རྫབ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རྫབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

1.འདམ་དོང་ངམ་འདམ་དོང་ནང་གི་འདམ་གྱི་མིང་། ② ལྗོན་ཤིང་གི་སྡོང་བོའི་ངོས་དང་རྩ་བར་སྐྱེ་བའི་ལྦ་བའི་རིགས་ཕོར་བ་སོགས་བཟོ་བྱེད་ཀྱི་རྒྱུ་མཆོག་ཏུ་གྱུར་པ་ཞིག
1 ལོ་ཙཱ།

རྒྱ་ཡིག 1. 污泥,泥淖;2. 树瘤

དབྱིན་ཡིག 1.mud, mire; 2.burl

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①འདམ་དོང་ངམ་འདམ་དོང་ནང་གི་འདམ་གྱི་མིང་སྟེ། འདམ་རྫབ། རྫབ་འདམ་ཞེས་པ་ལྟ་བུ། ② ལྗོན་ཤིང་གི་སྡོང་བོའི་ངོས་དང་རྩ་བར་སྐྱེ་བའི་ལྦ་བའི་རིགས་ཕོར་བ་སོགས་བཟོ་བྱེད་ཀྱི་རྒྱུ་མཆོག་ཏུ་གྱུར་པ་ཞིག་སྟེ། རྫབ་ཀྱི་ཅ་ནེ་དངུལ་ཤན་མ་ལྟ་བུ། འདི་ལ་ཛབ་འབྲི་བའང་ཡོད།

2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  名词。①འདམ་ཆུ་ལྗན་ལྗིན། 污泥,泥淖:འདམ་རྫབ་ཏུ་ཚུད་པ། 陷入泥淖。②ཤིང་རིགས་ཀྱི་སྡོང་པོ་དང་རྩ་བ་གང་རུང་ལ་སྐྱེ་བའི་ཝ་བ་ཕོར་པ་དཀྲུག་བྱེད་ལེགས་ཤོས་ཤིག 树瘤。树根或树干所生瘤节,质坚纹细,用以车成木碗极为名贵。

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①འདམ་དོང་ནང་གི་འདམ། དཔེར་ན། འདམ་དོང་རྫབ་ཀྱིས་ཁེངས། ②ལྗོན་ཤིང་གི་སྡོང་པོའི་ངོས་དང་རྩ་བར་སྐྱེས་པའི་ལྦ་བའི་རིགས། ཕོར་བ་སོགས་བཟོ་བྱེད་ཀྱི་རྒྱུ་ཆ་མཆོག་ཏུ་གྱུར་བའི་ཤིང་རིགས་ཤིག དཔེར་ན། རྫབ་ཅན་དངུལ་ཤན་མ་ལྟ་བུ།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།