རྟག་བརྟན་དགོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྟག་བརྟན་དགོན་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་ཁོངས་ཀྱི་དབུས་རྒྱུད་རྐ་མདའ་ཡུལ་ཚོ་རུ་ཆགས་པའི་དགོན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྟག་བརྟན་དགོན།
རྒྱ་ཡིག་གི་མིང་།
达登寺
བཞེངས་ལོ།
སྤྱི་ལོ1742
ཕྱག་འདེབས་མཁན།
མ་ཧཱ་པཎྜྷི་ཏ་སི་ཏུ་ཆོས་ཀྱི་འབྱུང་གནས།
གནམ་གཤིས།
ས་མཐོའི་ནམ་ཟླ།
གནས་ཡུལ།
རྐ་མདའ་ཡུལ་ཚོ།
རྒྱ་ཁྱོན།
སྨི་གྲུ་བཞི་མ40000ལྷག
གྲུབ་མཐའ།
བཀའ་བརྒྱུད་པ།
དུས་མཆོད།
བླ་མའི་གདུང་མཆོད། ཀུན་རིག་སྒྲུབ་མཆོད། འཆམ། ཐོས་གྲོལ་སྒྲུབ་པ། དབྱར་གནས། སྤྱི་སྲུང་། བསྐང་གསོ། དགུ་གཏོར།
1 ​ངོ་སྤྲོད་རགས་བསྡུས།

རྟག་བརྟན་དགོན་འཛམ་ཐང་རྫོང་ཁོངས་ཀྱི་དབུས་རྒྱུད་རྐ་མདའ་ཡུལ་ཚོའི་ཁོངས་སུ་ཆགས་ཤིང་། རྫོང་མཁར་བར་སྤྱི་ལེ3ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3300ཡིན། རྔ་ཆེན་ཞེས་པ་ཆུ་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ1742ལ་མ་ཧཱ་པཎྜྷི་ཏ་སི་ཏུ་ཆོས་ཀྱི་འབྱུང་གནས་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་བཏབ།

2 གདན་རབས་རིམ་བྱོན།

དང་པོ། མ་ཧཱ་པཎྜྷི་ཏ་སི་ཏུ་ཆོས་ཀྱི་འབྱུང་གནས་རབ་ཉི་ས་ཡོས་ཏེ་སྤྱི་ལོ1699ལོར་མདོ་ཁམས་སྡེ་དགེ་ལ་འཁྲུངས་ནས་སྤྱི་ལོ1774ལོར་འདས།

གཉིས་པ། བླ་མ་ཀརྨ་དཔལ་སྒྲུབ་སྡེ་དགེ་ལ་འཁྲུངས།

གསུམ་པ། ཀརྨ་གཟི་བརྗིད་སྡེ་དགེ་ལ་འཁྲུངས།

བཞི་པ། ཀརྨ་ངེས་དོན་དབང་བོ། རབ་བྱུང་བཅུ་བཞི་བའི་སྟོད་ལ་རྡོ་ཁོག་ཏུ་འཁྲུངས།

ལྔ་པ། བླ་མ་ཀརྨ་ནོར་བུ། རབ་ཚེས་ས་བྱི་སྟེ་སྤྱི་ལོ1888ལོར་རྡོའི་ར་རྒྱུ་ལ་འཁྲུངས་ནས་སྤྱི་ལོ1966ལོར་འདས།

དྲུག་པ། བླ་མ་འཇིགས་མེད་ཡེ་ཤེས། རབ་ཚེས་ཆུ་སྟག་སྟེ་སྤྱི་ལོ1901ལོར་རྡོའི་རྐ་མདའ་ལ་འཁྲུངས་ནས་སྤྱི་ལོ1990ལོར་འདས།

བདུན་པ། ཀརྨ་འོད་ཟེར་ནི་རབ་ཚེས་ཆུ་གླང་དེ་སྤྱི་ལོ1913ལོར་རྡོ་ཁོག་ལ་འཁྲུངས་ནས་སྤྱི་ལོ1979ལོར་འདས།

བརྒྱད་པ། མཁས་ཆེན་ངག་རྒྱམ། རབ་ཚེས་མེ་སྦྲུལ་དེ་སྤྱི་ལོ་སྤྱི་ལོ1917ལོར་རྡོའི་ཕྱུག་ཤུལ་ལ་འཁྲུངས།

དགུ་པ། བླ་མ་ཚེ་རིང་ནི་རབ་རྒྱལ་ལྕགས་ལུག་ཏེ་སྤྱི་ལོ1931ལོར་རྡོ་ཁོག་ལ་འཁྲུངས།

བཅུ་པ། བླ་མ་ཀརྨ་ཤེས་རབ་ནི་རབ་ཚེས་མེ་ཁྱི་སྟེ་སྤྱི་ལོ1886ལོར་འཁྲུངས་ནས་སྤྱི་ལོ1966ལོར་འདས།

བཅུ་གཅིག་པ། བླ་མ་ཀུན་ཁྱབ།

བཅུ་གཉིས་པ། བླ་མ་སེང་གེ།

བཅུ་གསུམ་པ། བླ་མ་སྟག་ལོ།

བཅུ་བཞི་པ། གཏེར་སྟོན་སྟག་ཤམ་པ།

བཅོ་ལྔ་པ། བླ་མ་ཕུར་བ།

བཅུ་དྲུག་པ། ཀརྨ་རྗེ་བླ་མ་བློ་རྒྱམ།

བཅུ་བདུན་པ། ཀརྨ་འཕྲིན་ལས།

བཅོ་བརྒྱད་པ། ཀརྨ་བློ་སྦྱིན།

བཅུ་དགུ་པ། ཀརྨ་བཀྲ་རྒྱལ།

ཉི་ཤུ་པ། ཀརྨ་ཟླ་གྲགས།

ཉེར་གཅིག་པ། ཀརྨ་སྤྲོ་པོ།

ཉེར་གཉིས་པ། ཀརྨ་རིག་འཛིན།

ཉེར་གསུམ་པ། ཀརྨ་རྒྱ་མཚོ།

ཉེར་བཞི་པ། སྤྲུལ་སྐུ་པད་ཐོ།

ཉེར་ལྔ་པ། ཀརྨ་ནོར་འཕེལ་ནི་རབ་ཚེས་ཆུ་ཁྱི་སྟེ་སྤྱི་ལོ1922ལོར་རྡོའི་རྐ་མདའ་ལ་འཁྲུངས་ནས་སྤྱི་ལོ1981ལོར་འདས།

ཉེར་དྲུག་པ། སྲས་མཁར་བླ་མ་ནི་རབ་ཚེས་ལྕགས་སྤྲེལ་སྟེ་སྤྱི་ལོ་སྤྱི་ལོ1920ལོར་རྡོའི་རྐ་མདའ་ལ་འཁྲུངས།

ཉེར་བདུན་པ། སྤྲུལ་སྐུ་ལུང་རྟོགས་རྒྱ་མཚོ་ནི་རྡོའི་དཀའ་འགོ་ལ་འཁྲུངས།

ཉེར་བརྒྱད་པ། སྤྲུལ་སྐུ་བྱང་ཆུབ་རྡོ་རྗེ་རབ་ཚེས་ཤིང་སྟག་ཏེ་སྤྱི་ལོ་སྤྱི་ལོ1974ལོར་མགོ་ལོག་ལ་འཁྲུངས།

ཉེར་དགུ་པ། ཀརྨ་ཀློང་ཡངས་རྡོའི་ཕྱུག་ཤུལ་ལ་འཁྲུངས།

སུམ་ཅུ་བ། བླ་མ་བཀྲ་ཤིས་རབ་ཚེས་ལྕགས་སྤྲེལ་ཏེ་སྤྱི་ལོ་སྤྱི་ལོ1920ལོར་རྡོའི་ཀུལ་མུ་ལ་འཁྲུངས།

སོ་གཅིག་པ། བླ་མ་ཆོས་སྟོབས་རབ་ཚེས་མེ་ཕག་སྟེ་སྤྱི་ལོ1976ལོར་རྡོའི་རྫི་སྟོང་ལ་འཁྲུངས།

སོ་གཉིས་པ། བླ་མ་ཀྱོས་པ་རྡོའི་ལྷ་སྐོར་ལ་འཁྲུངས།

སོ་གསུམ་པ། སྤྲུལ་སྐུ་ཚེ་དབང་རིག་འཛིན་རྡོའི་ལྷ་སྐོར་ལ་འཁྲུངས་སོ།།

3 གསུང་རྩོམ་སྐོར།

ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་གྱི་ཟབ་གནད་མན་ངག་སྙིང་པོའི་དོན་ཁྲིད་ལེགས་བཤད་ཉི་ཟླའི་དཀྱིལ་འཁོར་སོགས་དང་ཕྱག་ཤུལ་གཏེར་སྟོན་ཨུ་རྒྱན་གསང་སྔགས་གླིང་པའི་གཏེར་ལས་བཏོན་པ་རྟ་མགྲིན་གཏེར་གསར་དང་། ཐུགས་རྗེ་ཆེན་པོའི་ཆོས་སྐོར་སོགས་གཏེར་སྟོན་སྟག་ཤམ་པ་བྱང་ཆུབ་བཟང་བོའི་གཏེར་ཆོས། ཚེ་སྒྲུབ། ཕུར་བ། རིག་བྱེད་མ་སོགས་དང་། མཁན་ཆེན་དག་གི་དབང་ཕྱུག་རྒྱ་མཚོས་མཛད་པའི་སྤྲོས་བྲལ་དབུ་མ་ཆེན་པོའི་ལྟ་གྲུབ་ཀྱི་རྣམ་བཞག་དང་། སྔོན་འགྲོ་ཀུན་བཟང་བླ་མའི་དགོངས་རྒྱན་ནོར་བུའི་ཕྲེང་བ། རིས་མེད་ཆོས་འབྱུང་མདོར་བསྡུས་བློ་གྲོས་པདྨོ་འབྱེད་པའི་འདབ་བརྒྱ། ཞི་ཁྲོ་དབང་བསྐུར་དམིགས་རིམ་མདོར་བསྡུས་བློ་རྨོངས་ཀུན་སེལ་སོགས་མང་དུ་ཡོད་དོ།།

4 འབྲེལ་ཡོད་དགོན་སྡེ།

རྡོའི་གཡུ་ཐོག་དགོན། གཙང་བ་དགོན།  གསེར་ཁོག་གི་ལྷ་རྩེ་དགོན་སོགས་ཡོད།

5 གསར་སྐྲུན་ལོ་རྒྱུས།

སྤྱི་ལོ1983ལོའི་ཟླ་7པར་འཛམ་ཐང་རྫོང་སྲིད་གཞུང་གིས་ཆོས་སྒོ་ཕྱེ་བའི་ཆོག་མཆན་གནང་ཏེ་ཆོས་སྒོ་ཕྱེས། དོ་དམ་པ་ནི་ཚེ་རིང་སོགས་མི་ལྔས་དོ་དམ་བྱེད་བཞིན་ཡོད་དོ།།

6 རྟེན་གསུམ་སྐོར།

སྐུ་རྟེན་གྱི་སྐོར་ལ། སིདྡྷཱི་དྷརྨ་ཀ་རས་གནང་བའི་ཆོས་སྐུ་རྡོ་རྗེ་འཆང་གི་གསེར་སྐུ་ལི་མ་ཁྱད་འཕགས། ཐུབ་པ་གཙུག་རིང་མ་ཞེས་ཐུབ་སྐུ་ལི་མ་ཚད་ལྡན། ཆོས་འབྱུང་གིས་ཕྱག་བཟོའི་ཅན་དནལས་གྲུབ་པའི་མ་མགོན་མགར་གསུམ། ཀརྨ་པཀྵའི་གསེར་སྐུ་ཁྱད་འཕགས་ཞལ་ཕྱོགས་མ། གཞན་གསེར་སྐུ་ལི་མ་དུ་མ། གུ་རུ་མཚན་བརྒྱད། ཀརྨ་པཀྵི།བདེར་གཤེགས་སོ་ལྔ། སྨན་བླ་མཆེད་བརྒྱད། མར་མི་དྭགས་གསུམ་རྣམས་ཀྱི་གཙོས་གསེར་སྐུ་མང་བོ་དང་། འཇིམ་བཟོས་རྡོར་སེམས། འོད་དཔག་མེད། དུས་གསུམ་སངས་རྒྱས་རྣམས་ཀྱི་སྐུ་ལྕག་ཚད་མ་རེ། ཐང་ག་དཔག་བསམ་འཁྲི་ཤིང་ཉེ་སྲས་བརྒྱད་ཀྱི་གསེར་ཐང་སྤུས་ལེགས་རྣམས་ཀྱི་གཙོས་ཐང་ཤར་མང་པོ་ཡོད།

གསུང་རྟེན་སྐོར་ལ། བཀའ་བསྟན་གཉིས། འབུམ་གསེར་བྲིས་ཆ1 ཀར་ལུགས་ཀྱི་ཆོས་སྐོར་ཡོངས་རྫོགས། མ་མགོན་གྱི་རྒྱུད་དང་རྒྱ་གཞུང་སྐོར། དུས་མཁྱེན་གྱི་ཐུགས་དམ་ལྔ་ཚན་ལྔ་སོགས་དང་། ཁོང་སྤྲུལ་གྱི་མཛོད་ཆེན་རྣམ་ལྔ། ཀློང་ཆེན་མཛོད་ཆེན། བླ་མ་ངེ་སདོན་དབང་བོའི་ཐུགས་དམ་རྟེན་པོ་ཏི་མེ་ཐུབ་མ་སོགས་ཀྱི་གཙོས་པོ་ཏི900ལྷག དུང་འཁོར་ལྔ་འཁོར་ཞིག200ལྷག་པར་ཤིང་ཤིང་ལེབ100ལྷག་ཡོད།

ཐུགས་རྟེན་ལ། མཆོད་རྟེན་ཆ་བརྒྱད་ཆེ་བ་གཅིག  བླ་མ་དཔལ་གྲུབ་ཀྱི་སྐུ་གདུང་མཆོད་རྟེན་གཞུ་འདོམ་གཉིས་ཚད་ཅན། རྡོ་རྗེ་རྒྱལ་མཚན་དང་རྡོ་བྲུག་ངོས་དོན་གཉིས་ཀྱི་སྐུ་གདུང་གསེར་དངུལ་གྱིས་བཞེངས་པ་ལུས་ཚད་མ་རེ་རེ། གཞན་པའི་མཆོད་རྟེན་འབྲིང་ཆུང་དུ་མ་སོགས་དང་། གཞན་སིལ་སྙན་རྒྱ་ནག་མ་སོགས་ཆ་སོ་བདུན། རོལ་མོ་དུང་ཆེན་དུ་མ་བཅས་མཆོད་ཆ་དང་། སྤྱན་གཟིགས་མཆོད་རྫས་སོགས་གྲངས་མང་ཡོད་དོ།།

7 ཆོས་ལུགས་བྱེད་སྒོ་གཙོ་བོ།

ཟླ1པོའི་ཚེས1ཉིན་ནས་ཚེས་5ཉིན་བར་བླ་མའི་གདུང་མཆོད།

ཟླ4པའི་ཚེས1ཉིན་ནས་ཚེས་7ཉིན་བར་ཀུན་རིག་སྒྲུབ་མཆོད། ཚེས9ཉིན་ནས་ཚེས10ཉིན་བར་འཆམ།

ཟླ5པའི་ཚེས10ཉིན་ནས་ཚེས22ཉིན་ཐོས་གྲོལ་སྒྲུབ་པ།

ཟླ6པའི་ཚེས15ཉིན་ནས་ཟླ7པའི་ཚེས30ཉིན་བར་དབྱར་གནས།

ཟླ8པའི་ཚེས5ཉིན་ནས་ཚེས10ཉིན་བར་སྤྱི་སྲུང་།

ཟླ10པའི་ཚེས1ཉིན་ནས་ཚེས7ཉིན་བར་བསྐང་གསོ།

ཟླ12པའི་ཚེས23ཉིན་ནས་ཚེས29ཉིན་བར་དགུ་གཏོར།

8 ལྷ་སྡེ།

རྐ་མདའ་ཚོ་བ། ལྷ་རྩེ་ཡུལ་གསུམ། མེའུ་མདའ་ཐོག་ཁ། རོང་སྡེ་ཤོག་གསུམ། ཕྱུག་ཤུལ་ཚོ་བ། སྟུག་རྒྱ་ལྷ་སྐོར་སོགས་དང་ཀ་ཐོག་ཚོ་བ། རྩང་སྡེ། བསེར་སྐོར་སོགས་ཡོད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-15

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།