ཧོ་ཐིང་ལུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་ཐིང་ལུའུ། ཕོ། ཆའང་རིགས། མི་སེར་རྒྱལ་ཁབ་ཁྲི་ལོ1པོའི་ཟླ1པོའི་ཚེས14ཉིན་མའོ་རྫོང་ལུང་ཕིང་ས་ཆའི་སྤྱིར་བཏང་གི་ཞིང་དུད་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། སྤྱི་ལོ1950ལོའི་ཟླ5བར་ཆུས་གསུམ་པའི་ཆུས་ཀྲང་གཞོན་པའི་འགན་བཞེས། ལོ་དེར་མའོ་རྫོང་ས་གནས་ཨུ་ཡོན་གྱི་ལས་བྱེད་གསོ་སྦྱོང་འཛིན་གྲྭའི་ནང་དུ་སློབ་སྦྱོང་བྱས། སྔ་ཕྱིར་ཧྲ་པ་ཆུས་ཀྱི་ཆུས་ཀྲང་གཞོན་པ་དང་། ཆུས་ཀྲང་བཅས་ཀྱི་འགན་བཞེས། སྤྱི་ལོ1951ལོར་རྫོང་དཔོན་གཞོན་པའི་འགན་བཞེས། སྤྱི་ལོ1952ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཧོ་ཐིང་ལུའུ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བསྐོ་གཞག་བྱས། རྗེས་ནས་ཡང་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཨུ་ཡོན་དང་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་བཅས་ཀྱི་འགན་བཞེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
何廷禄
མི་རིགས།
ཆའང་རིགས།
སྐྱེས་ཡུལ།
སི་ཁྲོན་ཞིང་ཆེན་གྱི་མའོ་རྫོང་ལུང་ཕིང་དུ་སྐྱེས།
སྐྱེས་འདས་ལོ།
སྤྱི་ལོ(1912-1954)
བྱས་རྗེས་གཙོ་བོ།
དུད་ཁྲལ་བཀག་པ་དང་ཕྱི་རོལ་གྱི་སྟོབས་ཤུགས་ངན་པ་ལ་ངོ་རྒོལ་བཅས་བྱས།
1 ​ངོ་སྤྲོད། 

ཧོ་ཐིང་ལུའུ་ནི་མི་སེར་རྒྱལ་ཁབ་ཁྲི་ལོ1པོའི་ཟླ1པོའི་ཚེས14ཉིན་མའོ་རྫོང་ལུང་ཕིང་ས་ཆའི་སྤྱིར་བཏང་གི་ཞིང་དུད་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། སྤྱི་ལོ1950ལོའི་ཟླ5བར་ཆུས་གསུམ་པའི་ཆུས་ཀྲང་གཞོན་པའི་འགན་བཞེས། ལོ་དེར་མའོ་རྫོང་ས་གནས་ཨུ་ཡོན་གྱི་ལས་བྱེད་གསོ་སྦྱོང་འཛིན་གྲྭའི་ནང་དུ་སློབ་སྦྱོང་བྱས། སྔ་ཕྱིར་ཧྲ་པ་ཆུས་ཀྱི་ཆུས་ཀྲང་གཞོན་པ་དང་། ཆུས་ཀྲང་བཅས་ཀྱི་འགན་བཞེས། སྤྱི་ལོ1951ལོར་རྫོང་དཔོན་གཞོན་པའི་འགན་བཞེས། སྤྱི་ལོ1952ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཧོ་ཐིང་ལུའུ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བསྐོ་གཞག་བྱས། རྗེས་ནས་ཡང་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཨུ་ཡོན་དང་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་བཅས་ཀྱི་འགན་བཞེས། སྤྱི་ལོ1953ལོའི་ཟླ3པར་མའོ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་དུ་བདམས། སྤྱི་ལོ1954ལོའི་ཟླ12པའི་ཚེས10ཉིན་ན་ནས་གྲོངས་པ། སྐབས་དེར་དགུང་ལོ42ཡིན། མི་སེར་རྒྱལ་ཁབ་སྐབས་སུ་ཧོ་ཐིང་ལུའུ་སྔ་ཕྱིར་པའོ་ཀྲང་དང་མཉམ་སྲུང་གི་ཀྲུའུ་རེན། ཤང་ཀྲང་བཅས་ཀྱི་གོ་ས་སྤྲད་པ་དང་། ཁོས་གོ་མིན་ཏང་གི་དཔོན་རིགས་རྣམས་ཀྱིས་ས་གནས་དེར་དུད་ཁྲལ་ལེན་པ་དང་སྟོབས་ཤུགས་ངན་པ་ལ་ངོ་རྒོལ་བྱས་ཏེ། ཆའང་རིགས་མང་ཚོགས་ཀྱི་སེམས་གཏིང་དུ་སྙན་གྲགས་ཡོད་པའི་མིར་གྱུར། 

2 གོ་མིན་ཏང་དང་འཐབ་འཛིང་བྱས་པ། 

མི་སེར་རྒྱལ་ཁབ་ཁྲི་ལོ30ལོའི་སྔ་ཕྱིར། མའོ་རྫོང་ནི་སྐད་གྲགས་ལྡན་པའི་ཉལ་ཐ་ཐོན་ཁུལ་དང་ལུང་ཕིང་ནི་ཉལ་ཐ་བསྡུ་འགྲེམས་བྱེད་པའི་ས་ཆ་གཙོ་བོ་ཞིག་ཡིན། མི་སེར་རྒྱལ་ཁབ་ཁྲི་ལོ36པའི་ཟླ12པའི(ལུགས་རྙིང་གི)ཚེས30ཉིན། ཆེད་ཁུལ་བཅུ་དྲུག་པའི་ཁུལ་དཔོན་ཧོ་པུན་ཁྲུའུ་ཡིས་བདེ་སྲུང་རུ་ཁག་ཁྲིད་དེ། དུ་བའི་ཚོགས་པ་འཛིན་བཟུང་བྱས་པར་ཁ་གཡར་ནས་ཆའང་སྡེར་བཙན་འཕྲོག་བྱས་པས་མའོ་རྫོང་གི་ལོ་རྒྱུས་ཐོག་ཏུ་སྐད་གྲགས་ཆེ་བའི་ལུང་ཕིང་དོན་རྐྱེན་དུ་གྲུབ། དོན་རྐྱེན་དེའི་ཁྲོད་དུ་ཧོ་ཐིང་ལུའུ་ཚང་ཡང་གཙང་མར་འཕྲོག་པ་དང་། ཁོ་རང་ཁྲེང་ཏུའུ་ནས་ཕྱིར་ལོག་སྟེ་གནས་ཚུལ་དེ་མཐོང་རྗེས་ཤིན་ཏུ་ཁྲོས། ཆའང་མི་བསྡུས་ནས་གོ་མིན་ཏང་གིས་ལུང་ཕིང་དུ་བཀོད་སྒྲིག་བྱས་པའི་ཉེན་རྟོག་ཁང་གི་ཉེན་རྟོག་པ་ཕྱིར་འབུད་པ་དང་། ཡང་རྗེས་ནས་ལུང་ཕིང་དང་། སན་ཆི། ཆུས་ཀུའུ། ཞའོ་པའེ། ཧེ་ཧུའུ་སོགས་ས་ཆའི་ཀོ་ལའོ་ཚོགས་པའི་ཁུངས་མི་རྣམས་གདན་འདྲེན་ཞུས་ཏེ་ཡུལ་ཚོ་ལྔའི་མཉམ་འབྲེལ་སྤྱི་ཁྱབ་ཁང་བཙུགས། ཁོ་ཧྲེ་ཀྲང་དུ་བདམས། ཁྲི་ལོ37པའི་ལོ་སྟོད་དུ་རྫོང་དཔོན་ཀྲུའུ་སི་ཅིའུ་ཞེས་པ་དེ་ལུང་ཕིང་ཀོའུ་ས་ཆར་ལྟ་ཞིབ་ཏུ་ཕེབས་སྐབས། ཧོ་ཐིང་ལུའུ་ཡིས་སྣེ་ལེན་གཟབ་རྒྱས་བྱས་པའི་སྐབས་དང་བསྟུན་ནས་རྫོང་དཔོན་བཙན་ཉར་བྱས། གོ་མིན་ཏང་སྲིད་གཞུང་གིས་ལུང་ཕིང་དོན་རྐྱེན་ཁྲོད་དུ་བཙོན་དུ་བཅུག་པའི་མི་སྣ་ཚང་མ་འགྲོལ་བ་བཙན་ཤེད་ཀྱིས་ཡིད་མཐུན་བྱས། ཁྲི་ལོ38ལོར་རྒྱལ་ཡོངས་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་བསྟུར་མར་ཐོབ་པ་དང་བསྟུན། གོ་མིན་ཏང་ཆེད་ཁུལ་བཅུ་དྲུག་གི་སྤྱི་ཁྱབ་ཁང་ལ་ཧོ་ཐིང་ལུའུ་འཛིན་བཟུང་བྱེད་པའི་ནུས་ཤུགས་མེད་པས། བསླུ་འཐེན་བེད་སྤྱོད་བྱས་ཤིང་། ཧོ་ཐིང་ལུའུ་དེ་ཆེད་ཁུལ་བཅུ་དྲུག་པའི་རྒྱུན་ལྡན་མིན་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་གཞག་དང་། ཞོར་དུ་མའོ་རྫོང་གི་རྒྱལ་སྐྱོབ་དམག་ཐོན་བཞི་བའི་ཐོན་ཀྲང་གི་འགན་བཞེས། ལོ་དེའི་ཟླ12པར་ཁོས་ཡུལ་མི་བརྒྱ་ལྷག་ཁྲིད་དེ་རྫོང་མཁར་དུ་སླེབས། ཁུལ་དཔོན་དང་རྫོང་དཔོན་བཅས་ཀྱིས་སྣེ་ལེན་གཟབ་རྒྱས་བྱས་ཀྱང་ཁོས་དོགས་ཟོན་བྱས་ཏེ་བརྒྱུད་རིམ་ཡོངས་སུ་དྲག་ཆས་ཆ་ཚང་སྤྲས་པའི་ཡུལ་དམག་གིས་སྲུང་ཡོད། 

3 བཅིངས་འགྲོལ་དམག་ལ་གཞོགས་འདེགས་བྱས་པ། 

སྤྱི་ལོ1950ལོའི་ལོ་འགོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མའོ་རྫོང་དུ་དཔུང་སྐྱོད་བྱེད་འགོ་ཚུགས། ཟླ1པོའི་ཚེས18ཉིན་ཧོ་ཐིང་ལུའུ་བཀའ་ལྟར་དམག་མི་ཁྲིད་དེ་རྨིན་ཅང་གཙང་བོའི་ནུབ་འགྲམ་དུ་བཅིངས་འགྲོལ་དམག་ལ་བཀག་འགོག་བྱས། ལམ་བར་དུ་ལིས་རྫོང་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་ཝང་དབྱིན་ཧྲན་དང་། ཚའོ་ཅན་ཀྲུའུ། དབྱང་ཁྲུན་ཝུའུ་བཅས་ཀྱི་མི་མངགས་ཏེ་ཁོ་ལ་དམར་དམག་ལ་གཞོགས་འདེགས་བྱེད་དགོས་པའི་བསླབ་བྱ་བཏང་རྗེས། ཁོ་ཚོས་མྱུར་དུ་དམག་དཔུང་ཕྱིར་འཐེན་ནས་མའོ་རྫོང་བཅིངས་འགྲོལ་གཏོང་བ་ལ་རོགས་རམ་བྱེད་པར་ཁ་ཏ་བྱས་པའི་ལན་སྐྱེལ་བ་དང་། ཧོ་ཐིང་ལུའུ་ཡིས་མྱུར་དུ་དམག་དཔུང་གཏོར་ནས་ལུང་ཕིང་དུ་ཕྱིར་ལོག  

4 མི་རིགས་མཐུན་སྒྲིལ་གྱི་བྱ་བ་ནན་ཏན་གྱིས་སྤེལ་བ།

ཏང་གི་མི་རིགས་སྲིད་ཇུས་ནན་ཏན་གྱིས་ལག་བསྟར་བྱས་པ་དང་མི་རིགས་ཀྱི་མཐོ་འབྲིང་མི་དྲག་དང་མཐུན་སྒྲིལ་བྱས་ནས། སན་ལུང་དང་། ཞའོ་པའེ། ཡ་ཏུའུ། ཝའེ་ཁྲེང་བཅས་ཡུལ་ཚོའི་མཐོ་འབྲིང་མི་དྲག རྫོང་དང་། ཆུས་། ཡུལ་ཚོ་བཅས་རིམ་པ་སོ་སོའི་སྲིད་གཞུང་གི་ལས་ཀའི་ཁྲོད་དུ་ཞུགས་པར་གོ་སྐོན་བློ་འགུག་དང་སྐུལ་སློང་བྱས། ཉལ་ཐ་བཀག་སྡོམ་བྱ་འགུལ་ཁྲོད་དུ། ཧྲ་པ་ཆུས་སུ་དུ་གཅོད་ཁང་བཙུགས་པ་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱས་པ་དང་། དབྱིངས་དམངས་ཀྱིས་དུ་བ་གཅོད་པར་སྐུལ་སློང་བྱས། སྤྱི་ལོ1952ལོའི་ཟླ6པར་ཅང་ཅེ་ཧྲེ་ཡིས་གནམ་གྲུ་མངགས་ཏེ་ཁྲོ་ཆུར་མཁའ་རྡུང་སྤྲད་པ་དང་། དཀྲོག་གཏམ་གང་ས་གང་ནས་བྱུང་བ་དང་། ཇག་མྱུལ་འཛེམ་བག་མེད་པ། མཐོ་འབྲིང་མི་དྲག་ཁ་ཤས་གཡོ་འགུལ་བྱས་མོད། འོན་ཀྱང་ཁོ་བློ་བརྟན་འགྱུར་མེད་ཀྱིས་ཡར་ལངས་ནས་གོ་སྐོན་སློབ་གསོའི་ལས་ཀ་སྤེལ། མང་ཚོགས་ལ་སྐུལ་སློང་བྱས་ཏེ་བཅིངས་འགྲོལ་དམག་ཁྲོ་ཆུར་དཔུང་སྐྱོད་བྱེད་པ་ལ་གཞོགས་འདེགས་བྱས། སྤྱི་ལོ1954ལོའི་སྟོན་ཀར་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་དམངས་འཐུས་ཚོགས་ཆེན་ཐོག་ཏུ། ཁོས་གྲོས་གཞི་བྲིས་ཏེ་མི་རིགས་ས་ཁུལ་དུ་དམངས་གཙོ་བཅོས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-02-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།