སྟོང་དཔོན་རྟམ་ཁོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟོང་དཔོན་རྟམ་ཁོ།
ཁོང་ནི་སྤྱི་ལོ1905ལོ་སྟེ་རབ་བྱུང་བཅོ་ལྔ་བའི་ཤིང་སྦྲུལ་ལོར་སྐྱེས་ཤིང་མིང་ལ་རྟ་མགྲིན་ཚེ་རིང་ཟེར། སྤྱི་ལོ1958ལོའི་ཟླ4པའི་ནང་མཚོ་ནུབ་སོག་རིགས་བོད་རིགས། ཧ་སག་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ཐེམ་ཆེན་རྫོང་གི་རྫོང་དཔོན་ཟུར་ཁུར་བྱས་པ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་འཐུས་མི་ལ་བདམས། སྤྱི་ལོ1965ལོའི་ཟླ5པར་མཚོ་ནུབ་ཁུལ་སྤྱི་བདེ་ཁྲུའུ་ཡིས་སྲུང་སྐྱེལ་སྒོས་ཕྱིར་ཕ་ཡུལ་དུ་ཡོང་ནས་བསྡད། སྤྱི་ལོ1967ལོའི་ཟླ2པའི་ཚེས9ཉིན་ཚེ་ལས་འདས།
གཞི་རྩའི་གནས་ཚུལ།

དངོས་མིང་།
རྟ་མགྲིན་ཚེ་རིང་།
རྒྱ་ཡིག་གི་མིང་།
丹科
སྐྱེས་ལོ།
སྤྱི་ལོ1905ལོ།
འདས་ལོ།
སྤྱི་ལོ1967ལོ།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
བོད་རིགས།
སྐྱེས་ཁོངས།
མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་།
1 ​ངོ་སྤྲོད།

རྟམ་ཁོ་ནི་ཨ་སྒུའི་དཔའ་ཆེན་རྒྱལ་དང་བོང་སྟག་དཔལ་བཟང་གི་སྲིང་མོ་སྐྱིད་ཐོ་གཉིས་ཀྱི་བུ་རུ་སྤྱི་ལོ1905ལོ་སྟེ་རབ་བྱུང་བཅོ་ལྔ་བའི་ཤིང་སྦྲུལ་ལོར་སྐྱེས་ཤིང་མིང་ལ་རྟ་མགྲིན་ཚེ་རིང་ཟེར། སྤྱི་ལོ1947ལོ་སྟེ་རབ་བྱུང་བཅུ་དྲུག་པའི་མེ་ཕག་ལོར་སྟོང་དཔོན་རྟམ་ཁོ་ཚང་གི་ལུག་འཕེལ་ནས་ཆིག་ཁྲིར་བསླེབས་པས་ཁོས་རྐང་ཚའི་དཔོན་པོ་དཔལ་བཟང་དང་མདའ་བཞིའི་དཔོན་པོ་ཐེག་མཆོག  བདུད་ཤུལ་དཔོན་པོ་ཡེ་ཤེས་དར་རྒྱས།  སོག་པོའི་ཝང་དཔོན་པོ་དབང་གྲགས། རུ་སྔུན་དང་རྒུ་རུའི་དཔོན་པོ་སོགས་མགྲོན་དུ་བསུས་ནས་རྟེན་འབྲེལ་གྱི་དགའ་སྟོན་བཤམས།

སྤྱི་ལོ1944ལོ་སྟེ་རང་བྱུང་བཅུ་དྲུག་པའི་ཤིང་སྦྲེལ་ལོའི་ཟླ་བཅུ་བའི་ནང་ཆིང་སྲིད་གཞུང་གིས་བོང་སྟག་སྤྱིའི་སྟོང་དཔོན་དུ་བསྐོས་ཤིང་སྤྱི་ལོ1946ལོ་སྟེ་རབ་བྱུང་བཅུ་དྲུག་པའི་མེ་ཁྱིའི་ལོར་མཚོ་སྔོན་ལྷོ་ཕྱོགས་མཐའ་ཁུལ་ཉེན་ཟོན་བདེ་སྲུང་དམག་སྤྱི་ཁང་གི་ཐོན་བཅུ་གཉིས་པའི་ཐོན་ཀྲང་དང་མཚོ་སྔོན་ཞིང་ཆེན་གྱི་ཚན་དབྱི་ཡོན་གྱི་རྗེས་སྣོན་ཨུ་ཡོན་གྱི་འགན་ཁུར།  སྤྱི་ལོ1946ལོ་སྟེ་མེན་གོའི་ལོ35བའི་ལོ་ཙམ་ལ་སྤྱིའི་སྟོང་དཔོན་རྟམ་ཁོར་མཁྱེན་དཔྱོད་ལྡན་པའི་སྟོང་དཔོན་ཞེས་བསྟོད་བསྔགས་ཐོབ།  བོང་སྟག་གི་ཨ་མྱེས་བྲག་སེར་གདན་འདྲེན་དང་བཀའ་འགྱུར་རྡོ་རྩིག་བཞེངས་པ། བོང་སྟག་ནས་སྦྲ་ནག་སློབ་གྲྭ་འཛུགས་པ་བཅས་ལ་ཐུགས་ཁུར་གནང་བ་དང་། བོང་སྟག་སྤྱིའི་སྟོང་དཔོན་རྟམ་ཁོ་དང་སྟོང་དཔོན་གཞོན་པ་ཆོས་རྒྱམ་སོགས་ཀྱིས་ཐུགས་ཁུར་འོག་ཞིང་ཆེན་གྱི་སློབ་གསོ་ཐིན་སོགས་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་བྱས་པ་བརྒྱུད་སྤྱི་ལོ1952ལོའི་ཟླ་བཅུ་བའི་ནང་བོང་སྟག་ནས་ཀུན་པ་སོགས་མདུན་ལམ་ལྡན་པའི་གཞོན་ནུ30འདེམ་མངགས་བྱས་ཏེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བསྐྱལ་ནས་སློབ་སྦྱོང་བྱེད་དུ་བཅུག སྤྱི་ལོ1949ལོའི་ཟླ9པའི་ཚེས24ཉིན་སྤྱིའི་སྟོང་དཔོན་རྟམ་ཁོས་བོང་སྟག་ཀུན་བྱམས་དང་བློ་རྒྱམ།  ཀུན་པ་སོགས་མི་བདུན་ཁྲིད་ནས་ཟི་ལིང་དུ་སོང་སྟེ་མི་དམངས་བཅིངས་འགྲོལ་དམག་ལ་གུས་འདུད་ཞུས་ཤིང་ཀྲུང་གོའི་གུང་ཁྲན་ཏང་ལ་བརྩི་བཀུར་དང་མི་དམངས་སྲིད་གཞུང་ལ་དགའ་བྱེད་པའི་བསམ་པ་བསྟན། སྤྱི་ལོ1950ལོར་དུར་ལམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པར་བསྐོས། ལོ་དེའི་ཟླ7པར་དུར་ལམ་རྫོང་གི་ཁུལ་གཉིས་པའི་ཐེམ་ཆེན་བོད་རིགས་རང་སྐྱོང་ཁུལ་སྒྱུར་སྐབས་རྟམ་ཁོ་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིའི་བདམས།  སྤྱི་ལོ1953ལོའི་ཟླ10ནས་སྤྱི་ལོ1954ལོའི་བར་དུ་མཚོ་ནུབ་སོག་རིགས་བོད་རིགས། ཧ་སག་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པར་བདམས། སྤྱི་ལོ1955ལོའི་ཟླ6པའི་ནང་མཚོ་ནུབ་སོག་རིགས་བོད་རིགས། ཧ་སག་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ཐེམ་ཆེན་རྫོང་གི་རྫོང་དཔོན་གཙོ་བོའི་འགན་གཅིག་ལྕོགས་བཞེས།  སྤྱི་ལོ1958ལོའི་ཟླ4པའི་ནང་མཚོ་ནུབ་སོག་རིགས་བོད་རིགས། ཧ་སག་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ཐེམ་ཆེན་རྫོང་གི་རྫོང་དཔོན་ཟུར་ཁུར་བྱས་པ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་འཐུས་མི་ལ་བདམས། སྤྱི་ལོ1965ལོའི་ཟླ5པར་མཚོ་ནུབ་ཁུལ་སྤྱི་བདེ་ཁྲུའུ་ཡིས་སྲུང་སྐྱོབ་སྒོས་ཕྱིར་ཕ་ཡུལ་དུ་ཡོང་ནས་བསྡད། སྤྱི་ལོ1967ལོའི་ཟླ2པའི་ཚེས9ཉིན་ཚེ་ལས་འདས།


བརྡ་འགྲེལ་གདོང་འཛར།

སྟོང་དཔོན། རྟམ་ཁོ། བོད་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-28

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།