བྱེ་བྲག་སྨྲ་བའི་དབྱེ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་དབྱེ་བ་གསུམ་དུ་ཕྱེ་བའི་ཁ་ཆེ་བྱེ་བྲག་སྨྲ་བ་དང༌། ཉི་འོག་པ། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་གསུམ་ནི། དཔེར་ན་སྔར་ཁ་ཆེའི་ཡུལ་དུ་དར་བའི་བྱེ་བྲག་སྨྲ་བའི་གྲུབ་མཐའ་ལ་ཁ་ཆེ་བྱེ་བྲག་སྨྲ་བ་ཞེས་པ་ལྟར། དེ་གསུམ་ནི་ཡུལ་གྱི་སྒོ་ནས་ཐ་སྙད་དེ་ལྟར་བྱས་པར་གསུངས་སོ། །
1 རྒྱས་འགྲེལ།

འདིར་དབྱེ་བ་གསུམ་དུ་ཕྱེ་བའི་ཁ་ཆེ་བྱེ་བྲག་སྨྲ་བ་དང༌། ཉི་འོག་པ། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་གསུམ་ནི། དཔེར་ན་སྔར་ཁ་ཆེའི་ཡུལ་དུ་དར་བའི་བྱེ་བྲག་སྨྲ་བའི་གྲུབ་མཐའ་ལ་ཁ་ཆེ་བྱེ་བྲག་སྨྲ་བ་ཞེས་པ་ལྟར། དེ་གསུམ་ནི་ཡུལ་གྱི་སྒོ་ནས་ཐ་སྙད་དེ་ལྟར་བྱས་པར་གསུངས་སོ། །གཞན་ཡང་བྱེ་བྲག་སྨྲ་བ་ལ་སྡེ་པའི་སྒོ་ནས་དབྱེ་ན། རྩ་བའི་སྡེ་བཞི་དང་གྱེས་པ་བཅོ་བརྒྱད་སོགས་ཀྱི་དབྱེ་ཚུལ་ཡོད་དེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་ན་གྲོང་ཁྱེར་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བར་དགེ་འདུན་གྱི་གནས་བརྟན་པ་བཞི་སྐད་མི་མཐུན་པ་ལེགས་སྦྱར། ཟུར་ཆག ཡུལ་མི་རང་བཞིན། ཤ་ཟའི་སྐད་ཀྱིས་ལུང་འདོན་པས་སློབ་མ་རྣམས་ལྟ་བ་མི་མཐུན་པར་གྱུར་ཏེ། རྩ་བའི་སྡེ་བཞི་ལ་གྱེས་པ་ནི། ཐམས་ཅད་ཡོད་པར་སྨྲ་བ། ཕལ་ཆེན་པ། གནས་བརྟན་པ། མང་བཀུར་བ་བཞིའོ། །དང་པོ་ནི། སྒྲ་གཅན་འཛིན་གྱི་རྗེས་སུ་འབྲངས་ཤིང་གསུང་རབ་ལེགས་སྦྱར་སྐད་དུ་འདོན་པ། དུས་གསུམ་ཡོད་པར་སྨྲ་བས་ཐམས་ཅད་ཡོད་སྨྲ་བ་ཞེས་པ་དང༌། གཉིས་པ་ནི། གནས་བརྟན་འོད་སྲུངས་ཆེན་པོའི་རྗེས་སུ་འབྲངས་ཤིང༌། གསུང་རབ་རང་བཞིན་སྐད་དུ་འདོན་པ། གྱེས་པའི་ཚེ་དགེ་འདུན་ཕལ་ཆེ་བ་ཕྱོགས་འདིར་འདུས་པས་ཕལ་ཆེན་པ་ཞེས་པ་དང༌། གསུམ་པ་ནི། ཀ་དྱ་ན་རྗེས་སུ་འབྲངས་ཤིང༌། གསུང་རབ་ཤ་ཟའི་སྐད་ཀྱིས་འདོན་པ། གནས་བརྟན་འཕགས་པའི་རིགས་ཡིན་པར་སྨྲ་བས་གནས་བརྟན་པ་ཞེས་པ། བཞི་པ་ནི། ཉེ་བར་འཁོར་གྱི་རྗེས་སུ་འབྲངས་ཤིང༌། གསུང་རབ་ཟུར་ཆག་སྐད་ཀྱིས་འདོན་པ། སྐྱེ་བོ་མང་པོས་བཀུར་སྟི་བྱས་པའི་རིགས་ཡིན་པས་མང་བཀུར་བ་ཞེས་ཟེར་བ་ཡིན་ནོ། །དེ་དག་ཀྱང་ནང་གསེས་ཀྱིས་དབྱེ་བ་སོ༌སོར་གྱེས་པས་སྡེ་པ་བཅོ་བརྒྱད་དུ་གྱེས་སོ། །བཅོ་བརྒྱད་ནི།སློབ་དཔོན་འདུལ་བ་ལྷས། ཤར་དང་ནུབ་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །བཏགས་པར་སྨྲ་བའི་སྡེ་པ་དང༌། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུངས་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང༌། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོག་རི་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གྱུར། །ཞེས་དགེ་འདུན་ཕལ་ཆེན་པ་ལྔ། །ཐམས་ཅད་ཡོད་སྨྲ་བདུན། །གནས་བརྟན་པ་གསུམ། མང་བཀུར་བ་གསུམ་སྟེ་བཅོ་བརྒྱད་དུ་གསུངས་སོ། །འདི་དག་ལ་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་པ་རྣམས་གཞུང་གཞན་ལས་ཤེས་པར་བྱའོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-24

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།