ལྷ་བཟང་ཁང༌།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

(ཡོངས་གྲགས་སུ་རྒྱལ་པོ་ལྷ་བཟང་ཟེར)གུ་ཤྲི་ཧན་གྱི་བུ་ཆེ་བ་བསྟན་འཛིན་དྭ་ཡན་ལ་བུ་དྲུག(རཏྣ་དཱ་ལེའི་ཧན། མེ་རྒན་ནོ་ཡོན། པེ་ལི་བློ་བཟང་ཕུན་ཚོགས། དགེ་འདུན་མེ་རྒན་ནོ་ཡོན། བསོད་ནམས་མགོན་པོ། བསོད་ནམས་བཀྲ་ཤིས་བཅས་དྲུག)གི་ཆེ་བ་རཏྣ་དཱ་ལེའི་ཧན་ནམ། དཀོན་མཆོག་དྭ་ལའི་ཧན་ལ་བུ་གཉིས(བསྟན་འཛིན་དབང་རྒྱལ། ལྷ་བཟང་ཀླུ་དཔལ)ཡོད་པའི་ཆུང་བ་ལྷ་བཟང་ཀླུ་དཔལ་ལམ་ཡོངས་གྲགས་སུ་ལྷ་བཟང་ཁང་ཟེར།
1 རྒྱས་འགྲེལ།

(ཡོངས་གྲགས་སུ་རྒྱལ་པོ་ལྷ་བཟང་ཟེར)གུ་ཤྲི་ཧན་གྱི་བུ་ཆེ་བ་བསྟན་འཛིན་དྭ་ཡན་ལ་བུ་དྲུག(རཏྣ་དཱ་ལེའི་ཧན། མེ་རྒན་ནོ་ཡོན། པེ་ལི་བློ་བཟང་ཕུན་ཚོགས། དགེ་འདུན་མེ་རྒན་ནོ་ཡོན། བསོད་ནམས་མགོན་པོ། བསོད་ནམས་བཀྲ་ཤིས་བཅས་དྲུག)གི་ཆེ་བ་རཏྣ་དཱ་ལེའི་ཧན་ནམ། དཀོན་མཆོག་དྭ་ལའི་ཧན་ལ་བུ་གཉིས(བསྟན་འཛིན་དབང་རྒྱལ། ལྷ་བཟང་ཀླུ་དཔལ)ཡོད་པའི་ཆུང་བ་ལྷ་བཟང་ཀླུ་དཔལ་ལམ་ཡོངས་གྲགས་སུ་ལྷ་བཟང་ཁང་ཟེར། འདིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་མཉམ་སྦྲེལ་གྱིས་ལོ་གཉིས་ལྷག་ཙམ་དང་རང་ཉིད་རྐྱང་པས་ལོ་བཅུ་གཉིས་ཙམ་བོད་ས་གནས་ཀྱི་སྲིད་དབང་བཟུང་ཞིང༌། འདིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་མཉམ་སྦྲེལ་གྱིས་ལོ་གཉིས་ལྷག་ཙམ་དང་རང་ཉིད་རྐྱང་པས་ལོ་བཅུ་གཉིས་ཙམ་བོད་ས་གནས་ཀྱི་སྲིད་དབང་བཟུང་ཞིང༌། གཡོག་པོས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དྲུང་འཁོར་དྲག་གྲས་ཁ་ཤས་དམར་གསོད་བཏང་རྐྱེན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷ་བཟང་ལ་སྲིད་དབང་མེད་པ་བཟོས་ཏེ་འདམ་གཞུང་དུ་རྒྱང་ཕུད་བཏང༌། གོ་སྐབས་དེ་དང་བསྟུན་ནས་རྒྱལ་པོ་ལྷ་བཟང་གིས་རང་གི་མངའ་ཁོངས་འདམ་གཞུང་ཚོ་ཁག་བརྒྱད་དང༌། མཚོ་སྔོན་ནས་དམག་གྲ་བསྒྲིགས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ཚུར་རྒོལ་གྱིས་དགྲ་ཤ་ལེན་རྩིས་བྱས་ཤིང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་སོག་པོ་ཇུན་གར་རྒྱལ་པོ་དགའ་ལྡན་བསྟན་འཛིན་ལ་གསང་བའི་ཐོག་ནས་འབྲེལ་གཏུགས་བྱས་ཐོག་ཇུན་གར་གྱི་དམག་དཔུང་མཚོ་སྔོན་དུ་དྲངས་ནས་རྒྱལ་པོ་ལྷ་བཟང་ལ་ཚུར་རྒོལ་བྱེད་པ་དང་བསྟུན་ནས་བོད་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་དམག་དཔུང་བསྐུལ་ཏེ་དམག་དཔུང་ཁག་གཉིས་ཀྱི་བར་དུ་རྒྱལ་པོ་ལྷ་བཟང་གི་དམག་ཤུགས་སྐེ་བཙིར་བཏང་ནས་ལྷ་བཟང་གི་སྲིད་དབང་སྟོབས་ཤུགས་བོད་ནས་མཐར་སྐྲོད་བཏང་རྒྱུའི་ཇུས་གཞི་བཏིང༌། འོན་ཀྱང་སྐབས་དེར་ཇུན་གར་གྱི་རྒྱལ་པོ་དགའ་ལྡན་བསྟན་འཛིན་དང༌། བསྐུལ་ཏེ་དམག་དཔུང་ཁག་གཉིས་ཀྱི་བར་དུ་རྒྱལ་པོ་ལྷ་བཟང་གི་དམག་ཤུགས་སྐེ་བཙིར་བཏང་ནས་ལྷ་བཟང་གི་སྲིད་དབང་སྟོབས་ཤུགས་བོད་ནས་མཐར་སྐྲོད་བཏང་རྒྱུའི་ཇུས་གཞི་བཏིང༌། འོན་ཀྱང་སྐབས་དེར་ཇུན་གར་གྱི་རྒྱལ་པོ་དགའ་ལྡན་བསྟན་འཛིན་དང༌། ཁལ་ཁ་རྗེ་བཙུན་དམ་པ་གཉིས་བར་དམག་འཁྲུག་ལངས་ཏེ་ཇུན་གར་རྒྱལ་པོ་དགའ་ལྡན་བསྟན་འཛིན་གྱིས་རྒྱལ་པོ་ལྷ་བཟང་ལ་དམག་འདྲེན་རྒྱུའི་སྟོབས་ཤུགས་ཀྱིས་མ་ལྡང་བར་བརྟེན་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དམག་ཇུས་ཀྱི་འཆར་གཞི་སྒྲུབ་མ་ཐུབ་པ་རེད། དེར་བརྟེན་གདན་ས་སེར་འབྲས་དགེ་གསུམ་གྱིས་རྒྱལ་པོ་ལྷ་བཟང་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་དབར་འདུམ་འགྲིག་བྱས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྡེ་སྲིད་དགོངས་པ་ཞུ་རྒྱུ་དང་བོད་ས་གནས་ཀྱི་སྲིད་དབང་ཡོངས་རྫོགས་རྒྱལ་པོ་ལྷ་བཟང་གི་ལག་ཏུ་སྤྲོད་རྒྱུ་བྱས་ནས་གནས་སྐབས་རིང་འགྲིགས་ཙམ་བྱུང་ཡོད། དེའི་རྒྱུ་མཚན་ནི། གདན་ས་སེར་འབྲས་དགེ་གསུམ་གྱི་ནང་གྲྭ་པ་མང་ཆེ་བས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་དགའ་ཞེན་བྱེད་ཀྱི་ཡོད་པ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེན་པོ་ཡོད་པའི་གྲྭ་པ་ཁག་གཅིག་གི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་དགེ་ལུགས་པར་དཔལ་འབྱོར་ཐོག་ནས་ཧ་ཅང་གིས་དྲིན་ཆེན་པོ་ཡིན་ཀྱང་སེམས་ཀྱི་གཏིང་ལ་རྙིང་མའི་ཆོས་ལུགས་ལ་དད་པ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང༌། རྒྱལ་པོ་ལྷ་བཟང་ནི་དགེ་ལུགས་པར་དད་པ་ཆེ་བ་མ་ཟད། ཁོ་རང་གི་རྩ་བའི་བླ་མ་ཡང་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་དང༌། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཡིན་པར་བརྟེན་རྒྱལ་པོ་ལྷ་བཟང་ལ་དགའ་ཞེན་ཆེ་བ་ལས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་དགའ་ཞེན་བྱེད་ཀྱི་མེད་པ་དེར་ཐུག་ཡོད་དེ་རྗེས་ལྷ་བཟང་དང་། སྡེ་སྲིད་གཉིས་བར་རྩ་བའི་འགལ་བ་ཐག་གཅོད་བྱུང་མེད་སྟབས་སླར་ཡང་གོང་གསལ་ལོ་དེའི་སྟོན་ཀ་རྒྱལ་པོ་ལྷ་བཟང་གིས་དམག་དཔུང་ཁག་གཉིས་ཁྲིད་དེ་ལྷ་བཟང་རང་ཉིད་ཀྱིས་སྣེ་ཁྲིད་པའི་དམག་དཔུང་དེ་འཕན་པོ་བརྒྱུད་ནས་ལྷ་སར་ཡོང་ཞིང་། ལྷ་བཟང་གི་བཙུན་མོ་ཚེ་དབང་རྒྱལ་མོས(ཡིག་ཆ་གཞན་ནང་རྒྱལ་མོ་ཚེ་རིང་བཀྲ་ཤིས་ཞེས་པའང་སྣང)སྣེ་ཁྲིད་པའི་དམག་དཔུང་ཁག་གཅིག་སྟོད་ལུང་ཕུ་བརྒྱུད་ནས་ལྷ་སར་ཡོང་བ་དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་དམག་དཔུང་བསྡུས་ནས་རྒོལ་ལན་སློག་ཀྱང་ནུས་པ་མ་ཐོན་པར་ཕམ་ཉེས་བྱུང་། མཐར་ལྷ་ས་གཙང་པོའི་ཐོག་ཀོ་གྲུ་བཏང་ནས་ཆུ་ཤུལ་གོང་དཀར་རྫོང་དུ་བྲོས་ཤིང་། ཉིན་ཤས་སོང་མཚམས་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་སེ་འབྲས་དགེ་གསུམ་གྱི་མཁན་པོ་རྣམས་ལ་རྒྱལ་པོ་ལྷ་བཟང་གི་སར་སོང་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་སྲོག་སྐྱོན་མི་ཡོང་བའི་ངོ་ཆེན་བར་དཔང་བྱེད་དགོས་པའི་བཀའ་ཕབ་པ་ལྟར་སེ་འབྲས་དགེ་གསུམ་གྱི་མཁན་པོ་ཚོས་དེའི་སྐོར་གྲོས་བསྡུར་བྱེད་སྐབས་བསམ་འཆར་འདྲ་མིན་སྣ་ཚོགས་བྱུང་ཏེ་ཡུན་རིང་འགོར་ཞིང་མཐར་སྐབས་དེའི་འབྲས་སྤུངས་སྒོ་མང་མཁན་པོ་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་གྲོས་ཐག་བཅད་པ་ལྟར་། སེར་འབྲས་དགེ་གསུམ་གྱི་མཁན་པོ་དང་། དགའ་ལྡན་ཁྲི་པའི་སྐུ་ཚབ་བཅས་རྟ་ཐོག་ནས་སྟོད་ལུང་ཕུར་འགྲོ་མུས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རང་ཉིད་ཆུ་ཤུལ་གོང་དཀར་རྫོང་ནས་ཐོན་ཏེ་རྒྱལ་པོ་ལྷ་བཟང་གི་བཙུན་མོ་ཚེ་དབང་རྒྱལ་མོས་སྣེ་ཁྲིད་པའི་དམག་དཔུང་གི་གདོང་བསུས་ནས་མགོ་བཏགས་ཞུ་བར་སོང་ཡང་སྐབས་དེར་བར་དཔང་བྱེད་མཁན་སེར་འབྲས་དགེ་གསུམ་གྱི་མཁན་པོ་ཚོས་རྗེས་མ་ཟིན་པའི་ཐོག་བཙུན་མོ་ཚེ་དབང་རྒྱལ་མོས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མིག་གི་མཐོང་མ་ཐག་དྲི་བ་དྲི་ལན་ཙམ་ཡང་མ་བྱས་པར་མགུལ་བྲེགས་ནས་བཀྲོངས། དེ་རྗེས་ལྷ་བཟང་གིས་སྡེ་སྲིད་ཀྱི་སྲས་ངག་དབང་རིན་ཆེན་རྒྱ་ནག་ཏུ་ཕྱིར་འབུད་དང་། སྲས་གཞོན་པ་དམག་ཟོར་ཚེ་རིང་པོ་ཏ་ལའི་མདུན་ཐད་གཙང་པོའི་འགྲམ་དུ་བཀྲོངས(ས་དེར་དེའི་དྲན་གསོ་ལྟ་བུར་དམག་ཟོར་རྡོ་ཕུང་ཞེས་བཙུགས་ཡོད། )སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་པའི་ལོ་དེ་ནས་ལོ་བཅུ་གཉིས་རིང་ལྷ་བཟང་རང་ཉིད་རྐྱང་པས་སྲིད་དབང་བཟུང་ཐོག་ལྷ་བཟང་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ངོས་འཛིན་ཞུས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཡང་སྲིད་ངོ་མ་མིན་པ་དང་། ཡང་སྲིད་ངོ་མ་ཚ་བ་དཔའ་ཤོད་ནས་ཡིན་པའི་སྤྲང་པོ་ཞིག་གི་ཕྲུ་གུ་ངག་དབང་ཡེ་ཤེས་རྒྱ་མཚོ་ཟེར་བ་དེ་ཡིན་ཚུལ་སོགས་འཁོད་པའི་ཞུ་ཡིག་གོང་མ་ཁང་ཤིས་ལ་ཕུལ་བ་ལྟར་། གོང་མ་ཁང་ཤིས་ནས་བཀའ་ཕབ་སྟེ་པདྨ་རྦི་ཆའི་ཆི་སོགས་དཔོན་རིགས་ཁག་གཅིག་ལྷ་སར་ཡོང་ནས་རབ་བྱུང་བཅུ་གཉིས་པའི་མེ་ཁྱི(1706)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་པོ་ཏཱ་ལའི་ཁྲི་ཐོག་ནས་ཕབ་སྟེ་ཉིན་ཤས་རིང་ལྷ་ཀླུའི་སྤྲོ་ཁང་ནང་དུ་དོ་དམ་བཙོན་འཇུག་བྱས་དེ་སྐབས་སེར་འབྲས་དགེ་གསུམ་གྱི་གྲྭ་དམངས་དང་། མཁན་པོ། བླ་མ་སྤྲུལ་སྐུ་སོགས་ཚང་མས་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཡང་སྲིད་འཁྲུལ་མེད་ཡིན་པ་དང་། རྒྱ་ནག་ཕོ་བྲང་དུ་གདན་དྲངས་མ་དགོས་པར་འབྲས་སྤུངས་སུ་བཞུགས་མཆོག་པ་བཅས་ཀྱི་རྒྱུ་མཚན་བཤད་པ་དོན་འཁྱོལ་མ་བྱུང་བར་ཉིན་ཤས་རིང་སེར་འབྲས་གཉིས་ཀྱི་གྲྭ་པ་དང་། རྒྱལ་པོ་ལྷ་བཟང་གི་དམག་དཔུང་བར་འཁྲུག་འཛིང་བྱས་ཏེ་ལྷ་ཀླུའི་སྤྲོ་ཁང་གི་རྒྱབ་ངོས་འདམ་རའི་ནང་གྲྭ་པ་བསད་པའི་རོས་ཁེངས་པ་དང་། འབྲས་སྤུངས་དགོན་པའི་ནང་བདེ་ཡངས་གྲྭ་ཚང་དང་། སྒོ་མང་གྲྭ་ཚང་གི་རྡོ་བཅལ་ནང་གྲྭ་པ་བསད་པའི་རོ་དང་། ཁྲག་གིས་ཁེངས་པ་བྱུང་བ་རེད་འོན་ཀྱང་རྒྱལ་པོ་ལྷ་བཟང་དང་གོང་མ་ཁང་ཤིས་བོད་དུ་བཏང་བའི་དཔོན་རིགས་རྣམས་ཀྱིས་གོང་མའི་བཀའ་ལ་བསྒྱུར་བཀོད་བྱེད་ཐུབ་པའི་དབང་ཆ་ང་ཚོར་མེད་ཅེས་བཤད་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་སོག་པོའི་དམག་དཔུང་དང་གོང་མས་མངགས་པའི་དཔོན་རིགས་ཀྱི་དོ་དམ་འོག་མེས་རྒྱལ་ནང་ཁུལ་དུ་གདན་དྲངས་རྗེས་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པའི་མཚན་གནས་སུ་ངོས་འཛིན་བྱས་ཏེ་པོ་ཏ་ལའི་ཁྲི་ཐོག་ཏུ་བསྐོས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་པའི་སྡིག་བཤགས་སུ་ལྷ་བཟང་གིས་སེ་ར་ཚོགས་ཆེན་གྱི་འདུ་ཁང་གསར་རྒྱག་དང་། ལྷ་བཟང་བྱམས་པ་ཞེས་གསེར་བཟང་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་བྱོན་གཙང་སོགས་བཞེངས་ནས་སྟེང་དུ་རྒྱ་ཕིབས་གསར་བསྐྲུན་དང་། ཚོགས་ཆེན་འདུ་ཁང་རྙིང་པ་དེར་འདམ་དུ་ཡོད་པའི་གུར་ཤྲིར་ཁང་གི་ཨུར་གེ་གྲྭ་ཚང་སྤོས་ཏེ་སེར་སྔགས་གྲྭ་ཚང་ཞེས་པ་དེ་དུས་ཐོག་མར་བྱུང་འདུག ལྷ་བཟང་ཁང་རྒྱལ་ཁ་ཐོབ་སྟེ་སྡེ་སྲིད་ཀྱི་ཕ་ཁྱིམ་ཉང་བྲན་གྲོང་སྨད་གཞིས་ཀྱི་བཅའ་དངོས་རྣམས་སེ་ར་དགོན་པར་སྦྱོར་འཇགས་བྱས། ལྷ་བཟང་གིས་སྲིད་དབང་བཟུང་རིང་སྡེ་སྲིད་ཀྱི་ཕྱོགས་གཏོགས་ལྷག་མ་རྣམས་ནས་ལྷ་བཟང་ལ་འཁོན་ལན་སློག་ཆེད་ལྐོག་ཏུ་ཇུན་གར་བར་དཔུང་རོགས་བཅོལ་བ་དང་ལི་ཐང་དུ་འཁྲུངས་པའི་ཏཱ་ལའི་བླ་མའི་ཡང་སྲིད་སྐུ་འབུམ་དུ་གདན་དྲངས་ཏེ་བསྐལ་བཟང་རྒྱ་མཚོ་ཞེས་མཚན་གསོལ་སློབ་གཉེར་ཞུ་བ་སོགས་བྱས་དེ་ནས་རྒྱལ་པོ་ལྷ་བཟང་གི་བུ་ཆེ་བ་དགའ་ལྡན་བསྟན་འཛིན་ལ་མནའ་མ་ལེན་སྐབས་ལྷ་བཟང་རང་ཉིད་ཀྱི་བསམ་པར་མཚོ་སྔོན་རྒྱུད་ཀྱི་དཔོན་རིགས་ཁག་གཅིག་གི་བུ་མོའི་གྲས་ནས་བླངས་རྩིས་ཡོད་ཀྱང་བུས་མ་ཉན་པར་ཇུན་གར་གྱི་རྒྱལ་པོ་ཚེ་དབང་རབ་བརྟན་གྱི་བུ་མོ་མནའ་མར་ལེན་མ་ཐུབ་ན་རང་ཉིད་རང་སྲོག་གཅོད་རྒྱུ་ཡིན་ཚུལ་མཐར་སྐྱེལ་བྱས་རྐྱེན་བྱ་ཐབས་མ་བྱུང་བར་བུའི་འདོད་པ་ལྟར་བསྟུན་དགོས་བྱུང་ཞིང་། ཇུན་གར་རྒྱལ་པོ་ཚེ་དབང་རབ་བརྟན་གྱིས་གོ་སྐབས་དེ་དང་བསྟུན་ནས་ཐོག་མར་རང་གི་བུ་མོ་དང་རྒྱལ་པོ་ལྷ་བཟང་གི་བུ་གཉིས་ངོ་འཕྲད་བཟའ་ཚང་གཏན་འཁེལ་བྱས་མཚམས་བུ་མོ་དང་བུ་གཉིས་བོད་དུ་ཕྱིར་ལོག་བྱས་པ་དང་ཆབས་ཅིག་དམག་དཔུང་ཕོན་ཆེ་བཏང་ནས་རྒྱལ་པོ་ལྷ་བཟང་གི་སྲིད་དབང་འཕྲོག་ཐོག་བོད་ས་གནས་ཡོངས་ཀྱི་སྲིད་དབང་བཟུང་རྒྱུའི་ལྐོག་གཡོ་དྲན་ནས་རྒྱལ་པོ་ལྷ་བཟང་ལ་དེ་ལུགས་ཀྱི་ཡི་གེ་བཏང་བ་རྒྱལ་པོ་ལྷ་བཟང་གིས་མཐོང་སྐབས། རྒྱལ་པོ་ལྷ་བཟང་གིས་གོང་གསལ་ཡི་གེ་དེའི་ནང་དོན་ལ་བལྟས་ན་ལྐོག་གཡོ་ཆེན་པོ་ཞིག་ཡོད་ངེས་སྙམ་པའི་དོགས་པ་སྐྱེས་ཏེ་ཡིག་ལན་ལ་སྔོན་དུ་བུ་མོ་བོད་དུ་མནའ་མར་ཡོང་རྒྱུ་དང་། རྗེས་སུ་བུ་དང་བུ་མོ་མཉམ་དུ་ཇུན་གར་ལ་གཉེན་འཕྲད་བྱེད་པར་ཕྱིན་ན་ལུགས་དང་མཐུན་པ་འདུག་ཅེས་བཤད་། ཡིག་ལན་དེ་རྒྱལ་པོ་ཚེ་དབང་རབ་བརྟན་གྱིས་མཐོང་རྗེས་ཡང་བསྐྱར་ལྐོག་གཡོ་དྲན་ནས་རྒྱལ་པོ་ལྷ་བཟང་གིས་བཏང་བའི་ཡིག་ལན་ལྟར་། སྔོན་དུ་བུ་མོ་ལྷ་སར་བཏང་བ་དང་ཆབས་ཅིག་སྐུ་སྲུང་ཡིན་ཁུལ་གྱི་རྟ་དམག་སྟོང་ཕྲག་ཁ་ཤས་གཏོང་རྒྱུ་དང་། ལྐོག་ཏུ་ཤིན་ཅང་བརྒྱུད་ནས་མངའ་རིས་བསྐོར་ཏེ་རྟ་དམག་སྟོང་ཕྲག་ཁ་ཤས་ཉིན་མོ་གབ་ནས་མཚན་མོ་འགྲུལ་བསྐྱོད་བྱས་ཏེ་བུ་མོ་འདམ་གཞུང་དུ་སླེབས་དུས་དམག་དཔུང་ཁག་གཉིས་མཉམ་འཛོམས་བྱས་ཐོག་གློ་བུར་དུ་རྒྱལ་པོ་ལྷ་བཟང་ལ་ཕར་རྒོལ་གྱིས་དམག་དྲངས་ནས་རྒྱལ་ཁ་ལོན་ཐུབ་བསམ་པའི་གདེངས་ཚོད་བྱུང་ཏེ་བཀོད་སྒྲིག་དེ་ལྟར་བྱས་ནས་གདུགས་དཀར་ཇའི་སང་སོགས་དམག་དཔོན་ལྔས་སྣེ་ཁྲིད་པའི་རྟ་དམག་དྲུག་སྟོང་ལྷག་ཙམ་མེ་བྱ(1717)ལོར་འདམ་གཞུང་དུ་འབྱོར་ཞིང་། དེའི་བར་ཇུན་གར་གྱི་དམག་དཔུང་ལ་བོད་ཀྱི་མི་དམངས་ནས་རྒོལ་ལན་སློག་མཁན་མ་བྱུང་བ་རེད་། དེའི་རྒྱུ་མཚན་ནི་། ཇུན་གར་གྱི་དམག་དཔུང་བོད་ས་གནས་སུ་འབྱོར་སྐབས་ཕྱོགས་གཅིག་ནས་ཞིང་འབྲོག་མི་དམངས་ལ་དཔལ་འབྱོར་ཐོག་ནས་སྐྱོབ་གསོའི་དངུལ་ཧ་ཅང་མང་པོ་སྤྲད་པ་དང་། ཕྱོགས་གཅིག་ནས་ང་ཚོ་ཇུན་གར་བ་ནི་དགེ་ལུགས་པའི་ཆོས་ལ་སྲུང་སྐྱོབ་བྱེད་མཁན་ཡིན་པ་མ་ཟད། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དེང་སང་སྐུ་འབུམ་དུ་བཞུགས་ཡོད་པ་བོད་དུ་གདན་འདྲེན་ཞུས་ཏེ་པོ་ཏ་ལའི་གསེར་ཁྲིའི་ཐོག་བསྐོས་རྒྱུའི་སྐུ་སྲུང་དམག་དཔུང་ཡིན་པས་ཁྱེད་ཚོ་བོད་ཀྱི་མི་དམངས་རྣམས་ང་ཚོར་དོགས་པ་གང་ཡང་བྱེད་མི་དགོས་ཞེས་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་སྟབས་བོད་ས་གནས་ཀྱི་མཐོ་རིམ་དཔོན་རིགས་དང༌། རྒྱུ་ལས་མཐར་ཐབས་མེད་པར་ཤེས་ནས་བུ་ཆེ་བ་དགའ་ལྡན་བསྟན་འཛིན(ཇུན་གར་གྱི་བུ་མོའི་མག་པ)དང༌། བུ་འབྲིང་བ་སུར་ཚ་གཉིས་ལ་ཁ་ཆེམས་བཞག་དོན་དུ་ཁྱོད་རང་གཉིས་བརྫུན་ཆས་སྤྲས་ནས་མཚོ་སྔོན་དུ་བྲོས་ཐོག་གོ་སྐབས་བྱུང་ན་གོང་མ་ཆེན་པོར་སྐྱབས་བཅོལ་ཞུ་བར་འགྲོ་དགོས་ཞེས་མངགས་ཏེ་པོ་ཏ་ལའི་ལྟག་སྒོ་ནས་ཆུ་ལེན་མཁན་གཡོག་མོའི་ཆས་སུ་བརྫུས་ཏེ་ཐར་ཡང༌། རྒྱ་ཆེའི་མང་ཚོགས་རྣམས་ཇུན་གར་བའི་མགོ་བསྐོར་སླུ་ཁྲིད་འོག་ཚུད་ནས་ཇུན་གར་བའི་དམག་དཔུང་གིས་གློ་བུར་ཚུར་རྒོལ་བྱས་པར་གྲ་སྒྲིག་གང་ཡང་བྱེད་རྒྱུ་མ་བྱུང་རྐྱེན་ཇུན་གར་བའི་དམག་དཔུང་གི་གློ་བུར་འཇབ་རྒོལ་ལ་རྒོལ་ལན་སློག་ཀྱང་ནུས་པ་གང་ཡང་མ་ཐོན་པར་ཇུན་གར་གྱི་དམག་དཔུང་ལྷ་སར་ཤོར་ནས་པོ་ཏ་ལའི་ཕོ་བྲང་དང༌། ལྷ་ས་གྲོང་ཁྱེར་གྱི་མཐའ་ཡོངས་སུ་བསྐོར་བ་རེད། རྒྱལ་པོ་ལྷ་བཟང་གིས་ཟླ་བ་གཅིག་ལྷག་ཙམ་རིང་པོ་ཏ་ལའི་ཕོ་བྲང་ནང་རང་སྲུང་བྱས་ཏེ་བསྡད་ཀྱང་མཐར་ཇུན་གར་བའི་དམག་དཔུང་གིས་ཆུ་བཀག་བཏང་བའི་རྐྱེན་གྱིས་མཐར་རབ་བྱུང་བཅུ་གཉིས་པའི་མེ་བྱ(1717)ལོའི་བོད་ཟླ11ཚེས1ཉིན་རྒྱལ་པོ་ལྷ་བཟང་གིས་རང་ཉིད་ཕམ་ཉེས་ཡོངས་མཚོ་སྔོན་ནས་བོད་ས་གནས་བར་ལམ་བར་གྱི་ཡིག་འགྲུལ་དང༌། འགྲུལ་པ་འགྲོ་འོང་རྣམས་ཇུན་གར་བས་བཀག་སྡོམ་ཟིན་པ་དང༌། ས་མཚམས་གལ་ཆེ་སར་སོ་དམག་བཞག་ཡོད་པའི་རྐྱེན་གྱིས་བུ་གཉིས་ཀ་སོ་དམག་གིས་འཛིན་བཟུང་བྱས་ཏེ་ཇུན་གར་དུ་ཁྲིད་ཅིང༌། ལམ་ཐོག་ནས་བུ་འབྲིང་བ་སུར་ཚ་ཆུས་འཁྱེར་ནས་ཤི། བུ་ཆེ་བ་ཇུན་གར་གྱི་བུ་མོའི་མག་པ་ཡིན་པ་དེ་བཞིན་ཇུན་གར་དུ་སླེབས་མ་ཐག་ཟངས་ཀྱི་སྒམ་ནང་དུ་བླུགས་ནས་གསོན་པོར་མེར་བསྲེགས་བཏང་། རྒྱལ་པོ་ལྷ་བཟང་ཡང་གོང་གསལ་ཚེས1ཉིན་སོག་པོ་བློ་བཟང་ཆོས་འཕེལ་གཡོག་པོར་ཁྲིད་དེ་ཁོ་རང་དང་མཉམ་དུ་མི་གཞན་དག་སུ་ཡང་ཡོང་དུ་མི་འཇུག་པར་ངོ་གཡོག་གཉིས་ཁེར་རྐྱང་གིས་པོ་ཏ་ལའི་ཤར་སྒོ་ནས་ཐོན་ཏེ་ཀླུ་སྦུག་ཟམ་པའི་འགྲམ་དུ་སླེབས་མཚམས་ཇུན་གར་གྱི་རྟ་དམག་མི་བཅུ་ལྷག་ཙམ་ཚུར་ཡོང་བ་དང་སྟབས་འཁེལ་ནས་ཕན་ཚུན་མདའ་གྲི་མདུང་གསུམ་གཡུགས་རེས་ཀྱིས་ལག་འཛིང་ཡུན་རིང་བྱས་ཏེ་རྒྱལ་པོ་དཔོན་གཡོག་གཉིས་ཀྱིས་སོག་པོ་ཇུན་གར་བའི་དམག་མི་བཅུ་ལྷག་ཙམ་སྲོག་ཐོག་ཏུ་བཏང་ཐུབ་པ་བྱུང་ཡང་མཐར་དམག་མི་དཔུང་སྣོན་སླེབས་པ་དང༌། རང་ཉིད་ཀྱང་མཚོན་ཆའི་ནུས་པ་ཟད་ནས་རྒྱལ་པོ་དཔོན་གཡོག་གཉིས་ཇུན་གར་གྱི་དམག་མི་མང་པོས་གྲི་རུབ་བྱས་ཏེ་བསད། དེའི་སང་ཉིན་ནས་སོག་པོ་ཇུན་གར་གྱིས་བོད་ལ་དབང་བསྒྱུར་བྱེད་པའི་འགོ་ཚུགས་པ་དང༌། གུ་ཤི་ཧན་གྱི་མི་རྒྱུད་ཀྱིས་བོད་དུ་དབང་ཆ་འཛིན་པ་འཇུག་སྒྲིལ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-27

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།