རྫོང་རྒྱབ་ཀླུ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕོ་བྲང་པོ་ཏ་ལའི་རྒྱབ་ཏུ་རྫོང་རྒྱབ་ཀླུ་༌ཁང་ཞེས་ལྗོན་ཤིང་དུ་མས་ཁེངས་པའི་སྐྱེ་ཚལ་གྱི་ནང་ཆུ༌རྫིང་གི་དབུས་སུ་ཐོག་བརྩེགས་གསུམ་ལྡན་གྱི་ཕོ་བྲང་ཡང༌སྟེང་དུ་རྒྱ་ཕིབས་ཟུར་དྲུག་ཏོག་ཅན་གྱིས་བརྒྱན་པ་ཞིག་ཡོད་པ་དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་རྩེ་ཕོ་བྲང་དཀར་པོ་བཞེངས་སྐབས་དང༌། དེ་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་བཞེངས་པ་སོགས་ཀྱི་སྐབས་སུ་འཛུགས་སྐྲུན་ལ་མཁོ་བའི་ས་རྣམས་དེ་ནས་བླངས་སྟབས་དེར་གཞི་རྒྱ་ཆེ་ཙམ་གྱི་ས་དོང་ཞིག་ཆགས། ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་དེ༌གར་ཆུ་བསྐྱིལ་བའི་དབུས་སུ་ཕོ་བྲང་དེ་བཞེངས་ཤིང༌། མཚེའུ་དང་ཕོ་བྲང་གི་དབྱིབས་རྣམས་ཀླུའི་དཀྱིལ་འཁོར་ལ། དཔེ་བླངས་ནས་བཞེངས། ཐོག་ཚད་སོ་སོའི་གྱང་ངོས་སུ༌ལྡེབས་བྲིས་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་དང༌། པདྨ་འོད་འབར་གྱི་གཏམ་རྒྱུད་སོགས་རི་མོ་མང་པོ༌ཡོད་ལ་ཀླུ་མལ་གྲོ་གཟི་ཅན་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་འཇིམ་བརྙན་སོགས་ཡོད།
1 རྒྱས་འགྲེལ།

ཕོ་བྲང་པོ་ཏ་ལའི་རྒྱབ་ཏུ་རྫོང་རྒྱབ་ཀླུ༌ཁང་ཞེས་ལྗོན་ཤིང་དུ་མས་ཁེངས་པའི་སྐྱེ་ཚལ་གྱི་ནང་ཆུ༌རྫིང་གི་དབུས་སུ་ཐོག་བརྩེགས་གསུམ་ལྡན་གྱི་ཕོ་བྲང་ཡང༌སྟེང་དུ་རྒྱ་ཕིབས་ཟུར་དྲུག་ཏོག་ཅན་གྱིས་བརྒྱན་པ་ཞིག་ཡོད་པ་དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་རྩེ་ཕོ་བྲང་དཀར་པོ་བཞེངས་སྐབས་དང༌། དེ་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་བཞེངས་པ་སོགས་ཀྱི་སྐབས་སུ་འཛུགས་སྐྲུན་ལ་མཁོ་བའི་ས་རྣམས་དེ་ནས་བླངས་སྟབས་དེར་གཞི་རྒྱ་ཆེ་ཙམ་གྱི་ས་དོང་ཞིག་ཆགས། ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་དེ༌གར་ཆུ་བསྐྱིལ་བའི་དབུས་སུ་ཕོ་བྲང་དེ་བཞེངས་ཤིང༌། མཚེའུ་དང་ཕོ་བྲང་གི་དབྱིབས་རྣམས་ཀླུའི་དཀྱིལ་འཁོར་ལ། དཔེ་བླངས་ནས་བཞེངས། ཐོག་ཚད་སོ་སོའི་གྱང་ངོས་སུ༌ལྡེབས་བྲིས་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་དང༌། པདྨ་འོད་འབར་གྱི་གཏམ་རྒྱུད་སོགས་རི་མོ་མང་པོ༌ཡོད་ལ་ཀླུ་མལ་གྲོ་གཟི་ཅན་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་འཇིམ་བརྙན་སོགས་ཡོད། ཆུ་དཀྱིལ་ཕོ་བྲང་དེའི་ལྷོ་ནུབ་ངོས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་སྐབས་སུ་བསྐྲུན་པའི་གླང་ཁང་ཕུན་ཚོགས་ར་བ་ཞེས་གླང་པོ་ཆེ་འཇུག་ས་དང༌། དེའི་ནུབ་ངོས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པའི་སྐབས་བཞེངས་པའི་བྱང་ཆུབ་མཆོད་རྟེན་ཞིག་ཀྱང་ཡོད། ཀླུ་ཁང་གི་དཀོན་གཉེར་ནི་རྩེ་རྣམ་རྒྱལ་གྲྭ་ཚང་ནས་འཛུགས་སྲོལ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-15

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།