པའོ་ཏིང་ལུང་བའི་རང་བྱུང་སྲུང་སྐྱོང་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའོ་ཏིང་ལུང་བའི་རང་བྱུང་སྲུང་སྐྱོང་ཁུལ།
པའོ་ཏིང་ལུང་བའི་རང་བྱུང་སྲུང་སྐྱོང་ཁུལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་གི་ཧྥེང་དབྱི་གྲོང་རྡལ་གྱི་མངའ་ཁོངས་སུ་གནས་ཡོད་པ་དང་། ས་ཞིང་གི་རྒྱ་ཁྱོན་ལ་སྤྱི་ཆིང88400ཡོད། སྲུང་སྐྱོང་བྱེད་རྒྱུ་གཙོ་བོ་ནི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཏེ། དོམ་དཀར་དང་། སྤྲེའུ་སྤུ་སེར། གཙོད་སོགས་ཀྱི་སྲོག་ཆགས་ཡིན་ལ། རིང་ཚད་ལ་སྤྱི་ལེ30ལྷག་ཡོད། སྲུང་སྐྱོང་ཁུལ་དུ་མི12961ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宝顶沟自然保护区
སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན།
སྤྱི་ཆིང88400ཡོད།
གནས་ཡུལ།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མའོ་རྫོང་གི་ཧྥེང་དབྱི་གྲོང་རྡལ།
སྲུང་སྐྱོང་ཁུལ་རིགས།
རི་སྐྱེས་སྲོག་ཆགས།
གོ་གནས།
ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན།
1 ངོ་སྤྲོད།

པའོ་ཏིང་ལུང་བའི་རང་བྱུང་སྲུང་སྐྱོང་ཁུལ་ནི་སྤྱི་ལོ1993ལོའི་ཟླ8པར་སི་ཁྲོན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་ཁྱབ་བསྒྲགས་བྱས་པའི་ཡིག་ཨང67པའི་ཡིག་ཆ་ལས་ཆོག་མཆན་བཀོད་ནས་འཛུགས་སྐྲུན་བྱས་པ་ཡིན། སྲུང་སྐྱོང་ཁུལ་ཐོག་མ་བཙུགས་དུས་རྒྱ་ཁྱོན་ལ་སྤྱི་ཆིང19560ལས་མེད། སྤྱི་ལོ2005ལོའི་ཟླ5བར་སྲུང་སྐྱོང་དང་དོ་དམ་གྱི་དགོས་མཁོ་ལྟར། སི་ཁྲོན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས། པའོ་ཏིང་ལུང་བའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་དེ་སྤྱི་ཆིང88400རུ་རྒྱ་བསྐྱེད་བཏང་། སྲུང་སྐྱོང་ཁུལ་དེ་རང་རྒྱལ་ཤར་རྒྱུད་ཀྱི་སི་ཁྲོན་གཤོང་ས་ནས་ནུབ་རྒྱུད་ཀྱི་མཚོ་བོད་མཐོ་སྒང་གི་བར་བརྒལ་ས་ཁུལ་དུ་གནས་ཡོད་པས། རང་བྱུང་ཁོར་ཡུག་དང་སྐྱེ་དངོས་རིགས་ཧ་ཅང་རྙོག་འཛིང་སྣ་མང་ཡིན་པ་མ་ཟད། དེ་བས་གལ་ཆེན་བ་ནི་ཁུལ་དེ་ནི་རྨིན་ཧྲན་དོམ་དཀར་རིགས་ཚོAདངBབར་རྒྱུད་འཛིན་བརྗེ་རེས་བསྐྱར་གསོ་བྱས་པའི་བརྒྱུད་ལམ་ཁོ་ན་ཡིན་པས། རྒྱལ་ཁབ་ཕྱི་ནང་གིས་ཐུགས་ཁུར་ཆེན་པོ་བྱེད་བཞིན་ཡོད། 

2 ས་བབ།

སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མའོ་རྫོང་མངའ་ཁོངས་སུ་གཏོགས་ལ། རྨིན་ཅང་གི་སྟོད་རྒྱུད་དུ་གནས་ཡོད་པ་དང་། དེ་ནི་སི་ཁྲོན་གཤོང་ས་ནས་མཚོ་བོད་མཐོ་སྒང་ལ་བར་བརྒལ་བྱས་པའི་ལུང་མོན་རི་རྒྱུད་ནུབ་མཚམས་དང་རྨིན་ཧྲན་རི་རྒྱུད་ཀྱི་ལྷོ་མཚམས་གཉིས་འདྲེས་པའི་ས་ཁུལ་དུ་ཡོད། ཤར་ཕྱོགས་ནི་པའེ་ཁྲོན་དང་། ལྷོ་ནི་ཨན་རྫོང་དང་མེན་ཀྲུའུ་རྫོང་། བྱང་ནི་ཟུང་ཆུ་རྫོང་བཅས་དང་འབྲེལ་ཡོད། སྲུང་སྐྱོང་ཁུལ་དུ་རི་མཐོ་གྲོག་རོང་དང་། ས་དབྱིབས་ཧ་ཅང་རྙོག་འཛིང་ཆེ་བས། དེ་ནི་ཆེས་དཔེར་འོས་ཀྱི་ཚ་ཁུལ་གནམ་གཤིས་ཡིན། 

3 ཐོན་ཁུངས།
3_1 རི་སྐྱེས་སྲོག་ཆགས། 

ས་ཁུལ་དུ་སྲོག་ཆགས་ཀྱི་ཐོན་ཁུངས་ཧ་ཅང་ཕྱུག་ལ། འོ་གསོའི་སྲོག་ཆགས་རིགས90དང་། ཤེས་ཟིན་པའི་གཅན་གཟན་རིགས27དང་། ཉེན་ཁར་བཅར་བའི་སྲོག་ཆགས་རྩ་ཆེན་རིགས40ཡོད། གཙོ་བོ་ནི་དོམ་དཀར་དང་། སྤྲེའུ་སྤུ་སེར་སོགས་ཡིན། བྱ་རིགས211ཡོད་པ་དང་། ཉེན་ཁར་བཅར་བའི་བྱ་རིགས་རྩ་ཆེན30ཡོད། ལྟོ་འགྲོའི་སྲོག་ཆགས་རིགས25ཡོད་པ་དང་དེའི་ནང་རྩ་ཆེན་རིགས11ཡོད་ལ། ཉ་རིགས10ལྷག་ཡོད། 

3_2 རྩི་ཤིང་ཐོན་ཁུངས།

སྲུང་སྐྱོང་ཁུལ་དུ་རྩི་ཤིང་རིགས་སོ་སོ2419ཡོད་པ་དང་། དེའི་ནང་དུ་སྤང་རྩི་དང་ཞུན་ཅུན་རིགས164དང་། སྔོ་དྲེག་རིགས86དང་། གྲོ་ཚལ་རིགས140དང་། ས་བོན་རིགས2029བཅས་ཡོད། ཉེན་ཁར་བཅར་བའི་རྩི་ཤིང་རྩ་ཆེན་རིགས17ཡོད་པ་དང་། དེའི་ནང་དུ་རྒྱལ་ཁབ་ཀྱི་བསྲུང་བྱ་རིམ་པ་དང་བོའི་རིགས5དང་གཉིས་པའི་རིགས12བཅས་ཡོད།

3_3 ཡུལ་སྐོར་ཐོན་ཁུངས། 

ཡུལ་ལྗོངས་གཙོ་བོ་ནི་ནགས་ཚལ་གྱི་ཡུལ་ལྗོངས་དང་། ལོ་མ་དམར་བའི་མཛེས་ལྗོངས། སྟག་མའི་མེ་ཏོག སྤྲིན་སྨུག་ལ་ལྟ་སའི་ཐིང་། རི་མཐོ་སྤང་ལྗོངས་ཀྱི་ཡུལ་ལྗོངས། ད་རུང་རྒྱལ་ཁབ་ཀྱི་བསྲུང་བྱ་རིམ་པ་དང་བོའི་རྩི་ཤིང་རིགས་དང་སྲོག་ཆགས་རིགས་ལ་ལྟ་སྐོར་བྱས་ཆོག

4 དོན་སྙིང་།

དཔེར་འོས་ཀྱི་བར་བརྒལ་ས་ཁུལ་གྱི་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱས་པ་དང་། ས་དབྱིབས་དང་གནམ་གཤིས་གཉིས་ཀྱི་བར་བརྒལ་ས་ཁུལ་གྱི་རང་བྱུང་སྐྱེ་ཁམས་མ་ལག་ཞིབ་འཇུག་ལ་དོན་སྙིང་གལ་ཆེ་ཡོད་པ་དང་། དོམ་བྲང་དཀར་སོགས་རི་སྐྱེས་སྲོག་ཆགས་ཀྱི་སྲོག་རྩའི་ས་རྒྱུད་ནར་རིང་བསྐྱར་གསོ་བྱས་ཏེ། དོམ་བྲང་དཀར་དང་རི་སྐྱེས་སྲོག་ཆགས་གཞན་པའི་བར་གྱི་གཞི་རྒྱུ་བརྗེ་རེས་ལ་ཕན་པ་དང་། རྨིན་ཅང་སྟོད་རྒྱུད་ནི་རང་རྒྱལ་ནུབ་རྒྱུད་ས་ཁུལ་དུ་སྐྱེ་ཁམས་ཆེས་ཞན་པའི་ས་ཆ་ཞིག་ཡིན་ལ། སྐྱེ་ཁམས་མ་ལག་གི་སྒྲིག་གཞི་དང་ཕན་ནུས་ཀྱང་ཉམས་ཤིང་ནུས་པ་ཤོར་ཡོད་པ་དང་། སྲུང་སྐྱོང་ཁུལ་བཙུགས་པ་དེས་སྐམ་ཞོད་རོང་ཁུལ་ལ་སྲུང་སྐྱོང་དང་འཕེལ་རྒྱས་ཕྱོགས་བསྡུས་བྱས་པའི་མ་དཔེ་ཆེས་བཟང་བོ་ཞིག་བཙལ་བས་རྨིན་ཅང་དང་ཕའེ་ཅང་གཙང་བོ་གཉིས་ཀྱི་ཆུ་རྩ་གསོ་སྐྱོང་དང་ས་ཆུ་སྲུང་འཛིན་ལ་ཡང་ཕན་ནོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-31

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།