སྲུང་བྱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲུང་བྱ་ཞེས་པ་ནི་ཕྱོགས་ཆ་ཙམ་གྱི་མིའམ་བྱ་བའི་ཐད་རེ་འདུན་ཞིབ་མོ་བཏོན་པ་དང་གཏན་ཁེལ་ངོ་མ་བགྱིས་པའི་ཚད་མར་གྱུར་པའི་ངོ་བོ་དང་ལྡན་པའི་གཞུང་ཡིག་གོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
准则
ཁོངས་གཏོགས།
བཅའ་ཡིག
ངོ་བོ།
གཞུང་ཡིག
1 ​གོ་དོན། 

སྲུང་བྱ་ཞེས་པ་ནི་ཕྱོགས་ཆ་ཙམ་གྱི་མིའམ་བྱ་བའི་ཐད་རེ་འདུན་ཞིབ་མོ་བཏོན་པ་དང་གཏན་ཁེལ་ངོ་མ་བགྱིས་པའི་ཚད་མར་གྱུར་པའི་ངོ་བོ་དང་ལྡན་པའི་གཞུང་ཡིག་གོ། ། དཔེར་ན། “སློབ་གྲྭ་ཆེན་མོའི་སློབ་མའི་སྲུང་བྱ”ཞེས་པ་དང“འབྲིང་རིམ་སློབ་གྲྭའི་སློབ་མའི་སྲུང་བྱ”ཞེས་བྱ་བ་ལ་སོགས་དེ་དང་ཚད་མར་གྱུར་བ་ནི་ཕྱོགས་ཆ་ཙམ་གང་དང་གང་ཡིན་པའི་མི་སྣ་ལ་བཏོན་པའི་སྤྱོད་པ་ཚད་མར་སྒྱུར་བྱེད་ཅིག་ཡིན་ཞིང་། སྲུང་བྱ་ཕྱོགས་ཆ་ཙམ་དུ་གཅུན་སྟོབས་མངོན་གསལ་དོད་པོ་མཆིས་པ་དེ་ནི་འབྲེལ་ཡོད་གཅུན་ཡུལ་གྱིས་ངེས་པར་བརྩི་སྲུང་དང་ལག་བསྟར་བྱ་དགོས་པའི་སྤྱོད་པ་ཉིད་ཀྱི་ཚད་གཞི་ཡིན་ནོ། ། སློབ་གྲྭ་ཆེན་མོའི་སློབ་མ་ཞིག་གིས“སློབ་གྲྭ་ཆེན་མོའི་སློབ་མའི་སྲུང་བྱ”ཉིད་ཀྱི་དོན་ཚན་གཅིག་གམ་དུ་མ་མ་བརྩིས་ན་སློབ་གྲྭའི་སྒྲིག་ལམ་དང་འགལ་སོང་བས་སློབ་གྲྭའི་སྒྲིག་ཁྲིམས་ཐད་ཀྱི་ཆད་པ་གཅོད་པར་འགྱུར།

མིང་འགོད་པ། དེ་སྤྱིར་བཏང་དུ་གཞུང་དངོས་ཀྱི་མཇུག་ཏུ་འགོད་ཅིང་། གཞུང་དངོས་ཀྱི་མང་ཤོས་དོན་ཚན་ཅན་གྱི་རྣམ་པ་འབྲི་བ་མ་ཟད། བརྗོད་ཟིན་གཞུང་ཡིག་དུ་མ་དང་བསྡུར་ན་ལྷག་པར་སྐབས་བསྟུན་རང་དབང་ཅན་ཞིག་རེད། སྲུང་བྱ་ཉིད་ཕལ་ཆེར་རིགས་གཉིས་སུ་འབྱེད་པའི་རིགས་དང་པོ་ནི་སྤྱོད་པ་ངེས་ཅན་ཞིག་ལ་བཏོན་པའི་དཔེ་ཚད་རེད། དཔེར་ན། <<དཔེ་ཀློག་ཁང་གི་སྒྲིག་ལམ>>ཞེས་པའི་དོན་ཚན་རྣམས་ཅུང་ཟད་ཞིབ་མོ་ཡིན་ཞིང་། དེར་རེ་འདུན་ཡོད་ལ་ཐབས་ཀྱང་ཡོད་དེ་དོན་ཚན་རྣམས་ནང་གསེས་ཀྱིས་བྱེ་བྲག་ཏུ་བགོས་ནའང་ཆོག རིགས་གཉིས་པ་ནི་འབྲེལ་ཡོད་མི་སྣ་ལ་བཏོན་པའི་དཔེ་ཚད་ཡིན་ཞིང་དེ་ཅུང་ཟད་རྩ་དོན་ཞིག་རེད། དཔེར་ན། <<ཚོང་ལས་གཉེར་མཁན་གྱི་ལས་གཉེར་སྲུང་བྱ>>ཞེས་བྱ་བ་དེའི་ཁ་བྱང་ནི་ཚད་མར་སྒྱུར་ཡུལ་ཚོང་ལས་གཉེར་བ་བོའི་ཁར་གཞུང་ཡིག་གི་རིགས་སྲུང་བྱ་སྦྱར་བ་ལས་གྲུབ་ཅིང་། གཞུང་དངོས་ཀྱི་འགོར་དག་ཅིང་གསལ་ལ་བསྡུས་པའི་རྗོད་བྱེད་ཀྱིས་ཚོང་གཉེར་བ་ཉིད་ལ་རེ་བ་སྤྱི་མདོར་བསྡུས་ནས་བཏོན་པའི་མུར། ཚོང་ལས་གཉེར་བ་བོ་རྣམས་ལ་ལས་ཀའི་ཀུན་སྤྱོད་དང་། ནོར་སྲིད་དཔལ་འབྱོར་སྒྲིག་ཁྲིམས། ངལ་རྩོལ་སྒྲིག་ལམ་ལ་སོགས་པའི་ཐད་རྩ་དོན་རྣམ་པ་བདུན་བཏོན་ནས་རེ་བ་ཉིད་གཏན་ཁེལ་གསལ་བོར་བགྱིས། དེར་མཇུག་སྡུད་པའི་དོན་ཚན་མེད་པར་རེ་བ་ཉིད་ཀྱི་དོན་ཚན་དུ་མ་རྫོགས་པས་ན་སྲུང་བྱ་དེའང་རྫོགས་ཚར་ཏེ། རྗོད་བྱེད་རྣམ་པར་དག་ཅིང་དོན་ཚན་ཞིབ་ལ་གསལ་བས་བློར་བཟུང་ནས་བརྩི་བདེ་བ་ལྟ་བུའོ། ། སྲུང་བྱ་མང་ཤས་ལ་འགོ་བརྗོད་དང་མཇུག་བསྡུ་བ་མེད་པར་ཐད་ཀ་ཐད་སོ་ནས་ཚན་པ་ཉིད་ཀྱིས་མཐར་ཐུག་པར་བྱེད། གོང་དུ་དྲངས་པའི་དཔེ་ཡིག་ལ་དགོས་པ་ཆེད་ཀྱི་འགོ་བརྗོད་ཡོད་པ་ནི་ཅུང་ཟད་ཐུན་མོང་མ་ཡིན་པའི་སྣང་ཚུལ་ཞིག་གོ། ། 


བརྡ་འགྲེལ་གདོང་འཛར།

གཞུང་ཡིག སྲུང་བྱ། སྒྲིག་ཁྲིམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-25

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།