སྡེ་པ་རིན་སྤུངས་པ་ངག་དབང་འཇིག་གྲགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིན་སྤུངས་མཚོ་སྐྱེས་རྡོ་རྗེའི་སྲས་ངག་དབང་རྣམ་རྒྱལ་ལ་སྲས་གསུམ་ལས་ཆེ་བ་ཆུང་ངུ་ནས་གྲོངས། གཉིས་པ་དོན་གྲུབ་ཚེ་བརྟན་རྡོ་རྗེ་དང་། ཆུང་བ་རྗེ་ཉིད་དེ། རབ་བྱུང་བརྒྱད་པའི་ཆུ་སྟག་ལོར་སྐུ་འཁྲུངས། རྗེ་དེ་མཁྱེན་རབ་ཀྱི་ཀློང་རྣམ་པར་ཡངས་པས་རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ་ཕྲག་གཅིག་ལ་མཆོག་ཏུ་མཁས་པར་གྱུར་ཅིང་རྒྱལ་པོ་པཎྜི་ཏའི་རྣམ་ཐར་བཟུང་། ཧོར་གོས་བཟང་པོའི་རྒྱུ་ལས་གྲུབ་པའི་རིགས་ལྡན་ཡོལ་བར་གྲགས་པའི་བཀོད་པས་ཁྱད་པར་དུ་འཕགས་པ་བཞེངས་ཤིང་རྗེ་ཀུན་དགའ་གྲོལ་མཆོག་པ་རབ་གནས་སུ་གདན་དྲངས། ཆོས་སྲིད་ལུགས་གཉིས་ལ་རྣམ་དཔྱོད་ཀྱི་སྒོ་འཕར་མཆོག་ཏུ་ཡངས། རང་ལོ་སོ་བརྒྱད་པ་རབ་བྱུང་དགུ་བའི་ས་ཡོས(སྤྱི་ལོ1519)ལོར《སྙན་འགྲེལ་མི་འཇིགས་སེངྒེའི་ང་རོ》དང་། མེ་སྦྲུལ(སྤྱི་ལོ1557)ལོར《ཤམ་བྷ་བའི་ལམ་ཡིག》བཅས་དཎྜིའི་གཞུང་ལས་དྲངས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་བསྟན་བཅོས་མང་དུ་མཛད།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1482-1557/1565)
ཡབ།
ངག་དབང་རྣམ་རྒྱལ།
1 ངོ་སྤྲོད།

རིན་སྤུངས་མཚོ་སྐྱེས་རྡོ་རྗེའི་སྲས་ངག་དབང་རྣམ་རྒྱལ་ལ་སྲས་གསུམ་ལས་ཆེ་བ་ཆུང་ངུ་ནས་གྲོངས། གཉིས་པ་དོན་གྲུབ་ཚེ་བརྟན་རྡོ་རྗེ་དང་། ཆུང་བ་རྗེ་ཉིད་དེ། རབ་བྱུང་བརྒྱད་པའི་ཆུ་སྟག(སྤྱི་ལོ1482)ལོར་སྐུ་འཁྲུངས། རྗེ་དེ་མཁྱེན་རབ་ཀྱི་ཀློང་རྣམ་པར་ཡངས་པས་རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ་ཕྲག་གཅིག་ལ་མཆོག་ཏུ་མཁས་པར་གྱུར་ཅིང་རྒྱལ་པོ་པཎྜི་ཏའི་རྣམ་ཐར་བཟུང་། ཧོར་གོས་བཟང་པོའི་རྒྱུ་ལས་གྲུབ་པའི་རིགས་ལྡན་ཡོལ་བར་གྲགས་པའི་བཀོད་པས་ཁྱད་པར་དུ་འཕགས་པ་བཞེངས་ཤིང་རྗེ་ཀུན་དགའ་གྲོལ་མཆོག་པ་རབ་གནས་སུ་གདན་དྲངས། ཆོས་སྲིད་ལུགས་གཉིས་ལ་རྣམ་དཔྱོད་ཀྱི་སྒོ་འཕར་མཆོག་ཏུ་ཡངས། རང་ལོ་སོ་བརྒྱད་པ་རབ་བྱུང་དགུ་བའི་ས་ཡོས(སྤྱི་ལོ1519)ལོར《སྙན་འགྲེལ་མི་འཇིགས་སེངྒེའི་ང་རོ》དང་། མེ་སྦྲུལ(སྤྱི་ལོ1557)ལོར《ཤམ་བྷ་བའི་ལམ་ཡིག》བཅས་དཎྜིའི་གཞུང་ལས་དྲངས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་བསྟན་བཅོས་མང་དུ་མཛད། ཁོང་ནམ་འདས་པའི་ལོ་ཚིགས་ལོ་རྒྱུས་རྣམས་སུ་གསལ་བོར་བཀོད་པ་མ་མཐོང་ལ། ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་བསྟན་རྩིས་ལས་རབ་བྱུང་བཅུ་བའི་མེ་ཁྱི(སྤྱི་ལོ1586)ལོར་སྙན་འགྲེལ་བརྩམས་ཞེས་པར་བརྟགས་ན་ཁོང་དགུང་ལོ་བརྒྱ་དང་ལྔའི་ཐོག་བརྩམས་པ་ཡིན་ལ། ཀུན་གཟིགས་ལྔ་བ་ཆེན་པོའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས། སྐུ་ཚེ་མཇུག་ཏུ་མངའ་ཐང་ཕལ་ཆེར་ཤོར་ཞེས་གསུངས་པ་ལྟར་ན། རབ་བྱུང་དགུ་བའི་ཤིང་གླང(སྤྱི་ལོ1565)ལོར་སྡེ་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་བསམ་གྲུབ་རྩེ་བཟུང་། རིན་སྤུངས་པ་ཁྲི་ཐོག་བཞིས་མི་ལོ130རིང་བོད་ཀྱི་སྲིད་དབང་འཛིན་པ་མཇུག་རྫོགས་པས། དེ་དག་ལ་བརྟགས་ན་རྗེ་འདི་སྤྱི་ལོ1557-1556ལོའི་བར་འདས་པ་ཡིན་ནམ་སྙམ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-25

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།