གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོངས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྔོ་སེར་ལའང་ལྷན་ཅིག་དམིགས་པ་ཙམ་ཡོད་ཀྱང་དམིགས་པའི་ངེས་པ་མེད་དོ། །དེས་ན་སྒྲ་དང་མཉན་བྱ་བཞིན། སྔོན་པོ་དང་སྔོ་འཛིན་མིག་ཤེས་གཉིས་ཀྱང་ལྷན་ཅིག་དམིགས་ངེས་ཡིན་པས་རྫས་གཞན་གྱིས་སྟོངས་པ་ཡིན་ནོ། །
1 རྒྱས་འགྲེལ།

སྔོ་སེར་ལའང་ལྷན་ཅིག་དམིགས་པ་ཙམ་ཡོད་ཀྱང་དམིགས་པའི་ངེས་པ་མེད་དོ། །དེས་ན་སྒྲ་དང་མཉན་བྱ་བཞིན། སྔོན་པོ་དང་སྔོ་འཛིན་མིག་ཤེས་གཉིས་ཀྱང་ལྷན་ཅིག་དམིགས་ངེས་ཡིན་པས་རྫས་གཞན་གྱིས་སྟོངས་པ་ཡིན་ནོ། ། སེམས་ཙམ་པ་རྣམས་ཀྱིས་གཟུང་འཛིན་རྫས་གཞན་འགོག་པའི་རིགས་པའི་གཙོ་བོ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་ནས་སྔོན་པོ་དང༌། སྔོ་འཛིན་ཚད་མ་གཉིས་རྫས་གཞན་མ་ཡིན་པར་བསྒྲུབ་སྟེ། ཇི་སྐད་དུ། ལྷན་ཅིག་དམིགས་པ་ངེས་པའི་ཕྱར། །སྔོ་དང་དེ་བློ་ལས་གཞན་མིན། །ཞེས་པ་ལྟར་རོ། །རྟགས་ནི་སྔོན་པོ་དང་སྔོ་འཛིན་ཤེས་པ་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་དཔེར་ན་ཟླ་བ་གཉིས་སུ་སྣང་བ་བཞིན་ནོ། །སྦྱོར་བ་དེ་ཡི་བསྒྲུབ་བྱའི་ཆོས་ཀྱི་དོན་ནི་རྫས་གཞན་བཀག་པ་ཙམ་དང༌། རྟགས་ཀྱི་དོན་ལྷན་ཅིག་པ་ནི་དུས་གཅིག་པ་དང༌། དམིགས་པ་ནི་རྟོགས་པ། ངེས་པ་ནི་གཅིག་དམིགས་ན་གཅིག་ཤོས་དམིགས་པས་ཁྱབ་པའོ། །གཞན་ཡང་སྦྱོར་བ་དེ་ཡི་ཕྱོགས་ཆོས་བསྒྲུབ་པ་ནི། སྔོན་པོ་ཆོས་ཅན། སྔོ་འཛིན་ཤེས་པ་དང་ལྷན་ཅིག་དམིགས་ངེས་ཡིན་ཏེ། ཁྱོད་སྔོ་འཛིན་ཤེས་པ་དང་ཐ་དད་གང་ཞིག་ཁྱོད་དམིགས་ན་སྔོ་འཛིན་ཤེས་པ་དམིགས་པའི་བདག་ཉིད་དུ་སྐྱེས་པས་ཁྱབ། སྔོ་འཛིན་ཤེས་པ་དམིགས་ན་ཡང་ཁྱོད་དམིགས་བྱེད་ཀྱི་བདག་ཉིད་དུ་སྐྱེས་པས་ཁྱབ་པའི་ཕྱིར། སྦྱོར་བ་དེ་ཡི་ཁྱབ་པ་བསྒྲུབ་པ་ནི། གང་ཞིག་གང་དང་ལྷན་ཅིག་དམིགས་ངེས་ཡིན་ན་རྫས་གཞན་མ་ཡིན་པས་ཁྱབ་སྟེ། རྫས་གཞན་ལ་ལྷན་ཅིག་དམིགས་ངེས་ཁེགས་པའི་ཕྱིར། དཔེར་ན་སྔོ་སེར་བཞིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-29

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།