གསང་བ་ཆོས་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

1.བཙན་པོའི་དུས་སྐབས་སུ་བོད་ས་གནས་ཀྱི་མི་དམངས་ཚང་མས་བོན་ཆོས་ལ་དད་པ་བྱེད་ཀྱི་ཡོད་པ་དེ་རྣམས་སེམས་དགའ་བའི་ཆེད་དུ་ཆོས་ཀྱི་གླེགས་བམ་དང༌། གཟུངས་སྔགས་བསྐོས་ཕོར་སོགས་གནམ་ནས་བབས་པ་རེད་ཅེས་པའི་བཤད་ཚུལ་ཡོངས་བསྒྲགས་བྱེད་དགོས་བྱུང་བ་ནི་ཕྱི་ཙམ་དང༌། དོན་དངོས་སུ་པཎྜི་ཏ་བློ་སེམས་འཚོས་བ་སྣམས་ཕེབས་ཏེ་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་ལ་ཕུལ་བའི་ནང་པ་སངས་རྒྱས་པའི་ཆོས་ཡིན་ཀྱང་དེ་གནས་ཚུལ་ངོ་མ་བོན་པོ་རྣམས་དང༌། མང་ཚོགས་ལ་ཁྱབ་བསྒྲགས་བྱེད་མི་རུང་བའི་སངས་རྒྱས་ཆོས་ལུགས་ཀྱི་གསང་བ་ཡིན་པའི་དོན། 2.བོན་པོའི་ཆོས་ལུགས་ཀྱི་བཤད་སྲོལ་དུ་ཡོད་པའི་རྒྱལ་པོ་གཉའ་ཁྲི་བཙན་པོའི་ལོ་རྒྱུས་ནང་རྒྱལ་པོ་གཉའ་ཁྲི་བཙན་པོ་དེ་ལྷ་ཡུལ་ནས་འོངས་པ་དང༌། གནམ་ནས་བབས་པ་ཡིན་ཟེར།
1 རྒྱས་འགྲེལ།

1.བཙན་པོའི་དུས་སྐབས་སུ་བོད་ས་གནས་ཀྱི་མི་དམངས་ཚང་མས་བོན་ཆོས་ལ་དད་པ་བྱེད་ཀྱི་ཡོད་པ་དེ་རྣམས་སེམས་དགའ་བའི་ཆེད་དུ་ཆོས་ཀྱི་གླེགས་བམ་དང༌། གཟུངས་སྔགས་བསྐོས་ཕོར་སོགས་གནམ་ནས་བབས་པ་རེད་ཅེས་པའི་བཤད་ཚུལ་ཡོངས་བསྒྲགས་བྱེད་དགོས་བྱུང་བ་ནི་ཕྱི་ཙམ་དང༌། དོན་དངོས་སུ་པཎྜི་ཏ་བློ་སེམས་འཚོས་བ་སྣམས་ཕེབས་ཏེ་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་ལ་ཕུལ་བའི་ནང་པ་སངས་རྒྱས་པའི་ཆོས་ཡིན་ཀྱང་དེ་གནས་ཚུལ་ངོ་མ་བོན་པོ་རྣམས་དང༌། མང་ཚོགས་ལ་ཁྱབ་བསྒྲགས་བྱེད་མི་རུང་བའི་སངས་རྒྱས་ཆོས་ལུགས་ཀྱི་གསང་བ་ཡིན་པའི་དོན། 2.བོན་པོའི་ཆོས་ལུགས་ཀྱི་བཤད་སྲོལ་དུ་ཡོད་པའི་རྒྱལ་པོ་གཉའ་ཁྲི་བཙན་པོའི་ལོ་རྒྱུས་ནང་རྒྱལ་པོ་གཉའ་ཁྲི་བཙན་པོ་དེ་ལྷ་ཡུལ་ནས་འོངས་པ་དང༌། གནམ་ནས་བབས་པ་ཡིན་ཟེར་བ་ལས། རྒྱ་གར་ནས་འོངས་པའི་བཤད་ཚུལ་དེ་འདྲ་བཀོད་མེད་ཀྱང《བཀའ་ཆེམས་ཀ་ཁོལ་མ》དང《འཇམ་དཔལ་རྩ་རྒྱུད》གཉིས་ཀྱི་ནང་རྒྱལ་པོ་གཉའ་ཁྲི་བཙན་པོ་དེ་ཤཱཀྱ་མུ་ནེ་དང་རུས་རྒྱུད་གཅིག་ཡིན་པ་སོགས་ཀྱི་བཤད་ཚུལ་ཡོད་པས་དེ་ལྟར་ཁས་ལེན་བྱས་ན། བོད་ཀྱི་རྒྱལ་པོའི་ཐོག་མ་དེ་རྒྱ་གར་བ་ཡིན་པ་ལས་བོད་མི་མིན་པར་ཁས་ལེན་དགོས་པ་དང༌། ཡོངས་གྲགས་ཀྱི་བཤད་ཚུལ་དེ་ཁས་ལེན་མ་བྱས་ན། རྒྱལ་རབས་སྤྱིའི་བཤད་ཚུལ་ལྟར་མི་རིགས་རང་རང་སོ་སོའི་ཐོག་མའི་རྒྱལ་པོ་དེ་རུས་རྒྱུད་ཁྱད་པར་ཅན་ཞིག་ཡིན་པའི་བརྗོད་ཐབས་མི་རྙེད་པ་ལྟ་བུའི་དོགས་གནད་ཡོད་པའི་གནད་ཀྱིས་གསང་བ་ཆོས་ལུགས་ཀྱི་བཤད་ཚུལ་ཞེས་གསུངས་པ་མིན་ནམ་སྙམ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-27

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།