ཏ་ལི་ཁྲི་ལོ་བཅུ་གསུམ་པའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཏ་ལི་ཁྲི་ལོ་བཅུ་གསུམ་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 ​འགྱུར་ཡིག

ཏ་ལི་ཁྲི་ལོ་བཅུ་གསུམ་པ། (སྤྱི་ལོ778པ)

(ཟླ་གཉིས་པ)ཚེས་ཉེར་གཉིས་ཀྱི་ཉིན། བོད་ཀྱིས་དམག་དཔོན་སྟག་སྒྲ་ཀླུ་ཁོང་ལ་དམག་ཁྲི་བཞི་འཁྲིད་དུ་བཅུག་ནས་ལིང་ཀྲོའུ་ལ་དྲངས། ཀྲེན་ཧན་དང་། ཡུས་ཧྲི། ཧྲང་ཧྲུའུ་བཅས་ཡུར་བ་གསུམ3གྱི་ཆུ་འགོ་འཕྲོག་ནས་སོ་ནམ་བྱེད་པར་གེགས་བྱས།

(བམ་པོ225པའི་ཤོག་ངོས24པ། 7251)

དབྱར་ཟླ་བཞི་པའི་ཚེས་ཉེར་བརྒྱད་ཀྱི་ཉིན། བོད་དམག་ལིང་ཀྲོའུ་རུ་དྲངས་པ་ཧྲོ་ཧྥང་གི་ལིའུ་ཧོའུ2ཁྲང་ཆན་ཀོང་གིས་འཐབ་ནས་ཕམ་པར་བྱས།

(བམ་པོ225པའི་ཤོག་ངོས24པ། 7251)

(ཟླ་བདུན་པ)ཚེས་ཉེར་བདུན་གྱི་ཉིན། བོད་ཀྱི་དམག་དཔོན་སྟག་སྒྲ་ཀླུ་ཁོང་གིས་དམག་ཉིས་ཁྲི་ཁྲིད་དེ་ཡན་ཀྲོའུ་དང་ཆིང་ཀྲོའུ་ལ་དྲངས། ཀོ་ཙི་དབྱིས་ཧྲོ་ཧྥང་གི་ཏུའུ་ཡུས་ཧོའུ(རུ་སྒར་ཁྲིམས་བསྟར་དཔོན)ལི་ཧོའེ་ཀོང་མངགས་ནས་འཐབ་པས་བོད་དམག་ཕྱིར་འཐེན།

(བམ་པོ225པའི་ཤོག་ངོས25པ། 7252)

(ཟླ་བརྒྱད་པ)ཚེས་གཉིས་ཀྱི་ཉིན། བོད་དམག་ཁྲི་གཉིས་དབྱིན་ཀྲོའུ3དང་ལིངས་ཀྲོའུ4རུ་དྲངས་ཤིང་ཏང་ཞང་གི་ཕྱུགས་རིགས་སྣ་ཚོགས་འཕྲོག ཀོ་ཙི་དབྱིས་ལི་ཧོའེ་ཀོང་འཐབ་ཏུ་མངགས་ནས་ཕམ་པར་བྱས།

(བམ་པོ225པའི་ཤོག་ངོས24པ། 7251)

ཟླ་དགུ་པའི་ཚེས་ཉེར་བདུན་གྱི་ཉིན། བོད་ཀྱི་རྟ་དམག་ཆིག་ཁྲི་ཆིང་ཧྲི་སྒང་ནས་བབས་ཏེ་ཅིང་ཀྲོའུ་ཡི་ཉེ་སར་བཅར། གོང་མས་ཀོ་ཙི་དབྱི་དང་། ཀྲུའུ་ཚི། ཏོན་ཞིའུ་ཧྲི་བཅས་ལ་མཉམ་དུ་འགོག་དགོས་པའི་བཀའ་ཕབ།

(བམ་པོ225པའི་ཤོག་ངོས25པ། 7252-7253)

2 མཆན་འགྲེལ།

1.འདི་གསུམ་ད་ལྟའི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་པའི་ཡུར་བ་གསུམ་གྱི་མིང་།

2.ལིའུ་ཧོའུ་འམ་ཅེ་ཏུའུ་ལིའུ་ཧོའུ་ཞེས་པ་ནི་ཅེ་ཏུའུ་ཧྲི་གོང་མའི་སྲིད་གཞུང་དུ་གོ་གནས་སྐྱོང་དུ་ཆས་ཤུལ་གྱི་ཅེ་ཏུའུ་ཧྲི་ཚབ་མ་དང་། ཙའེ་ཞང་བློན་ཆེན་གྱིས་རྒྱལ་ས་ནས་བཀོད་འདོམས་བྱེད་པའི་མཐའ་མཚམས་དམག་སྡེའི་ཅེ་ཏུའུ་ཧྲི་ཚབ་མར་དེ་སྐད་འབོད། ཕྱིས་སུ་མཐའ་མཚམས་དམག་སྡེའི་དབང་ཤུགས་ཆེ་རུ་གྱུར་དུས་ཅེ་ཏུའུ་ཧྲིའི་བུ་སྤུན་དང་ཚ་བོ་དང་སྙིང་ཉེ་བའི་མིར་གོ་གནས་དེ་གནས་སྐབས་སུ་རང་ས་ནས་བསྐོ་བ་མང་ཞིང་། ཕྱིས་སུ་གོང་མའི་སྲིེད་གཞུང་གིས་དངོས་སུ་བསྐོ་བ་ཞིག་ཡིན།

3.དབྱིན་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་རི་བོ་ཧེང་ཧྲན(黄山)གྱི་ཤར་ཕྱོགས་སུ་ཡོད། མངའ་ཁོངས་སུ་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་སྨི་ཀྲི་རྫོང་། (米脂县)ཅ་རྫོང་། (佳县)ཡུས་ལིན་རྫོང(榆林县)སོགས་ཚུད།

4.ལིངས་ཀྲོའུ་ཡི་སྲིད་གཞུང་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ཧྲེན་མུའུ་རྫོང(神木县)དུ་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-19

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།