ལུའོ་ཧྲི་ཙེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའོ་ཧྲི་ཙེ། ཕོ། ཆའང་རིགས། ཝུན་ཁྲོན་རྫོང་ཝེ་ཀྲོའུ་གྲོང་རྡལ་ཐེའུ་ཡུས་གྲོང་ཚོའི་མི་ཡིན་པ་དང་། སྤྱི་ལོ1924ལོའི་ཟླ5བའི་ཚེས15ཉིན་སྤྱིར་བཏང་གི་ཞིང་དུད་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་སུ་ཁྱད་དུ་འཕགས་པའི་ཡིད་འཛིན་དང་རིག་ཤེས་ཕྱིར་མངོན་པ་དང་། ལོ10ལོན་དུས་ཀློག་དེབ་རིགས་སོ་སོའི་དཔེ་ཆ་བློར་འཛིན་ཐུབ་པ་དང་། གྲོང་སྡེའི་རྒན་རྒོན་གྱིས་བཤད་པའི་གཏམ་རྒྱུད་ལ་ཉན་ཐེངས་གཅིག་བྱས་ནས་ཚང་མ་གླེང་ཐུབ། ཝེ་ཀྲོའུ་གྲོང་རྡལ་གྱི་རྒན་པོ་ཞིག་དགེ་རྒན་དུ་བསྟེན་ནས་རི་མོ་སྦྱངས་ཤིང་། ཤེས་རབ་ཆེ་དྲག་པས་རི་མོའི་འབྲི་རྩལ་མཐོར་འདེགས་ཆེན་པོ་བྱུང་ཡོད། བཅིངས་འགྲོལ་དམག་ཝེ་ཀྲོའུ་རུ་སླེབས་དུས། ལོའུ་ཧྲི་ཙེ་ཡིས་གཞོན་ནུ་རྣམས་རྩ་འཛུགས་བྱས་ཏེ་དམར་དམག་ཕེབས་པར་དགའ་བསུ་ཞུ་བའི་བྱང་ཡིག་དང་མའོ་ཙེ་ཏུང་གི་ཞལ་ཐང་གི་དཔེ་རིས་དག་བྲིས་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ལོའུ་ཧྲི་ཙེ་ཝེ་ཀྲོའུ་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད་དེ་སློབ་སྦྱོང་བྱས། དུས་རབས20བའི་ལོ་རབས80བའི་དུས་དཀྱིལ་དུ་དམངས་ཁྲོད་རིག་གནས་རིམ་བཞིན་གལ་ཆེན་དུ་འཛིན་པ་དང་སྲུང་སྐྱོང་བྱས་ལ། ལས་འཁྱུར་ངལ་གསོ་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
罗世泽
མི་རིགས།
ཆའང་རིགས།
སྐྱེས་ཡུལ།
སི་ཁྲོན་ཞིང་ཆེན་གྱི་ཝུན་ཁྲོན་རྫོང་ཝེ་ཀྲོའུ་གྲོང་རྡལ་ཐིའེ་ཡུས་གྲོང་ཚོར་སྐྱེས།
སྐྱེས་འདས་ལོ།
སྤྱི་ལོ(1924-1990)
བརྩམས་ཆོས་གཙོ་བོ།
ཆའང་རིགས་དམངས་ཁྲོད་དོན་བརྗོད་སྙན་ངག་རིང་བོ《མུའུ་ཅེ་ཀྲུའུ་དང་ཏོའུ་ཨན་ཀྲུའུ》
1 ​ངོ་སྤྲོད།

ལུའོ་ཧྲི་ཙེ་ནི་སྤྱི་ལོ1924ལོའི་ཟླ5བའི་ཚེས15ཉིན་སྤྱིར་བཏང་གི་ཞིང་དུད་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཝུན་ཁྲོན་རྫོང་ཝེ་ཀྲོའུ་གྲོང་རྡལ་ཐེའུ་ཡུས་གྲོང་ཚོའི་མི་ཡིན་པ་དང་། ཆུང་དུས་སུ་ཁྱད་དུ་འཕགས་པའི་ཡིད་འཛིན་དང་རིག་ཤེས་ཕྱིར་མངོན་པ་དང་། ལོ10ལོན་དུས་ཀློག་དེབ་རིགས་སོ་སོའི་དཔེ་ཆ་བློར་འཛིན་ཐུབ་པ་དང་། གྲོང་སྡེའི་རྒན་རྒོན་གྱིས་བཤད་པའི་གཏམ་རྒྱུད་ལ་ཉན་ཐེངས་གཅིག་བྱས་ནས་ཚང་མ་གླེང་ཐུབ། ཝེ་ཀྲོའུ་གྲོང་རྡལ་གྱི་རྒན་པོ་ཞིག་དགེ་རྒན་དུ་བསྟེན་ནས་རི་མོ་སྦྱངས་ཤིང་། ཤེས་རབ་ཆེ་དྲག་པས་རི་མོའི་འབྲི་རྩལ་མཐོར་འདེགས་ཆེན་པོ་བྱུང་ཡོད། བཅིངས་འགྲོལ་དམག་ཝེ་ཀྲོའུ་རུ་སླེབས་དུས། ལོའུ་ཧྲི་ཙེ་ཡིས་གཞོན་ནུ་རྣམས་རྩ་འཛུགས་བྱས་ཏེ་དམར་དམག་ཕེབས་པར་དགའ་བསུ་ཞུ་བའི་བྱང་ཡིག་དང་མའོ་ཙེ་ཏུང་གི་ཞལ་ཐང་གི་དཔེ་རིས་དག་བྲིས་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ལོའུ་ཧྲི་ཙེ་ཝེ་ཀྲོའུ་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད་དེ་སློབ་སྦྱོང་བྱས། དུས་རབས20བའི་ལོ་རབས80བའི་དུས་དཀྱིལ་དུ་དམངས་ཁྲོད་རིག་གནས་རིམ་བཞིན་གལ་ཆེན་དུ་འཛིན་པ་དང་སྲུང་སྐྱོང་བྱས་ལ། ལས་འཁྱུར་ངལ་གསོ་བྱས་པའི་ལོའུ་ཧྲི་ཙེ་ཆའང་རིགས་ཀྱི་དམངས་ཁྲོད་རིག་གནས་མྱུར་སྐྱོབ་ཕྱོགས་བསྒྲིགས་བྱེད་ཆེད། ཆའང་རིགས་ཀྱི་རི་བོ་གྲོང་ཚོར་སོང་ནས་རིན་ཐང་ལྡན་པའི་ཡིག་ཆ་མང་བོ་འཚོལ་སྡུད་དང་། སྔ་ཕྱིར་རིགས་སོ་སོའི་ཚགས་པར་དུས་དེབ་ཐོག་ཏུ་རྩོམ་ཡིག་དང་ཡིག་རིས297ཁྱབ་བསྒྲགས་བྱས་ཡོད་པ་དང་། ཆའང་རིགས་དམངས་ཁྲོད་དོན་བརྗོད་སྙན་ངག་རིང་བོ《མུའུ་ཅེ་ཀྲུའུ་དང་ཏོའུ་ཨན་ཀྲུའུ》ཞེས་པའི་དཔེ་ཆ་ཕྱོགས་བསྒྲིགས་དཔར་བསྐྲུན་བྱས་ཤིང་། དེའི་ནང་དུ་ཆའང་རིགས་ཀྱི་ལོ་རྒྱུས་མཚོན་པའི་སྙན་ངག《ཆའང་ཀོ་དམག་ཆེན》ཡང་འདུས་ཡོད། རྒྱལ་ཡོངས་དམངས་ཁྲོད་རྩོམ་རིག་ཕྱོགས་བསྒྲིགས་གསར་རྩོམ་ཀྱི་བྱ་དགའ་ཨང་དང་བོ་ཐོབ། སྤྱི་ལོ1990ལོར་ལོའུ་ཧྲི་ཙེ་རང་ཉིད་ཀྱི་ཕ་ཡུལ་དུ་སྐུ་གཤེགས་ཤིང་སྐབས་དེར་དགུང་ལོ66ཡིན། 

2 བྱ་བའི་བརྒྱུད་རིམ།

ཝེ་ཀྲོའུ་དགེ་འོས་སློབ་གྲྭར་མཐར་ཕྱིན་རྗེས། ལིས་རྫོང་གི་ཐུང་ཧྭ་དང་ཝུན་ཁྲོན་ཝེ་ཀྲོའུ་སོགས་སུ་དགེ་རྒན་བྱས་ཤིང་། སྤྱི་ལོ1958ལོར་ཝེ་ཀྲོའུ་དགེ་འོས་སློབ་གྲྭའི་མཐོ་རིམ་དགེ་རྒན་གྱི་འཛིན་གྲྭར་སློབ་སྦྱོང་བྱས། མཐར་ཕྱིན་རྗེས་དེར་དགེ་རྒན་བྱས་པ་དང་། སྤྱི་ལོ1958ལོའི་ཟླ12པར་ཝུན་ཁྲོན་རྫོང་རིག་གནས་ཁང་དུ་གདན་དྲངས། སྤྱི་ལོ1962ལོར་མའོ་རྫོང་ཞིན་ཧྭ་དཔེ་མཛོད་ཁང་དུ་གདན་དྲངས་ཏེ་ལས་འཁྱུར་ངལ་གསོའི་བར་དེར་ལས་ཀ་གནང་། ད་དུང་སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་ཆེད་བསྐོས་ཞིབ་འཇུག་པ་དང་སི་ཁྲོན་སློབ་ཆེན་གྱི་གདན་ཞུས་དགེ་རྒན་ཆེན་མོ་བཅས་སུ་གདན་འདྲེན་ཞུས་པ་དང་། ཀྲུང་གོའི་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པའི་ཁོངས་མི་དང་སི་ཁྲོན་ཡན་ལག་ཚོགས་པའི་ལས་འཛིན་པ་བཅས་ཀྱི་འགན་བཞེས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-02-07

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།