བསོད་ནམས་ཕུན་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསོད་ནམས་ཕུན་ཚོགས།
དགེ་རྒན་བསོད་ནམས་ཕུན་ཚོགས་ལགས་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་འགན་འཛིན་པ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་འཛུབ་སྟོན་སློབ་དཔོན་ཆེན་མོ། སི་ཁྲོན་ཞིང་ཆེན་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ལྷོ་ནུབ་མི་རིགས་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་གྲོས་ཚོགས་ཀྱི་ཀང་ཨོ་ཐའེ་ཕྱི་སྡོད་དང་ཕྱི་སྡོད་ཨུ་ཡོན་ལྷན་ཁང་གི་གདན་ཞུའི་ཁོངས་མི། ཀྲུང་གོ་བོད་རིག་པའི་རིག་གཞུང་ཨུ་ཡོན་ལྷན་ཁང་དང་། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཤིང་། རིག་གཞུང་ཞིབ་འཇུག་དང་བོད་རིགས་སློབ་མ་གསོ་སྐྱོང་གི་ལས་ལ་འབད་བཞིན་པའི་ཞིབ་འཇུག་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བསོད་ནམས་ཕུན་ཚོགས།
རྒྱ་ཡིག་གི་མིང་།
刘勇
སྐྱེས་ཡུལ།
རོང་བྲག་རྫོང་དགུ་བཟང་ཡུལ་བེར་ལོ།
སྐྱེས་ལོ།
སྤྱི་ལོ1966ལོ།
མི་རིགས།
བོད་རིགས།
མཐར་ཕྱིན་སློབ་གྲྭ།
སི་ཁྲོན་སློབ་ཆེན།
ཆེད་ལས།
ལོ་རྒྱུས་རིག་པ།
བསླབས་གནས།
འབུམ་རམས་པ།
1 ངོ་སྤྲོད།

ཁོ་ནི་སྤྱི་ལོ1966ལོར་རྒྱལ་མོ་ཚ་བ་རོང་གི་ཁོངས་སུ་གཏོགས་པའི་རོང་བྲག་རྫོང་དགུ་བཟང་ཡུལ་བེར་ལོ་གྲོང་པ་རུ་སྐྱེས་ཤིང་། དགུ་བཟང་ཡུལ་གྱི་སློབ་ཆུང་ནས་སློབ་མཐར་ཕྱིན་ཏེ་རོང་བྲག་རྫོང་དམའ་འབྲིང་དུ་ཞུགས།  སྤྱི་ལོ1981ལོར་དམའ་འབྲིང་སློབ་མཐར་ཕྱིན་ཞིང་། སྐབས་དེར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སི་ཁྲོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་ཡོངས་ཀྱི་ཕུལ་བྱུང་སློབ་མ་རྣམས་གཅིག་ཏུ་བསྡུས་པའི་མཐོ་འབྲིང་རིམ་པའི་འཛིན་གྲྭ་གསར་པ་ཞིག་བཙུགས་་ཡོད་པ་དེར་ཞུགས་ནས་མུ་མཐུད་དུ་སློབ་གཉེར་བྱས།  སྤྱི་ལོ1984ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རྒྱའི་སྐད་ཡིག་གི་ཆེད་ལས་ལ་རྒྱུགས་འཕྲོད་ཅིང་ལོ་ངོ་བཞིའི་རིང་རྒྱ་ཡིག་གི་རྩོམ་རིག་དང་རིག་གཞུང་གང་མང་ལ་ལྟོ་སྐྱ་གོས་ཧྲུལ་གྱིས་འབད་བརྩོན་གནང་། དངོས་གཞི་སློབ་མཐར་ཕྱིན་རྗེས་མུ་མཐུད་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དམངས་སྲོལ་རིག་པའི་ཞིབ་འཇུག་སློབ་མ་ལ་རྒྱུགས་སྤྲད་ནས་ལོ་ངོ་གསུམ་ལ་སློབ་སྦྱོང་གནང་། སྐབས་དེར་ཁོས་དམངས་སྲོལ་རིག་པའི་མཁས་དབང་ཐའོ་ལི་ཧྥན་སོགས་མཁས་ཆེན་དུ་མ་ལ་བསྟེན་ནས་རང་གི་ཆེད་ལས་དང་རིག་གཞུང་དུ་མ་སྦྱངས། སློབ་མཐར་ཕྱིན་རྗེས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ལས་བགོས་བྱས་ཏེ་རྒྱ་ཡིག་རྩོམ་འབྲིའི་སྐོར་དང་དམངས་སྲོལ་རིག་པའི་སྐོར་གྱི་སློབ་ཁྲིད་བྱས།

སྤྱི་ལོ2012ལོར་ཐའེ་ཝན་ངོགས་གཉིས་ཀྱི་རིག་ཚོགས་དང་རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་པ་དང་།  སྤྱི་ལོ2000ལོར་སི་ཁྲོན་སློབ་གྲྭ་ཆེན་མོ་རུ་ལོ་རྒྱུས་རིག་པའི་འབུམ་རམས་པ་འགྲིམས་པ་དང་། སྤྱི་ལོ2000ལོ་ནས་སྤྱི་ལོ2002ལོའི་བར་བོད་རིག་པའི་སློབ་གླིང་གི་འགན་འཛིན་གཞོན་པའི་འགན་ཁུར་ཅིང་། སྤྱི་ལོ2003ལོར་སི་ཁྲོན་སློབ་ཆེན་ནས་འབུམ་རམས་པའི་སློབ་མཐར་ཕྱིན་རྗེས་དེའི་ལོ་མཇུག་ཏུ་མི་རིགས་ཞིབ་འཇུག་གླིང་གི་འགན་འཛིན་གཞོན་པའི་འགན་ཁུར། སྤྱི་ལོ2005ལོར་ཁྲེན་ཏུའུ་གྲོང་ཁྱེར་རྩ་འཛུགས་པུའུ་ཡིས་གདན་ཞུས་ལྟར་ཏུའུ་ཅང་ཡན་དུ་ ཕྱིན་ནས་གྲོང་ཁྱེར་གྱི་འགོ་གཙོ་གཞོན་པའི་འགན་ལོ་གཉིས་ལ་ཁུར་བ་དང་། སྤྱི་ལོ2006ལོར་ཁོང་ལ་སློབ་དཔོན་ཆེན་མོའི་གོ་གནས་བསྩལ། སྤྱི་ལོ2008ལོར་སློབ་གྲྭའི་རྒྱབ་སྐྱོར་དང་རང་གི་འབད་འབུངས་ལ་བརྟེན་ནས་ཨ་རིའི་ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་ཆོས་ལུགས་རིག་པའི་ཚན་ཁག་ཏུ་སློབ་སྦྱོང་བྱེད་པའི་གོ་སྐབས་ལྡན། སྤྱི་ལོ2009ལོར་ཕྱིར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཕྱིར་ལོག་པ་དང་། སྤྱི་ལོ2015ལོའི་བར་མི་རིགས་ཞིབ་འཇུག་གླིང་གི་ཡན་ལག་ཏང་ཨུའི་ཧྲུའུ་ཅི་དང་མི་རིགས་ཚད་ལྡན་ཡིག་ཆའི་ལྟེ་གནས་ཀྱི་ཀྲུའུ་རེན། སི་ཁྲོན་མདོ་དབུས་མཐོ་སྒང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར། སྤྱི་ལོ2016ལོ་ནས་ད་ལྟའི་བར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་འགན་འཛིན་པའི་ལས་འགན་ཁུར་ཡོད།

2 བྱས་རྗེས། 

ཁོས་རིག་གཞུང་ཞིབ་འཇུག་གི་ཐད་ནས《ཤེལ་ཆུའི་འགྲམ་གྱི་འདྲ་པར》ཞེས་པ་ལས་ཐེངས་དང་པོར་སྒྲིག་གཞི་ཡོད་པའི་སྒོ་ནས་རྟའུ་རྫོང་འདྲ་པར་མ་རྒྱུད་སྤྱི་ཚོགས་ངོ་སྤྲོད་བྱས་ཡོད་པ་དང་། དེ་ལ་སི་ཁྲོན་ཞིང་ཆེན་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་བྱ་དགའ་ཨང་གསུམ་པ་ཐོབ། ཁོང་གིས་བརྩམས་བསྒྱུར་བྱས་པའི《བོད་ཀྱི་གཡུང་དྲུང་བོན་གྱི་ལེགས་བཤད་མཛོད》ལ་སི་ཁྲོན་ཞིང་ཆེན་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་རོགས་རམ་ཐོབ་པ་དང་། ཐེངས་དང་པོར་རྒྱལ་ནང་ལ་བོད་ཀྱི་གཡུང་དྲུང་བོན་གྱི་ལོ་རྒྱུས་གསུང་རབ་ངོ་སྤྲོད་ལེགས་པོ་བྱས་ཤིང་། དེ་ལ་སི་ཁྲོན་ཞིང་ཆེན་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་བྱ་དགའ་ཨང་གཉིས་པ་ཐོབ། 《བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་འགན་ནུས་དང་རིག་གནས་ཀྱི་བྱེད་ནུས》ཞེས་པར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཚན་ཞིབ་གྲུབ་འབྲས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ། 《སི་ཁྲོན་ཡུན་ནན་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དཀར་ཆག》ཅེས་པ་ལ་མཁས་དབང་དང་ཀློག་པ་པོ་དུ་མའི་བསྔགས་བརྗོད་ཐོབ་ཡོད། 《ཁྲེང་ཏུའུ་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཀྱི་ད་ཡོད་གནད་དོན་དང་དེའི་ཐད་ཀྱི་ཞིབ་འཇུག》ཅེས་པའི་བརྟག་དཔྱད་སྙན་ཞུ་རབ་དང་རིམ་པ་སྤེལ་བས། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་གི་བྱ་དགའ་ཨང་གཉིས་པ་བསྩལ། 《ཀྲུང་གོའི་ལྷོ་ནུབ་སྐམ་སའི་ས་མཚམས་ཀྱི་དམངས་འཚོའི་གནས་ཚུལ་སྐོར་གྱི་བརྟག་ཞིབ》ཞེས་པ་ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་བྱ་དགའ་ཐོབ། གཞན་ཡང《ཀྲུང་གོ་བོད་རིག་པ》དང་《ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ》སོགས་སུ་བོད་རིག་པའི་ཞིབ་འཇུག་ཐད་ཀྱི་དཔྱད་རྩོམ་དུ་མ་སྤེལ་བ་དང་།མིག་སྔར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་རྩ་ཆེན《བོད་ཡིག་གི་བསྟན་བཅོས་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་གཞི་གྲངས་ཅན་དུ་བསྒྱུར་བའི་ཞིབ་འཇུག》 《དེང་རབས་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་ཞིབ་འཇུག》《དཀར་མཛེས་ཁུལ་རྫོང་ཁག་བཅོ་བརྒྱད་ཀྱི་རི་ཆུའི་རིག་གནས་ཡོངས་བཤེར།》སོགས་ལ་གཙོ་སྐྱོང་གནང་བཞིན་ཡོད །




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-03

གསར་སྤེལ་མཁན། :བསེ་ཆང་རྡོ་རིན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།