རྔ་བ་ཁུལ་མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལས་ཁུངས།
སྤྱི་ལོ1953ལོའི་ཟླ3ཚེས14ཉིན་སྲིད་དོན་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་སྟེ་མའོ་རྫོང་ཆེད་ལས་ས་ཁུལ་མེད་པར་བཟོས་པ་དང་སྦྲགས། སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་བཙུགས། རང་སྐྱོང་ལྗོངས་ཀྱི་གནས་ཡུལ་ནི་ད་ལྟའི་མའོ་རྫོང་ཧྥེང་དབྱི་གྲོང་རྡལ་ཡིན་ཞིང་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་གཏོགས། དེའི་མངའ་ཁོངས་སུ་ཟུང་མའོ་ལིས་ཝུན་ཆུ་བཙན་བཅས་རྫོང་དྲུག་ཡོད། ད་ལྟའི་རྔ་བ་རྫོང་གི་མངའ་ཁོངས་སུ་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ཆུས་མི་དམངས་སྲིད་གཞུང་དོན་གཅོད་ཁང་ཞེས་པ་བཙུགས། གནས་ཡུལ་ནི་ད་ལྟའི་རྔ་བ་རྫོང་མཁར་ཡིན།
སྤྱི་ལོ1955ལོའི་ཟླ11པའི་ཚེས9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་སྟེ་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་དེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཞེས་པར་བསྒྱུར་པ་དང་། ཁུལ་གྱི་གནས་ཡུལ་ནི་ལིས་རྫོང་གི་ལྷ་རྒྱལ་གླིང་ཡིན། སྤྱི་ལོ1958ལོའི་ཟླ5བར་རྔ་བ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་གནས་ཡུལ་ནི་ལྷ་རྒྱལ་གླིང་ནས་འབར་ཁམས་གྲོང་རྡལ་དུ་སྤོས། སྤྱི་ལོ1987ལོའི་ཟླ7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་སྟེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཏེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཞེས་པར་བསྒྱུར་བ་དང་སྦྲགས་མའོ་ཝུན་ཆའང་རིགས་རང་སྐྱོང་རྫོང་དེ་ཡང་མའོ་རྫོང་ཞེས་པར་བསྒྱུར།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2018-04-09
གསར་སྤེལ་མཁན། :གདུགས་དཀར་རྒྱལ།