དབྱང་ཧྥུའུ་ཧྲོའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱང་ཧྥུའུ་ཧྲོའུ།
དབྱང་ཧྥུའུ་ཧྲོའུ་ནི་ཞིབ་འཇུག་པ་ཆེན་མོ་དང་། ཀྲུའུ་རེན་སྨན་པ། ཆའང་རིགས་ཀྱི་སྨན་བཅོས་དང་ཆའང་རིགས་སྨན་རིགས་རིག་གནས་རྒྱུན་འཛིན་མཁན་གྱི་གྲས་ཤིག་ཡིན། ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ཆའང་རིགས་སྨན་བཅོས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་ཆེད་ལས་མཁས་ཅན་ཨུ་ལྷན་གྱི་ཨུ་ཡོན་དང་། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཚོགས་མི་རིགས་གསོ་རིག་གི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། ཁྲེང་ཏུའུ་གྲོང་ཁྱེར་གསེར་ནོར་ཁུལ་ཆའང་རིགས་ཀྱི་སྨན་དང་སྨན་བཅོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་། སི་ཁྲོན་ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་འཕེལ་རྒྱས་ཡར་སྐུལ་ཚོགས་པ་ཆའང་རིགས་རིག་པ་ཞིབ་འཇུག་ཁང་དང་ཆའང་རིགས་སྨན་བཅོས་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཀྲུང་གོའི་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆའང་རིགས་སྨན་རྫས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་མའོ་རྫོང་ཆའང་རིགས་ཀྱི་སྨན་བཅོས་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་བློ་འདྲི་བ། སི་ཁྲོན་ཞིང་ཆེན་མའོ་རྫོང་ཆའང་རིགས་སྨན་དང་སྨན་བཅོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་སྐབས་བཅོ་ལྔ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཀྱི་འགན་བཞེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杨福寿
ཕྱི་ཡིག་གི་མིང་།
Yang Fu Shou
མིང་གཞན།
ཙུའོ་མུའུ•ནུའོ་ཙི་ཀན་པུའུ།
མི་རིགས།
ཆའང་རིགས།
སྐྱེས་ཡུལ།
སི་ཁྲོན་ཞིང་ཆེན་གྱི་མའོ་རྫོང་ཡ་ཏུའུ་ཡུལ་ཚོ།
སྐྱེས་ལོ།
སྤྱི་ལོ1966ལོའི་ཟླ6པ།
གོ་གནས།
ཆའང་རིགས་སྨན་བཅོས་དང་ཆའང་རིགས་སྨན་བཅོས་རིག་གནས་རྒྱུན་འཛིན་མཁན་ཞིག་ཡིན།
1 ​ངོ་སྤྲོད། 

དབྱང་ཧྥུའུ་ཧྲོའུ། ཆའང་རིགས་ཀྱི་མིང་ལ་ཙུའོ་མུའུ •ནུའོ་ཙི་ཀན་པུའུ་ཟེར། ཕོ། ཆའང་རིགས། སྤྱི་ལོ1966ལོའི་ཟླ6པར་སི་ཁྲོན་ཞིང་ཆེན་གྱི་མའོ་རྫོང་ཡ་ཏུའུ་ཡུལ་ཚོར་སྐྱེས་ཤིང་། ཞིབ་འཇུག་པ་ཆེན་མོ་དང་། ཀྲུའུ་རེན་སྨན་པ། ཆའང་རིགས་ཀྱི་སྨན་བཅོས་དང་ཆའང་རིགས་སྨན་རིགས་རིག་གནས་རྒྱུན་འཛིན་མཁན་གྱི་གྲས་ཤིག་ཡིན། ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ཆའང་རིགས་སྨན་བཅོས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་ཆེད་ལས་མཁས་ཅན་ཨུ་ལྷན་གྱི་ཨུ་ཡོན་དང་། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཚོགས་མི་རིགས་གསོ་རིག་གི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། ཁྲེང་ཏུའུ་གྲོང་ཁྱེར་གསེར་ནོར་ཁུལ་ཆའང་རིགས་ཀྱི་སྨན་དང་སྨན་བཅོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་། སི་ཁྲོན་ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་འཕེལ་རྒྱས་ཡར་སྐུལ་ཚོགས་པ་ཆའང་རིགས་རིག་པ་ཞིབ་འཇུག་ཁང་དང་ཆའང་རིགས་སྨན་བཅོས་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཀྲུང་གོའི་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆའང་རིགས་སྨན་རྫས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་མའོ་རྫོང་ཆའང་རིགས་ཀྱི་སྨན་བཅོས་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་བློ་འདྲི་བ། སི་ཁྲོན་ཞིང་ཆེན་མའོ་རྫོང་ཆའང་རིགས་སྨན་དང་སྨན་བཅོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་སྐབས་བཅོ་ལྔ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཀྱི་འགན་བཞེས།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1982 ལོ་ནས་སྤྱི་ལོ1987ལོའི་བར་ཁྲེང་ཏུའུ་ཀྲུང་ལུགས་སློབ་གླིང་ནས་སློབ་སྦྱོང་བྱས། 

སྤྱི་ལོ1987ལོ་ནས་སྤྱི་ལོ1992ལོའི་བར་ཁྲེང་ཏུའུ་གྲོང་ཁྱེར784ཀྲུང་ལུགས་སྨན་པའི་རུས་ནད་ཚན་ཁག་ཞིབ་འཇུག་ཁང་གི་སྨན་བཅོས་བྱེད་པའི་སྨན་པ་བྱས་ཏེ། ཀྲུང་ལུགས་དང་ཆའང་ལུགས་ཀྱི་རུས་ནད་ཚན་ཁག་གི་སྨན་བཅོས་དངོས་སུ་བྱས་པའི་ལས་ཀ་གཉེར།  

སྤྱི་ལོ1993ལོ་ནས་སྤྱི་ལོ2004ལོའི་བར་ཁྲེང་ཏུའུ་གྲོང་ཁྱེར་གྱི་གསེར་གླང་སྨན་ཁང་གི་ཆའང་རིགས་ཀྱི་གསོ་རིག་རུས་ནད་ཚན་ཁག་གི་སྨན་བཅོས་བྱེད་པའི་སྨན་པ་དང་། ཀྲུང་ལུགས་དང་ཆའང་རིགས་ཀྱི་རུས་ནད་ཚན་ཁག་དང་ཁོག་ནད་ཚན་ཁག་ནད་ཐོག་ཞིབ་འཇུག་གི་ལས་ཀ་གཉེར། 

སྤྱི་ལོ1992ལོ་ནས་ད་བར་སི་ཁྲོན་ཞིང་ཆེན་མའོ་རྫོང་ཆའང་རིགས་སྨན་བཅོས་ཞིབ་འཇུག་ལྟེ་གནས་གྱི་དབུ་བཞུགས་བློ་འདྲི་བ་དང་། སི་ཁྲོན་ཞིང་ཆེན་མའོ་རྫོང་ཆའང་རིགས་སྨན་བཅོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་སོགས་ཀྱི་འགན་བཞེས། 

སྤྱི་ལོ1995ལོ་ནས་ད་བར་ཁྲེང་ཏུའུ་ཅིང་ཉིའུ་ཨེར་མ་སྨན་བཅོས་ཁང་དུ་ཆའང་རིགས་སྨན་ཁང་རུས་ནད་ཚན་ཁག་དང་ཁོག་ནད་ཚན་ཁག་གི་སྨན་བཅོས་དངོས་སུ་བྱས་པ་དང་ཆའང་རིགས་སྨན་བཅོས་ཚན་རིག་ཞིབ་འཇུག་གི་ལས་ཀ་གཉེར།

སྤྱི་ལོ2008ལོའི་ཟླ6པར་གསེར་ནོར་ཁུལ་ཆའང་རིགས་ཀྱི་སྨན་དང་སྨན་བཅོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གི་འགན་བཞེས།

སྤྱི་ལོ2008ལོར་ཁྲེང་ཏུའུ་གྲོང་ཁྱེར་སྐབས་བཅོ་ལྔ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལ་བདམས་།

3 གདན་ཞུའི་གནས་ཚུལ།

ཀྲུང་གོའི་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆའང་རིགས་སྨན་རྫས་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ།

སི་ཁྲོན་ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་འཕེལ་རྒྱས་ཡར་སྐུལ་ཚོགས་པ་དང་ཆའང་རིག་པ་ཞིབ་འཇུག་ཁང་དང་ཆའང་རིགས་ཀྱི་སྨན་བཅོས་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་གཞོན་པ།

ཀྲུང་གོའི་ཁྲེང་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཆེད་དུ་གདན་འདྲེན་ཞུས་པའི་ལྟ་སྐུལ་པ།

ཀྲུང་གོའི་ཁྲེང་ཏུའུ་རླུང་འཕྲིན་བརྙན་འཕྲིན་ཅུས་ལས་རིགས་ཀྱི་སྤྱོད་ཚུལ་གདེང་འཇོག་བྱེད་མཁན། 

ཀྲུང་གོའི་ཁྲེང་ཏུའུ་གྲོང་ཁྱེར་གསེར་ནོར་ཁུལ་སྒྲིག་ཨུད་ཀྱི་སྒྲིག་བཤེར་ཅུས་ཀྱི་ཆེད་དུ་གདན་འདྲེན་ཞུས་པའི་ལྟ་སྐུལ་པ།

ཀྲུང་ཧྭའི་སྨན་པ་མཁས་ཅན་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་ཆེད་ལས་མཁས་ཅན་སོགས་ཡོད། 

4 ཞིབ་འཇུག་གི་གྲུབ་འབྲས།

རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱི་ཞིབ་འཇུག་བྱ་གཞི་སྟེ《ཆའང་རིགས་དམངས་ཁྲོད་ཀྱི་སྨན་རྫས་འཚོལ་བསྡུ་དང་ལེགས་སྒྲིག》ལ་ཞིབ་འཇུག་བྱས། 

རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཚན་ཁག2002MW22《ཆའང་རིགས་ཀྱི་གསོ་རིག》ལེགས་སྒྲིག་དང་ཞིབ་འཇུག་བྱས།

རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་སྟེ། སྤྱི་ལོ2009ལོའི་ཞིབ་འཇུག་བྱ་གཞི《ཝུན་ཁྲོན་ས་འགུལ་ཆེན་པོའི་རྗེས་ཀྱི་ཆའང་རིགས་གསོ་རིག་རིག་གནས་སྲུང་སྐྱོབ་དང་ཞིབ་འཇུག》གི་ཁོངས་མི་གཙོ་བོ་ཡིན།

སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་རྣམ་གྲངས། སྤྱི་ལོ2008ལོའི་ཞིབ་འཇུག་བྱ་གཞི《རལ་ཟགས་རང་བཞིན་གྱི་ལོང་ཚད(རྒྱུ་ལམ་མེ་རྡོའི་ནད)ཀྱི་ཆའང་གསོ་རིག་ནང་གི་ནད་ཐོག་སྨན་བྱུག་པའི་གསོ་ཐབས་ཞིབ་འཇུག》ལ་ཞིབ་འཇུག་བྱས།

སྤྱི་ལོ2008ལོའི་ཞིབ་འཇུག་བྱ་གཞི《ཆའང་རིགས་སྨན་བཅོས་དང་ཆའང་རིགས་ཀྱི་སྲོལ་རྒྱུན། (སྨན་བཅོས)རིག་གནས་བར་གྱི་འབྲེལ་བ་ཞིབ་འཇུག》ལ་ཞིབ་འཇུག་བྱས།

5 གསུང་རྩོམ། 

《ཆའང་རིགས་གསོ་རིག་སྐོར་གྱི་ཡིག་ཆ་ལེགས་སྒྲིག》དང་《ཆའང་རིགས་སྨན་བཅོས་ཀྱི་རྨང་གཞིའི་གཞུང་ལུགས》དང་། 《ཀྲུང་གོའི་ཆའང་རིགས་སྨན་རྫས་རིག་པ》དང《ཆའང་རིགས་སྨན་རུས་ནད་རིག་པ》དང་། 《མི་རབས་ནས་མི་རབས་བར་ཆའང་རིགས་སྨན་བཅོས་བྱ་ཐབས་རིག་པ》དང《ཆའང་རིགས་རུས་ནད་རིག་པ》དང་། 《ཆའང་རིགས་གསོ་རིག་གི་ནང་ནད་གཞི་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》སོགས་ཡོད་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་དཔྱད་རྩོམ་ཕལ་ཆེར་བཞི་བཅུ་ལྷག་ལ་སྤེལ་བའོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-02-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།