རྔ་བ་ཁུལ་གྱི་ས་གཤིས་དང་ས་ངོས་ཆགས་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྔ་བ་ཁུལ་ས་ཁོངས་ཀྱི་ས་གཤིས་ཆགས་ཚུལ་སྤྱིའི་རྣམ་པ་ནི་སི་ཁྲོན་ཞིང་ཆེན་ནུབ་ཕྱོགས་ཀྱི་ས་གཞོང་ཁོངས་སུ་གཏོགས་པར་མ་ཟད། ཤར་ཕྱོགས་ཀྱི་འབུར་ཐང་ས་ཁུལ་དང་ནུབ་ཕྱོགས་ཀྱི་ས་གཞོང་ས་ཁུལ་གཉིས་ཀྱི་སྐས་རིམ་བར་བརྒལ་ས་ཁུལ་ཏེ་ལུང་མོན་རི་བོའི་ལྟེབ་རེས་ས་ཁུལ་དུ་གནས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྔ་བ་ཁུལ་གྱི་ས་གཤིས་དང་ས་ངོས་ཆགས་ཚུལ།
རྒྱ་ཡིག་གི་མིང་།
阿坝州地质
ཁྱད་ཆོས།
རྔ་བ་ཁུལ་གྱི་ས་གཤིས་དང་ས་ངོས་ཆགས་ཚུལ་སྤྱིའི་རྣམ་པ་ནི་སི་ཁྲོན་ཞིང་ཆེན་ནུབ་ཕྱོགས་ཀྱི་ས་གཞོང་ཁོངས་སུ་གཏོགས་པར་མ་ཟད། ཤར་ཕྱོགས་ཀྱི་འབུར་ཐང་ས་ཁུལ་དང་ནུབ་ཕྱོགས་ཀྱི་ས་གཞོང་ས་ཁུལ་གཉིས་ཀྱི་སྐས་རིམ་བར་བརྒལ་ས་ཁུལ་ཏེ་ལུང་མོན་ཧྲན་རི་བོའི་ལྟེབ་རེས་ས་ཁུལ་དུ་གནས།
ས་གནས།
སི་ཁྲོན་རྔ་བ་ཁུལ།
1 རྔ་བ་ཁུལ་གྱི་ས་གཤིས། 

རྔ་བ་ཁུལ་ས་ཁོངས་ཀྱི་ས་གཤིས་ཆགས་ཚུལ་སྤྱིའི་རྣམ་པ་ནི་སི་ཁྲོན་ཞིང་ཆེན་ནུབ་ཕྱོགས་ཀྱི་ས་གཞོང་ཁོངས་སུ་གཏོགས་པར་མ་ཟད།  ཤར་ཕྱོགས་ཀྱི་འབུར་ཐང་ས་ཁུལ་དང་ནུབ་ཕྱོགས་ཀྱི་ས་གཞོང་ས་ཁུལ་གཉིས་ཀྱི་སྐས་རིམ་བར་བརྒལ་ས་ཁུལ་ཏེ་ལུང་མོན་ཧྲན་རི་བོའི་ལྟེབ་རེས་ས་ཁུལ་དུ་གནས།  དེའི་ཆགས་ཚུལ་སྡེ་ཚན་ནི་ལུང་མོན་ཧྲན་རི་བོའི་ལྟེབ་རེས་ས་ཁུལ་མ་ཟད།  གཙོ་བོ་མཛོད་དགེ་ལྷ་མོ་དང་། གཟི་རྩ་སྡེ་དགུའི་ནན་ཕིང་གི་རྒྱབ་ཕྱོགས་གསེག་ཡོད་པ་སྤོ་དཀར་།  ལུང་མོན་ཧྲན་རི་བོའི་ལྟེབ་རེས་ས་ཁུལ་གྱི་ནུབ་ཟུར་ཏེ་ཝུན་ཁྲོན་རྫོང་གི་ཀྲུང་ཐན་པའོ་ནས་ལིས་རྫོང་གི་ཞུའེ་ཁྲེན་བར་གྱི་ཕིང་ཝུའུ་ཅིན་ཐང་རྒྱབ་ཕྱོགས་གསེག་ཡོད་ཅིང་།  སྤོ་དཀར་ལ་དང་དེའི་ནུབ་ཀྱི་མཛོད་དགེ་ཕྱོགས་སུ་ཆེ་གསེག་ཡིན།  དེའི་ནང་དུ།  མཛོད་དགེར་གསེག་པའི་རྒྱ་ཁྱོན་ནི་ཁུལ་ཡོངས་ཀྱི་རྒྱ་ཁྱོན་གྱི60%~65%ཟིན།  ཁུལ་ཡོངས་ཀྱི་ཆགས་ཚུལ་མ་ལག་སྟེ།  སྤྱི་ཁྱབ་ཏུ་གཞུ་ཐིག་ཆེན་པོའི་མགོ་བོ་ལྷོ་ཕྱོགས་སུ་གཏད་པ་དང་།  ཆ་འགྲིག་མ་ཡིན་པའི་གཞུ་དབྱིབས་ཤིག་ཀྱང་ཡིན།  

2 རྔ་བ་ཁུལ་གྱི་ས་ངོས།

རྔ་བ་ཁུལ་གྱི་ས་ངོས་ས་ཁོངས་ཀྱི་དབྱེ་མཚམས་གསལ་བོ་ཡིན་ཏེ།  ཕལ་ཆེར་མྱག་ལོ་དང་རྡོ་ཁ། ཙི་མུ་ལི།  ཀྲེང་ཅང་ཀེན་བཅས་ཀྱི་ས་ཐད་ལ་དབྱེ་མཚམས་ཤིག་ཡིན།   བྱང་ཕྱོགས་ནི་རི་མཐོ་གཡང་གཟར་དེ་མཐོ་སྒང་ངོས་སུ་བར་བརྒལ་གྱི་རི་ཐང་ས་ཁུལ་ཡིན་ལ།  ཆུ་མགོའི་ས་ཁོངས་སུ་ཡང་གཏོགས།  རི་ཁུལ་གྱི་གཟར་ཚད་ཕལ་ཆེར་ཏུའུ30~40བར་དང་།  མཐོ་དམའ་ཕལ་ཆེར་སྨི200~400བར་ཡིན་ཞིང་།  ཆུ་ལུང་ཕལ་ཆེརuཡིག་གི་བཟོ་དབྱིབས་བཞིན་དུ་ཆགས།  ཆུ་བཞུར་སའི་ཞེང་ཚད་སྨི200~500བར་ཡིན་ལ་གཅོད་གཏུབ་གཟར་མོ་བྱས་མེད།    ལྷོ་ཕྱོགས་ནི་རི་མཐོ་གཡང་གཟར་གྱི་ས་ཁུལ་ཡིན།  རི་ལུང་གི་མཐོ་ཚད་སྨི1000~2000ཡན་ཆད་ཡིན་ཞིང་།  ལུང་བའི་གཟར་ཚད་ཏུའུ40~50བར་ཡིན།  ཆུ་ལུང་ཕལ་ཆེརvཡིག་གི་བཟོ་དབྱིབས་བཞིན་དུ་ཆགས།  ས་ཁོངས་ནང་ཁུལ་གྱི་ཤར་ལྷོ་ཕྱོགས་སུ་རི་འབྲིང་གྲོག་རོང་གི་ས་ངོས་ཆགས་ཚུལ་ཡིན་ཞིང་།  རི་མགོའི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི2500མན་ཆད་ཡིན།  ལུང་བའི་མཐོ་ཚད་སྨི1000ལས་དམའ་བ་དང་།  རི་སྒལ་ནི་སོ་དབྱིབས་དང་རྣང་མའི་དབྱིབས། བྲག་ཞུན་འཚར་ལོངས་བྱུང་བ་ལྟ་བུ་སོགས་ཡིན། 


བརྡ་འགྲེལ་གདོང་འཛར།

རྔ་བ། ས་གཤིས། ས་ངོས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-02

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།