་དང་བསྡུར་ན་མང་རུང་། ནང་དོན་ནི་གན་རྒྱའི་རིགས་དང་འདྲ་བར་ཞིབ་མོ་མིན་ཏེ་སྤྱིར་བཏང་དུ་རྩ་དོན་རང་བཞིན་གྱི་དོན་གྱི་ཚན་པ་ཙམ་མོ། །

2 ཁྱད་ཆོས།

གཅིག ནང་དོན་རྒྱ་ཆེ་བ། གྲོས་མཐུན་ཡི་གེའི་ནང་དོན་གྱི་ཁྱབ་གདལ་རང་བཞིན་དེ་ཕྱོགས་གཉིས་ནས་མངོན་པར་མཚོན་པའི་གཅིག་ནི་གྲོས་མཐུན་ཡི་གེའི་ཐབས་ལམ་ནས་འབྲེལ་བ་སྣ་ཚོགས་གཏན་ཁེལ་གསལ་བོར་བྱེད་པའི་ནང་དོན་ཧ་ཅང་མང། དཔེར་ན། ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཚན་རིག་ལག་རྩལ། ཕྱི་ཕྱོགས་འབྲེལ་བ། བཅའ་ཁྲིམས། ཆོས་ལུགས། དམངས་དོན་ལ་སོགས་པའི་འབྲེལ་བ་ཚང་མ་གྲོས་མཐུན་ཡི་གེ་བཞག་ནས་གཏན་འཁེལ་བྱེད་ཆོག

གཉིས། རྣམ་པ་ཧ་ཅང་མང་བ། གྲོས་མཐུན་ཡི་གེ་སྣ་མང་རང་བཞིན་དེ་གཤམ་གསལ་ཕྱོགས་དུ་མ་ནས་མཚོན་ཏེ། གྲོས་མཐུན་ཡི་གེ་འཇོག་པ་པོའི་བར་གྱི་འབྲེལ་བ་རྣམ་པ་སྣ་ཚོགས་པ་ཡིན་པས། རྒྱལ་ཁབ་དང་རྒྱལ་ཁབ། རྒྱལ་ཁབ་དང་སྲིད་ཏང་། རྒྱལ་ཁབ་དང་ལས་ཁུངས། ལས་ཁུངས་དང་མི་སྒེར། སྒེར་དང་སྒེར་ལ་སོགས་པའི་ཚང་མའི་བར་གྲོས་མཐུན་ཡི་གེ་བཞག་ཆོག

གསུམ། ཆིངས་རྒྱ་འཇོག་པ་རང་འཐད་ཡིན་པ། གྲོས་མཐུན་ཡི་གེ་འཇོག་པའི་ཕྱོགས་སོ་སོ་ངེས་པར་རང་འཐད་ཡིན་དགོས་པ་ནི་གྲོས་མཐུན་ཡི་གེ་རང་ངོས་ལ་འཛོམས་དགོས་པའི་ཁྱས་ཆོས་ཡིན།

བཞི། བཅའ་ཁྲིམས་རང་བཞིན་བཙན་པ། གྲོས་མཐུན་ཡི་གེ་ནི་ཁྲིམས་དང་མཐུན་པར་བཞག་ན་ཆིངས་ཡིག་བཞག་པའི་ཕྱོགས་སོ་སོ་ཚང་མར་བཅའ་ཁྲིམས་ཀྱི་གོ་ཆོད།

3 རྣམ་གཞག

གཅིག ཁ་བྱང་།

གཉིས། གཞུང་དངོས།

གསུམ། མཆན་བུ།

བཞི། མིང་འགོད་པ།

ལྔ། དུས་ཚོད།

4 རེ་འདུན།

གཅིག བཅའ་ཁྲིམས་ཐད་ཁས་ལེན་པའི་ཁོངས་སུ་གཏོགས་དགོས།

གཉིས། གྲོས་མཐུན་ཡི་གེ་འཇོག་པའི་ཕྱོགས་སོ་སོས་འདྲ་མཉམ་དང་། རང་འཐད། ཕན་ཚུན་གཉི་གར་ཕན་པའི་རྩ་དོན་ངེས་པར་དུ་འཁྱོངས་དགོས།

གསུམ། ནང་དོན་གསལ་ཐག་ཆོད་དགོས་པ།

བཞི། ནང་དོན་དང་ཡི་གེ་ལ་ཆད་ལྷག་ཤོར་མི་ཆོག

ལྔ། གྲོས་མཐུན་ཡི་གེར་མིང་འགོད་པ་བོ་ལ་ངེས་པར་དུ་ཁྲིམས་མཐུན་གྱི་མི་སྣའི་གོ་ས་འཛོམས་དགོས།  


བརྡ་འགྲེལ་གདོང་འཛར།

གཞུང་ཡིག གྲོས་མཐུན། ཁྲིམས་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།