བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།
བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ཞེས་པའི་དཔེ་དེབ་འདིར་བསྡོམས་པས་ཡིག་གྲངས་ཁྲི་ཚོ་ལྔ་བཅུ་ལྷག་དང་ལྷ་སྐུའི་རི་མོ་ཁྱོན་བསྡོམས་ཆིག་སྟོང་ཉིས་བརྒྱ་དྲུག་ཅུ་རྩ་ལྷག་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ།
རྒྱ་ཡིག་གི་མིང་།
藏传佛教神明大全
རྩོམ་སྒྲིག་པ།
འཇིགས་མེད་ཆོས་ཀྱི་རྡོ་རྗེ།
ཇུས་འགོད་པ།
སངས་རྒྱས། རིན་ཆེན་དོན་གྲུབ།
ལྷ་རིས་པ།
ཤ་བོ་ཚེ་རིང་། དོན་གྲུབ་རྒྱལ་སོགས།
རྩོམ་སྒྲིག་འགན་འཁུར་པ།
རིན་ཆེན་དོན་གྲུབ།
དེབ་གཞི་འཆར་འགོད་པ།
ཚེ་གོ།
དཔར་སྐྲུན་འགན་ལེན་པ།
ཡིའུ་ཆིའུ་ཧྭ།
དཔེ་སྐྲུན།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
1 ངོ་སྤྲོད་མདོར་བསྡུས།

བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ཞེས་པའི་དཔེ་དེབ་འདི་ནི་སྡེ་ཚན་ཆེན་མོ་གྱ་གཉིས་ལྷག་དང་ཡིག་གྲངས་ཁྲི་ཚོ་ལྔ་བཅུ་ལྷག ལྷ་སྐུའི་རི་མོ་ཆིག་སྟོང་ཉིས་བརྒྱ་དྲུག་ཅུ་རྩ་ལྷག་གྲུབ་པའི་བོད་ནང་བསྟན་ལ་རྒྱས་ལོན་དང་ཞིབ་འཇུག་བྱེད་པར་ཉེ་བར་མཁོ་བའི་ལྡེ་མིག་ལྟ་བུ་ཞིག་རེད། 

2 སྡེ་ཚན་ཆེན་མོ་གྱ་གཉིས།

ཕྱི་སྣོད་ཀྱི་འཇིག་རྟེན་ཁམས། སྣོད་བཅུད་དང་ལམ་འབྲས། རྒྱུད་སྡེ་སྤྱི་ལ་མཁོ་བའི་ཤེས་བྱ། སངས་རྒྱས་ཀྱི་སྐུའི་རྣམ་པ། སྦྱོར་བའི་ཆོས་སྐོར། བྱེ་བྲག་ལྷའི་ཚོགས་རྒྱས་པར་བསྟན་པ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། སྟོན་པ་ཤཱཀྱ་ཐུབ་པའི་མཛད་པ། སྟོན་པའི་འཁོར་གྱི་ཚོགས། འཛམ་གླིང་རྒྱན་དྲུག་མཆོག་གཉིས་སོགས། བོད་ཀྱི་རྒྱལ་བློན་བསྟན་གྱི་སྐོར། རིགས་ཀུན་གྱི་བདག་པོ་རྡོ་རྗེ་འཆང་གི་ལྷ་ཚོགས། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ལྷ་ཚོགས། མ་རྒྱུད་བྱིན་རླབས་ཅན་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས། རྒྱུད་གཉིས་ཀྱི་ཟབ་གནད་ཀུན་འདུས་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས། རྒྱུད་ཀྱི་སྙིང་པོ་ཀྱེ་རྡོ་རྗེའི་ལྷ་ཚོགས། སྙིང་པོ་མ་ཧཱ་མ་ཡའི་ལྷ་ཚོགས། སངས་རྒྱས་ཐོད་པའི་ལྷ་ཚོགས། རྣལ་འབྱོར་ནམ་མཁའི་ལྷ་ཚོགས། རྣལ་འབྱོར་ངན་སོང་སྦྱོང་བ་ཀུན་རིག་གི་ལྷ་ཚོགས། རྡོར་དབྱངས་ཀྱི་ལྷ་ཚོགས། སྤྱོད་རྒྱུད་མངོན་བྱང་གི་ལྷ་ཚོགས། དེ་བཞིན་བཤེགས་པ་ཞི་རྣམ་ཅན་གྱི་ལྷ་ཚོགས། དེ་བཞིན་བཤེགས་ལྷ་སོ་ལྔའི་ལྷ་ཚོགས། རྗེ་བཙུན་བྱམས་པའི་ལྷ་ཚོགས། དམ་ཚིག་གསུམ་བཀོད་ཀྱི་ལྷ་ཚོགས། སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས། འཕགས་པ་དོན་ཡོད་ཞགས་པའི་ལྷ་ཚོགས། ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ལྷ་ཚོགས། མཐུ་སྟོབས་ཀྱི་ལྷ་རྗེ་བཙུན་གསང་བའི་བདག་པོའི་ལྷ་ཚོགས། འཕྲིན་ལས་མྱུར་བའི་ལྷ་རྗེ་བཙུན་འཕགས་མ་སྒྲོལ་མའི་ལྷ་ཚོགས། མཆོག་གྲུབ་པའི་ལྷ་རྒྱལ་བའི་ཡུམ་གྱི་ལྷ་ཚོགས། དབང་གི་ལྷ་རིག་བྱེད་མའི་ལྷ་ཚོགས། ཤེས་རབ་མྱུར་བའི་ལྷ་དབྱངས་ཅན་མའི་ལྷ་ཚོགས། ཚེའི་དངོས་གྲུབ་སྩོལ་བ་ཚེ་དཔག་མེད་པའི་ལྷ་ཚོགས། ཚེ་དང་ཡེ་ཤེས་སྤེལ་བའི་ལྷ་རྣམ་པར་རྒྱལ་མའི་ལྷ་ཚོགས། གདོན་བགེགས་ཚར་གཅོད་པའི་ལྷ་རྟ་མཆོག་རོལ་བའི་ལྷ་ཚོགས། ཀླུ་རིགས་ཀྱི་གནོད་པ་འཇོམས་པའི་ལྷ་ཡེ་ཤེས་ཁྱུང་གི་ལྷ་ཚོགས། གཙུག་ཏོར་གདུགས་དཀར་གྱི་ལྷ་ཚོགས། འཕགས་མ་འོད་ཟེར་ཅན་མའི་ལྷ་ཚོགས། བྱད་ཕུར་ངན་སྔགས་ཟློག་པའི་ལྷ་སེངྒེའི་གདོང་ཅན་གྱི་ལྷ་ཚོགས། རིམས་ནད་སེལ་བའི་ལྷ་ལོ་གྱོན་མའི་ལྷ་ཚོགས། གྲིབ་དང་མི་གཙང་བ་སྲུང་བའི་ལྷ་རྡོ་རྗེ་རྣམ་འཇོམས་དང་སྨེ་བརྩེགས་ཀྱི་ལྷ་ཚོགས། འཕགས་པ་མི་གཡོ་བའི་ལྷ་ཚོགས། ས་བཅུད་དང་ཀླུ་ནད་སོགས་གསོ་བའི་ལྷ་བཅོམ་ལྡན་འདས་ཀླུ་དབང་རྒྱལ་པོའི་ལྷ་ཚོགས། སྙིགས་མའི་མགོན་པོ་སངས་རྒྱས་སྨན་བླའི་ལྷ་ཚོགས། སྲུང་མའི་ལྷ་མོ་ལྔའི་ལྷ་ཚོགས། ནོར་དང་འབྱོར་བ་སྤེལ་བའི་ལྷ་མོ་ནོར་རྒྱུན་མའི་ལྷ་ཚོགས། ཟབ་མོ་གཅོད་ཀྱི་ལྷ་ཚོགས། དྲག་པོའི་ལས་སྣ་ཚོགས་སྒྲུབ་པའི་ཁྲོ་བོའི་ལྷ་ཚོགས། ལས་སྣ་ཚོགས་སྒྲུབ་པའི་ལྷ་མོའི་སྐོར། གསང་སྔགས་རྙིང་མའི་ལྷ་ཚོགས། རྒྱ་གར་གྲུབ་ཆེན་གྱ་བཞིའི་སྐོར། ནོར་བདག་ཛམབྷ་ལའི་སྐོར། ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ལྷ་ཚོགས། ཡེ་ཤེས་ཀྱི་མགོན་པོའི་སྐོར། བསྟན་སྲུང་ཀུན་གྱི་སྡེ་དཔོན་མགོན་པོ་གུར་གྱི་སྐོར། ལེགས་ལྡན་མ་ཧཱ་ཀ་ལའི་སྐོར། སྟོབས་འཕྲོག་ནག་པོ་མགོན་པོ་ཞལ་བཞི་བའི་སྐོར། དགེ་སྡིག་ཤན་འབྱེད་དམ་ཅན་ཆོས་ཀྱི་རྒྱལ་པོའི་སྐོར། ཚུལ་ཁྲིམས་ཀྱི་བསླབ་པའི་སྲུང་མ་རྣམ་སྲས་ཀྱི་སྐོར། འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོའི་སྐོར། བཀྲ་ཤིས་ཚེ་རིང་མཆེད་ལྔའི་སྐོར། བརྟན་མ་བཅུ་གཉིས་ཀྱི་སྐོར། ལྷ་ཆེན་ཚོགས་ཀྱི་བདག་པོའི་སྐོར། སྲུང་མ་དྲག་རྩལ་ཅན་གྱི་སྐོར། ཆོས་སྐྱོང་དྲེགས་པ་ལྕམ་སྲིང་། ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། རྒྱལ་པོ་སྐུ་ལྔ། དམ་ཅན་སྐྱེས་བུ་ཆེན་པོ། རྒྱལ་ཆེན་སྡེ་བཞི། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་བཞེངས་པའི་སྐོར། ཐུན་མོང་རིག་གནས་ཀྱི་སྐོར། ཐུགས་རྟེན་མཆོད་རྟེན་བཞེངས་པའི་སྐོར། དགེ་སློང་གི་འཚོ་བའི་ཡོ་བྱད་ཀྱི་སྐོར། སྔགས་ཀྱི་དམ་རྫས་སྐོར། ཁྲོ་བོའི་རྒྱན་ཆས་ཀྱི་སྐོར། མཆོད་པའི་སྐོར། འཇིག་རྟེན་པའི་ལྷའི་སྐོར། གཙང་རིས་ཀྱི་དཔལ་མགོན་དོན་ལྔའི་སྐོར། གཟུགས་སྔགས་ཁྱད་པར་ཅན་གྱི་སྐོར། བསྔོ་སྨོན། ཡུལ་ལྷ་གཞི་བདག རིགས་ལྡན་དྲག་པོ་འཁོར་ལོ་ཅན་སོགས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-26

གསར་སྤེལ་མཁན། :མཐོ་སྒང་གི་མེལ་ཚེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།