ཡུལ་ཡར་མོའི་ལུང༌།
(ཡུལ་ཡར་ལུང)ཡར་ཆབ་གཙང་པོ་འབབ་པའི་རྒྱུད་ཀྱི་ཡུལ་ལུང་སྟེ། བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། སྔར་བོད་ཀྱི་མིའི་མེས་པོ་སྤྲེའུ་དང་སྤྲ་རིགས་རྣམས་འདུས་པའི་ཡུལ་ཡིན་པ་དང༌། བོད་མི་འཕེལ་རྒྱས་ཐོག་མར་བྱུང་བའི་གནས་དང༌། རྗེས་སུ་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་སུམ་ཅུ་སོ་གཉིས་རིང་སྲིད་དབང་བཟུང་བའི་གནས་དང༌། དེ་རྗེས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་ཏེ་རབ་བྱུང་གི་སྡེ་བཙུགས་ཤིང༌། སངས་རྒྱས་ཆོས་ལུགས་དར་རྒྱས་སུ་མཛད་པའི་གནས་ཡིན་པས་ཡར་ལུང་ནི་བོད་ཀྱི་ལོ་རྒྱུས་ཐོག་གལ་ཆེའི་གོ་གནས་བཟུང་བའི་ས་ཆ་ཞིག་ཡིན།
དཀར་ཆག
1
རྒྱས་འགྲེལ།
(ཡུལ་ཡར་ལུང)ཡར་ཆབ་གཙང་པོ་འབབ་པའི་རྒྱུད་ཀྱི་ཡུལ་ལུང་སྟེ། བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། སྔར་བོད་ཀྱི་མིའི་མེས་པོ་སྤྲེའུ་དང་སྤྲ་རིགས་རྣམས་འདུས་པའི་ཡུལ་ཡིན་པ་དང༌། བོད་མི་འཕེལ་རྒྱས་ཐོག་མར་བྱུང་བའི་གནས་དང༌། རྗེས་སུ་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་སུམ་ཅུ་སོ་གཉིས་རིང་སྲིད་དབང་བཟུང་བའི་གནས་དང༌། དེ་རྗེས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་ཏེ་རབ་བྱུང་གི་སྡེ་བཙུགས་ཤིང༌། སངས་རྒྱས་ཆོས་ལུགས་དར་རྒྱས་སུ་མཛད་པའི་གནས་ཡིན་པས་ཡར་ལུང་ནི་བོད་ཀྱི་ལོ་རྒྱུས་ཐོག་གལ་ཆེའི་གོ་གནས་བཟུང་བའི་ས་ཆ་ཞིག་ཡིན། གཞན་ཡང་ཡུལ་འདི་ལ་ད་དུང་ཡར་ཀླུང་དང༌། ཡར་ལུངས། ཡར་ཀླུངས་སོགས་འབྲི་ཚུལ་མི་འདྲ་བ་འགའ་ཞིག་སྣང༌།
དཔྱད་གཞིའི་ཡིག་ཆ།
བརྡ་འགྲེལ་གདོང་འཛར།
སྡུད་པ།
འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2018-04-10
གསར་སྤེལ་མཁན། :འཕགས་མོ་རིན་ཆེན།
བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།