སྒྱུ་རྩལ་བརྡ་ལུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩོམ་རིག་སྒྱུ་རྩལ་ནི་རྩོམ་ཡིག་ཡིག་སྒྱུར་ཁྲོད་འཕྲད་མང་བའི་ལུས་ཀྱི་རྣམ་པ་ཞིག་ཡིན། སྒྱུ་རྩལ་རྩོམ་རིག་གི་བརྡ་ལུས་ལ་སྒྱུ་རྩལ་བརྡ་ལུས་ཀྱང་ཟེར། དེས་སྒྱུ་རྩལ་གྱི་ཉམས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པར་བྱེད་པས། སྐད་ཆའི་སྒྲ་གདངས་དང་། དོན་སྙིང་། ཉམས་མདངས། སྒྲིག་གཞི་སོགས་ལ་བརྟེན་ནས་མི་རྣམས་ལ་མཛེས་རྟོག་གི་སློབ་གསོ་དང་ཡིད་ལ་སྤྲོ་བ་སྟེར་བ་ཡིན། སྒྱུ་རྩལ་རྩོམ་རིག་གི་ཡིག་སྒྱུར་ཡིན་ཕྱིན། དེའི་སྒྱུ་རྩལ་རང་བཞིན་ལ་ཡིད་འཇོག་བྱས་ཏེ། མ་རྩོམ་གྱི་རྩོམ་ཉམས་དང་། དེའི་སྒྱུ་རྩལ་རང་བཞིན་མངོན་གང་ཐུབ་བྱེད་དགོས།
1 སྒྱུ་རྩལ་བརྡ་ལུས་ཀྱི་སྐད་བརྡའི་གོ་དོན།

2  ཁྱད་ཆོས།

སྒྱུ་རྩལ་རྩོམ་རིག་བརྡ་ལུས་ཀྱི་སྐད་བརྡ་ལ་གཟུགས་བརྙན་ཇི་བཞིན་སྣང་བའི་རང་བཞིན་དང་།བརྩེ་དུང་གི་རང་བཞིན་ལྡན་ཡོད་པས།དེ་ནི་བརྡ་ལུས་གཞན་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་ཡིན།

གཟུགས་བརྙན་ཇི་བཞིན་སྣང་བའི་རང་བཞིན་ཏེ་རྩོམ་རིག་གསར་རྩོམ་ལ་གཟུགས་སྣང་གི་བློ་བེད་སྤྱོད་བྱ་བས། རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་ཀྱི་སྐད་བརྡ་དེ་གཟུགས་བརྙན་ཇི་བཞིན་སྣང་བའི་ཐོག་བཀོད་འབྲིའི་ཉམས་མདངས་དགོས་པ་རེད།

3 ​དབྱེ་བ།

1.ཚིག་རྒྱན། ཚིག་རྒྱན་ཞེས་པ་ནི་རྒྱུན་དུ་ཚིག་རྒྱན་གྱི་སྡེབ་སྦྱོར་ལ་བརྗོད་ཅིང་། བརྡ་སྤྲོད་ཐད་སྒྱུ་རྩལ་གྱི་ཕྱོགས་བསྡུས་ལས་སྣོན་བྱེད་པ་ཞིག་ཡིན། ནང་དོན་དང་བརྡ་ཡུལ་གཏན་འཁེལ་བྱུང་རྗེས་ཚིག་རྒྱན་གྱི་སྡེབ་སྦྱོར་ལ་གཙོ་བོ་གནད་དོན་གསུམ་ལ་བསམ་བློ་གཏོང་དགོས། གཅིག་ནི་སྐད་བརྡའི་རྒྱུ་ཆ་གང་འདྲ་ཞིག་འདེམས་སྤྱོད་བྱ་མིན་དང་། གཉིས་ནི་རྒྱན་གྱི་རྣམ་པ་ཇི་འདྲ་ཞིག་སྤྱོད་མིན། གསུམ་ནི་མཚོན་པར་བྱེད་སྐབས་ནུས་པ་ཇི་འདྲ་ཞིག་ཐོན་པར་བྱ་མིན་བཅས་ཡིན། དེ་དག་ཕན་ཚུན་འབྲེལ་བ་དམ་པོ་ཡོད།

2.ཚིག་རྒྱན་དང་བརྡ་ཡུལ། བརྗོད་དོན་གཅིག་ཡིན་རུང་མཚོན་སྟངས་སྣ་ཚོགས་ཡོད་པས། སྐབས་སོ་སོར་ཚིག་གམ་བརྗོད་པ་མི་འདྲ་བ་སྣ་ཚོགས་བདམས་ཆོག་ཅིང་། མཚོན་ཐབས་ཇི་འདྲ་ཞིག་དང་། བརྗོད་པའི་རྣམ་པ་ཇི་འདྲ་ཞིག་བེད་སྤྱོད་བྱས་ན་འཚམ་མིན་ནི་རྒྱུན་དུ་བརྡ་ཡུལ་དངོས་ཀྱིས་གཏན་ཁེལ་བྱེད་པ་ཡིན། བརྡའི་མཚོན་ནུས་ལེགས་ཉེས་ནི་བརྗོད་པ་གཅིག་ཁོ་ནར་རག་ལུས་པ་ཞིག་མིན་པར། ད་དུང་སྐད་བརྡའི་ཞིབ་ཕྲའི་ཁོར་ཡུག་དང་། ཚིག་གི་རྒྱན་དང་སྐད་བརྡའི་རྣམ་པ་ལེགས་སྒྲིག་ཇི་ལྟར་བྱ་མིན་ལ་ཡང་འབྲེལ་བ་ཡོད་པས་སྐད་བརྡའི་ཁོར་ཡུག་ནི་སྐད་བརྡའི་བྱ་ལས་ཀྱི་གཞི་འཛིན་ས་དང་། ཚིག་རྒྱན་གྱི་ནུས་པར་དག་བཤེར་བྱ་བའི་གཞི་འཛིན་ས་ཡིན།

3.ཚིག་རྒྱན་དང་། སྐད་གདངས། ཚིག་ཚོགས། བརྡ་སྤྲོད་བཅས་ཀྱི་འབྲེལ་བ། ཚིག་རྒྱན་དང་། སྐད་གདངས། ཚིག་ཚོགས། བརྡ་སྤྲོད་བཅས་ཀྱི་འབྲེལ་བ་ནས་བཤད་ན། ཚིག་རྒྱན་ནི་མཚོན་ཐབས་དང་།མཚོན་ནུས་ཐོག་ནས་སྐད་གདངས་དང་། ཚིག་དུམ། བརྡ་སྤྲོད་བཅས་དང་འབྲེལ་བ་ཡོད། ཚིག་རྒྱན་དང་སྐད་གདངས། ཚིག་དུམ། བརྡ་སྤྲོད་བཅས་ཀྱི་འབྲེལ་བ་ནི་འདྲ་མཉམ་གྱི་འབྲེལ་བ་མིན་ལ། གཅིག་གི་ཁོངས་སུ་གཅིག་གཏོགས་པའི་འབྲེལ་བ་ཞིག་ཀྱང་མིན་པར། དེ་ནི་བརྡ་སྤྲོད་རིག་ཚན་གྱི་ཡན་ལག་ཅིག་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-19

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།